གཟེར་འཇོམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟེར་འཇོམས།
ལྕེ་ཚ་སྡེ་ལྕེ་ཚ་ཚན་གྱི་ལོ་མང་སྐྱེས་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་ནག་ཆུང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་མང་བ་དང་། ལོ་མ་ལྗང་སེར་གསར་སྐྱེས་རྣམས་རུབ་སྐྱེས་ཀྱི་ངར་བ་རིང་ཞིང་བྱ་སྒྲོའི་དབྱིབས་སྐྲ་ཤད་ཀྱི་སོ་ལྟར་གས་ཤིང་གས་པའི་ལོ་ལྷེབ་སྐུད་པ་འདྲ་བའི་མདུན་ལྗང་ལ་རྒྱབ་སྐྱ་བ་དང་། སྡོང་བོ་རྐྱང་བ་ཕྲ་ལ་ལྡེམ་ཞིང་ལོ་མ་ལྗང་སྐྱ་སྤུ་ཅན་གཉིས་གསུམ་ཙམ་རིམ་བཞིན་སྐྱེ་བར་ངར་བ་མེད། མེ་ཏོག་ལི་དམར་རྐྱང་པ་གདུགས་འཁྱིལ་ཅན་བང་རིམ་དུ་སྡོང་པོའི་རྩེར་ཤར་བ་མེ་ཏོག་གི་འདབ་མ་ཕྲ་ལ་ཐུང་ཞིང་ཟེའུ་འབྲུ་སེར་པོ་ཕོ་རིང་ལ་མོ་ཐུང་བ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鸦跖花 打箭菊
ལ་ཏིང་གི་སྐད།
Oxygraphis glacialis (Fisch. ex DC.) Bunge
མིང་གཞན།
ཨ་བྱག་སེར་པོ། སྤང་གི་གུར་གུམ། ལུག་མིག་སེར་པོ། ཨ་བྱག་གཟེར་འཇོམས་སོགས་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོམ་བཏུམས་རྩི་ཤིང་སྐོར།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
ལྕེ་ཚ་སྡེ།
ཚན།
ལྕེ་ཚ་ཚན།
ཁོངས།
གཟེར་འཇོམས་ཁོངས།
ཁྱབ་ཡུལ།
བོད་ལྗོངས་དང་ཡུན་ནན་ནུབ་བྱང་ཁུལ། སི་ཁྲོན་ནུབ་ཁུལ། ཧྲའན་ཞི་ནུབ་ཁུལ། ཀན་སུའུ། མཚོ་སྔོན། ཞིན་ཅང་ལ་ཁྱབ་ཡོད། རྒྱ་གར་ལ་ཡང་ཁྱབ་ཡོད།
1 ངོ་སྤྲོད།   

བེེ་སྔོན་ལས།        ཕལ་སྐད་ཨ་བྱག་གཟེར་འཇོམས་སུ་གྲགས་པ་རྐང་ལྡེམ་ལ་མེ་ཏོག་སེར་པོ་གསེར་གདུགས་ཕུབ་པ་འདྲ་བ་ལོ་མ་ལྗང་ནག་སྤུན་པ་འམ་སུད་པ།      ཅེས་བསྟན་པ་ལྟར།       འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།      རྩ་བ་སེར་ནག་ཆུང་ཞིང་ཨ་ར་འདྲ་བའི་རྩ་ཕྲན་མང་བ་དང་།      ལོ་མ་ལྗང་སེར་གསར་སྐྱེས་རྣམས་རུབ་སྐྱེས་ཀྱི་ངར་བ་རིང་ཞིང་བྱ་སྒྲོའི་དབྱིབས་སྐྲ་ཤད་ཀྱི་སོ་ལྟར་གས་ཤིང་གས་པའི་ལོ་ལྷེབ་སྐུད་པ་འདྲ་བའི་མདུན་ལྗང་ལ་རྒྱབ་སྐྱ་བ་དང་།      སྡོང་བོ་རྐྱང་བ་ཕྲ་ལ་ལྡེམ་ཞིང་ལོ་མ་ལྗང་སྐྱ་སྤུ་ཅན་གཉིས་གསུམ་ཙམ་རིམ་བཞིན་སྐྱེ་བར་ངར་བ་མེད།       མེ་ཏོག་ལི་དམར་རྐྱང་པ་གདུགས་འཁྱིལ་ཅན་བང་རིམ་དུ་སྡོང་པོའི་རྩེར་ཤར་བ་མེ་ཏོག་གི་འདབ་མ་ཕྲ་ལ་ཐུང་ཞིང་ཟེའུ་འབྲུ་སེར་པོ་ཕོ་རིང་ལ་མོ་ཐུང་བ་ཡོད།

