བོང་ང་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོང་ང་ནག་པོ།
ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། ལོ་མ་སྔོ་ལྗང་སྣུམ་ལ་འཇམ་ཞིང་སྒོར་བར་འོད་མདངས་ཡོད་པ། སྡོང་པོ་སྔོན་པོ་ཅུང་སྦོམ་ལ་རིང་ཞིང་འདྲོང་བ་སྤྱིར་བཏང་ཆིག་སྐྱེས་ཡལ་ག་མེད་པར་སྐྱེ་བ་དང་ཡང་འགའ་རེ་སྡོང་པོ་ཁ་ཤས་དང་སྟོད་ཆ་ནས་ཡལ་ག་གྱེས་པའང་ཡོད། མེ་ཏོག་སྔོན་པོ་དང་། སེར་པོ། དཀར་ཤས་ཅན། སྔོ་དམར། སྔོ་ནག་བཅས་རང་རང་ཁ་དོག་ལ་དབྱིབས་པུ་ཤུད་ཀྱི་མགོ་བོའམ་བྱ་མགོ་འདྲ་བ་སྡོང་པོ་དང་ཡལ་གའི་རྩེར་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་ཞིང་སྐམ་ཚགས་འབྲས་བུ་ཟུར་ཡོད་པའི་ནང་འབྲུ་གུ་སེར་ནག་ཆུང་ལ་ཞིབ་པ་མང་ངོ་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
草乌
ལ་ཏིང་སྐད།
Aconitum kusnezoffii Reichb
མིང་གཞན།
བཙན་དུག་དང་། གསོ་བྱེད། སྨན་ཆེན། ཧ་ལ་ཧ་ལ། ལྷོག་དུག་ནག་པོ། འཛིན་པ། བདུད་རྩི་ལོ་མ། དཔའ་བོ་ཁ་ལ་མེ་ཁྱེར་སོགས་ཀྱང་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
ལྕེ་ཚ་སྡེ།
ཚན།
ལྕེ་ཚ་ཚན།
ཁོངས།
བོང་ང་ཁོངས།
རིགས།
བོང་ང་ནག་པོ།
ཁྱབ་ཡུལ།
བྱང་ཤར་དང་ཧྭ་པེ་ལ་ཁྱབ་ཡོད།
1 ​ངོ་སྤྲོད།     

འཁྲུངས་དཔེ་རུ།       ནག་པོ་དུག་ཡིན་སྨན་ཡང་ཡིན།     ཞེས་གསུངས་པ་བཞིན་འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།      རྩ་བ་ཕྱི་དུད་མདོག་ལ་ཆེ་ཆུང་མཐེ་བོང་འབྲིང་ཚད་ཙམ་ཡོད་པའམ་རེ་འགའ་དེ་ལས་ཆེ་བ་ཡང་ཡོད་ཅིང་།      ནང་དཀར་པོའམ་སེར་པོ་ནག་ཤས་ཅན་གྱི་སྟོད་ཆ་སྦོམ་པ་ནས་QQ截图20160427150345.png.pngརིམ་བཞིན་ཕྲ་རུ་སོང་བ་དང་རྙིང་པ་རིང་ཞིང་རྩ་ཕྲན་ཐར་ཐོར་ཡོད་ལ་གསར་རྙིང་མགོ་སྦྲེལ་ནས་ཡོད།      ལོ་མ་སྔོ་ལྗང་སྣུམ་ལ་འཇམ་ཞིང་སྒོར་བར་འོད་མདངས་ཡོད་པའི་རྒྱབ་ལྗང་སྐྱར་སྦར་དབྱིབས་ལྟ་བུའི་ཉག་ཆེན་ཡོད་ལ་ཉག་ག་རེ་རེའི་མཐར་ཉག་ཆུང་སོག་ལེའི་འདྲ་བ་ཡོད་ཅིང་ངར་བ་རིང་བ་ཁ་ཤས་གཞི་རྩ་ནས་མཉམ་དུ་སྐྱེ་བ།       སྡོང་པོ་སྔོན་པོ་ཅུང་སྦོམ་ལ་རིང་ཞིང་འདྲོང་བ་སྤྱིར་བཏང་ཆིག་སྐྱེས་ཡལ་ག་མེད་པར་སྐྱེ་བ་དང་ཡང་འགའ་རེ་སྡོང་པོ་ཁ་ཤས་དང་སྟོད་ཆ་ནས་ཡལ་ག་གྱེས་པའང་ཡོད།      མེ་ཏོག་སྔོན་པོ་དང་།      སེར་པོ།     དཀར་ཤས་ཅན།      སྔོ་དམར།       སྔོ་ནག་བཅས་རང་རང་ཁ་དོག་ལ་དབྱིབས་པུ་ཤུད་ཀྱི་མགོ་བོའམ་བྱ་མགོ་འདྲ་བ་སྡོང་པོ་དང་ཡལ་གའི་རྩེར་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་ཞིང་སྐམ་ཚགས་འབྲས་བུ་ཟུར་ཡོད་པའི་ནང་འབྲུ་གུ་སེར་ནག་ཆུང་ལ་ཞིབ་པ་མང་ངོ་།   །       《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་བོང་ང་ནག་པོའི་ཁྱད་ཆོས་ལ།     ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།      མཐོ་ཚད་ལ་ལི་སྨི60-150བར།      རྡོག་རྩ་འབིགས་དབྱིབས་གོ་ལྡོག་ཅན།       གཙོ་རྩ་ལ་བོང་ང་ནག་པོ་དང་།       རྩ་ཕྲན་ལ་བོང་ང་ཟེར།       ལོ་མ་ཡ་སྡེབ་ཏུ་སྐྱེ་ཞིང་ངར་བ་ལྡན།      ལོ་ལྷེབ་ཧ་ལམ་ཀོ་རྒྱུ་ཟླུམ་སྒོར་ཡང་ན་སྒོང་དབྱིབས་ཆ་གསུམ་དུ་གས་པ་དང་།       གས་འདབ་གཟེ་མའི་དབྱིབས།        རྔོག་དབྱིབས་ཆུན་པོ་ཞེང་དོག་ལ་རིང་།      མེ་ཏོག་འདབ་མ་ལྔ་མདོག་སྔོ་སྨུག་ཡིན།       འབྲས་བུ་ཏིལ་གང་མ་དང་ས་བོན་ལ་སྐྱི་རྒྱུའི་གཤོག་པ་ལྡན།

2 རིགས་དབྱེ།   

འཛམ་གླིང་སྟེང་མེ་ཏོག་འདི་ལ་རིགས350ལྷག་ཡོད་པ་དང་།      མང་ཆེ་བ་དང་ཡ་གླིང་ཏུ་ཡོད་ལ་གཞན་ཨའོ་གླིང་།     བྱང་མེ་གླིང་བཅས་སུའང་ཡོད།      རང་རྒྱལ་ན་རིགས167ལྷག་ཙམ་ཡོད་པ་དང་།        མང་ཆེ་བ་ཡུན་ནན་གྱི་ལྷོ་བྱང་ས་ཁུལ་དང་།         སི་ཁྲོན་གྱི་ནུབ་ཕྱོགས།       བོད་ལྗོངས་ཀྱི་ཤར་ཕྱོགས་ས་ཁུལ་དུ་ཡོད་པ་ཡིན།

3 སྐྱེ་གནས། 

བྱང་ཤར་དང་ཧྭ་པེ། མཚོ་ངོས་ལས་མཐོ་ཚད་སྨི3000-4000བར་གྱི་རྩྭ་ཐང་དང་ནགས་འདབས་སུ་སྐྱེས།

4 འཐུ་བསྡུ་ལས་སྣོན།

སྨན་དུ་རྩ་བ་དང་ལོ་མ་གཉིས་ཀ་དགོས་པས་རྩ་བ་ནི་བོད་ཟླ་བརྒྱད་པ་ནས་དགུ་པའི་ནང་ནུས་པ་གཏོང་འགྲོའི་དུས་དང་། ལོ་མ་བོད་ཟླ་བཞི་པའམ་ལྔ་པའི་ནང་ཁ་འབྲས་དུས་དང་། ཡང་སྦྱོར་བ་འགའ་རེར་བོད་ཟླ་བདུན་པ་སོགས་ལ་བཏུས་ནས་གཙང་མར་བཀྲུས་ནས་སྐམ་ནས་སྤྱོད་རྒྱུ།

5 རོ་ནུས།

རོ་མངར་ལ་ཅུང་ཁ་བ། ཞུ་རྗེས་མངར་བ། ངོ་བོ་དྲོ། དུག་ཤས་ཤུན་ཏུ་ཆེ།

6 ཕན་ཡོན།         

དྲེག་གྲུམ་ནད་ཀྱིས་རུས་ཚིགས་སྐྲངས་ནས་ཟུག་གཟེར་གཏོང་བ་དང་།     སྒལ་བ་རྐང་ལག་ན་བ།   ཆུ་སེར་གྱི་རིགས།      སྲིན་ནད་ཀྱི་རིགས།       སྙིང་རླུང་གི་ནད།     མཛེ་ནད་སོགས་ལ་ཕན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-12

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།