《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་གཟེར་འཇོམས་ཀྱི་ཁྱད་ཆོས་ལ། མེ་ཏོག་འདིའི་མཐོ་ཚད་ལ་ལི་སྨི1.5-4བར།       ལོ་མ་རྟིང་པ་ནས་སྐྱེས་པ།      ལོ་མ་བྱ་སྒོང་ལྟ་བུའམ་འཇོང་བ་ཀོ་རྒྱུ་འདྲ།        རིང་ཚད་ལ་ལི་སྨི0.5-2བར་དང་།      ཞེང་ལ་སྨི0.4-1.2བར་ཡོད།     སྣེ་མོ་རྟུལ་པོ་དང་མཐའ་མཉམ་པའམ་ཡང་ན་སོག་ལེའི་ཁ་ཅན་ཡིན།       ལོ་མའི་ངར་བའི་རིང་ཚད་ལ་ལི་སྨི0.5-2.7བར།       མེ་ཏོག་སྡོང་རྩེར་ཆིག་རྐྱང་དུ་སྐྱེ་བ་དང་།     ཚངས་ཐིག་ལ་ལི་སྨི1.7-2.7བར།       སྐོགས་ཤུན་ལྗང་ཁུ་བྱ་སྒོང་ལྟ་བུ་ལྔ་ཡོད་པའི་རིང་ཚད་ལ་ཧའོ་སྨི5-7བར་དང་།      ཞེང་ལ་ཧའོ་སྨི4.2-6བར།       མེ་ཏོག་འདབ་མ་སེར་པོ་རལ་གྲི་གོ་ལྡོག་ཅན་བཅུ་གཅིག་ནས་བཅོ་ལྔ་བར་ཡོད།      དེའི་རིང་ཚད་ལ་ཧའོ་སྨི6-9བར་དང་།       ཞེང་ལ་ཧའོ་སྨི1.5-3བར་ཡོད།      ངོས་ནས་གླིང་ཤུར་མང་པོ་ཡོད།      ཟེ་འབྲུ་ཕོ་མང་པོ་ཡོད།      འབྲས་བུ་སྒོག་པ་ཅན་གྲུ་གུ་དང་འདྲ་ཞིང་།      ཚངས་ཐིག་ལ་ཧའོ་སྨི9ཙམ་ཡོད།      འབྲས་བུ་སྐམ་པོ་ལེབ་མོ་གཟེ་མའི་དབྱིབས་ཐོང་ལྕགས་ལྟ་བུ་ཡིན་ཞིང་།      རིང་ཚད་ལ་ཧའོ་སྨི3ཙམ་ཡོད།     གླིང་ཟུར་བཞི་ཡོད།     ཟླ་དྲུག་པ་ནས་བརྒྱད་པའི་བར་མེ་ཏོག་བཞད་པ་དང་འབྲས་བུ་སྨིན་པ་ཡིན།

2 སྐྱེ་གནས།       

བོད་ལྗོངས་དང་ཡུན་ནན་ནུབ་བྱང་ཁུལ། སི་ཁྲོན་ནུབ་ཁུལ། ཧྲའན་ཞི་ནུབ་ཁུལ། ཀན་སུའུ། མཚོ་སྔོན། ཞིན་ཅང་ལ་ཁྱབ་ཡོད། རྒྱ་གར་ལ་ཡང་ཁྱབ་ཡོད།  མཚོ་ངོས་མཐོ་ཚད་རྒྱ་མཚོ་ལས་སྨི3600-5100བ་གྱི་རི་མཐོའི་སྤང་ལྗོངས་སམ་རི་མཐོའི་སྡོང་ཕྲན་ནགས་རྫོབ་ཁྲོད་སྐྱེས།

3 ཕན་ཡོན།      

རོ་སྟོད་གཟེར་བ་དང་རྩིབས་ལོག་གཟེར་བ།       མགོ་གཟེར་བ་སོགས་ཟུག་གཟེར་གྱི་ནད་རིགས་དང་།        རུས་པ་གས་ཆག་ཤོར་བ།       ཆུ་སེར་དང་རྨའི་གཉན་ཚད་སོགས་ལ་ཕན།

4 གསོ་རིག་ཐད་ཀྱི་གཙོ་བཅོས།     

ཕྱི་ཞུགས་རླུང་གི་ཆམ་ནད།       འབམ་གྲུམ་གྱི་ན་ཟུག      གཟའ་ཕོག་པ།      ཕྱི་བྱུགས་ཀྱིས་རྨ་དང་སོ་ན་བར་ཕན།        གཞན་བོད་ལུགས་སྨན་པས་རོ་སླ་ཞིང་ཁ་བ་དང་།      ནུས་པ་བསིལ།      དེས་མགོ་ན་བ།      མགོ་ཆག་གསོ་བ་དང་།     ཁཎྜར་གདུས་ནས་ཕྱི་བྱུགས་ཀྱང་ཆོག་ཅེས་གསུངས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-12

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།