སྔོ་སྒ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔོ་སྒ
ལོ་མང་སྐྱེ་བའི་སྔོ་ལྡུམ་གྱི་རིགས་ཤིག་ཡིན། སྔོ་སྒ་ལ་རིགས་འགའ་ཡོད་པ་སྟེ་རྒྱུན་མཐོང་རིགས་ལ་སྔོ་སྒ་རིགས་དང་པོ་དང་སྔོ་སྒ་རིགས་གཉིས་པ། སྔོ་སྒ་ཟི་ར་ལོ་མ་དྲ་བ་ཅན། སྔོ་སྒ་ཉི་མ་འཁོར་འདྲ་བ་བཅས་ཡོད། རྩྭ་ཧྲིལ་བོ་དང་འབྲས་བུ་སྨན་དུ་འཇུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
垂头菊
ལ་ཏིང་གི་སྐད།
Cremanthodiumreniforme (DC.) Benth.
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
སོ་ལོ་སྡེ།
ཚན།
ལུག་མིག་ཚན།
ཚན།
ལུག་མིག་ཚན།
ཚན།
ལུག་མིག་ཚན།
ཁྱབ་ཡུལ།
བོད་ལྗོངས་ལྷོ་ཁུལ། ནེ་པ་ལ། འབྲས་ལྗོངས་ལ་ཁྱབ་ཡོད།
1 ངོ་སྤྲོད།

1. སྔོ་སྒ་རིགས་དང་པོ།         ལོ་མང་སྐྱེ་བའི་རྩྭ་ལྡུམ།       མཐོ་ཚད་ལ་ལི་སྨི10-20ཙམ།       རྩ་བ་མང་བ་ཤ་ཡི་རྒྱུ།         གཞུང་རྟ་དྲང་འགྲེང་རྟིང་ཆ་ན།     ལྷག་ལུས་ཚི་སྣ་ལྟ་བུའི་ལོ་མའི་རྟིང་བས་སྟུག་ཏུ་གཡོགས།       སྨད་ཆ་འཇམ་དང་སྟོད་ཆ་སྤུ་འཇམ་དཀར་པོས་གཡོགས།        རྟིང་སྐྱེ་ལོ་མ་མང་བ་སྒོང་གོ་ལྡོག་དབྱིབས་ལོ་རྩེ་རིམ་རྣོ་རྟིང་ཆ་ཕུར་བུའི་དབྱིབས།            ལོ་མཐར་མི་མཉམ་སོག་སོ་མཆིས་པ།        མགོ་དབྱིབས་མེ་ཏོག་བང་རིམ་ཁེར་སྐྱེའམ་རྔོག་དབྱིབས་མེ་ཏོག་བང་རིམ་དུ་གྲུབ་པ།          མུ་མཐའི་མེ་ཏོག་ལྕེ་ཡི་མོ་ལྔ་རུ་གས།         ཟེ་སྤུ་སྤོམ་རྒྱས་འབྲས་བུ་སྐམ་པོ་ཀ་རིལ་གྱི་དབྱིབས།        སྤང་ཁ་གཡའ་རྡོའི་ཐང་དུ་སྐྱེ།      

2. སྔོ་སྒ་རིགས་གཉིས་པ།        སྔོ་སྒ་ཆུང་བའང་ཟེར།        ལོ་མང་སྐྱེ་བའི་རྩྭ་ལྡུམ་སྔོ་སྒའི་མཐོ་ཚད་ལི་སྨི10-25བར།      རྩ་བ་མང་བ་ཤ་རྒྱུ་གཞུང་རྟ་ཁེར་སྐྱེ།       སྨད་ཆ་འཇམ།        སྟོད་ཆར་སྡོམ་ཐག་ལྟ་བུའི་སྤུ་དང་སྤུ་འཇམ་ནག་པོ་སྐྱེ།        རྟིང་སྐྱེ་ལོ་མ་གཉིས་གསུམ་ངར་བ་ལྡན།      ཀོ་རྒྱུ་ལ་ཉེ་ཟླུམ་དབྱིབས་སམ་ཞེང་ཆེ་འཇོང་ཟླུམ་གྱི་དབྱིབས་ལོ་རྩེ་ཟླུམ།         མགོ་དབྱིབས་མེ་ཏོག་བང་རིམ་ཆིག་རྐྱང་སྡོང་རྩེར་ཆགས་ལ་ཐུར་དུ་འཕྱང་བ།         སྤྱིའི་ཐུམ་འདབ་མདོག་ནག་ལ་སྡོམ་ཐག་ལྟ་བུའི་སྤུ་ཆུང་དཀར་པོ་ཐར་ཐོར་ཁྱབ།          ལོ་མཐའ་སྐྱི་རྒྱུ་མཐའ་འགྲམ་གྱི་མེ་ཏོག          ལྕེ་དབྱིབས་མདོག་སེར་རྩ་རིས་སྨུག་པོ་ལྡན།        དཀྱིལ་དབུས་མེ་ཏོག་སྦུགས་དབྱིབས་སེར་ནག་པ།       ཟེ་སྤུ་སྤུ་རྩུབ་འདྲ་བ་ཁ་དོག་དཀར།        འབྲས་བུ་སྐམ་པོ་འཇམ་པོ་རི་མཐོན་གྱི།        རི་ལྡེབས་བཞའ་ཚན་ལྡན་སར་སྐྱེ།       བོད་ལྗོངས་ཡུལ་གྲུར་ཐོན།     

3. སྔོ་སྒ་ཟི་ར་ལོ་མ་དྲ་བ་ཅན།       ལོ་མང་སྐྱེ་བའི་སྔོ་ལྡུམ།      མཐོ་ཚད་ལ་ལི་སྨི18-35ཙམ།        སྡོང་བུའི་རྩ་བར་ཚི་སྣ་འདྲ་བའི་ལོ་ངར་ཡོད།       སྟོད་ཆར་སྡོམ་ཐག་འདྲ་བའི་སྤུ་ཡིས་གཡོགས་པ།   རྟིང་སྐྱེས་ལོ་མ3-4བར།       སྒོང་དབྱིབས་ལ་ཉེ་བ།   ལོ་རྩེ་རྟུལ་པོ་ལོ་མཐའ་མཉམ།     མགོ་དབྱིབས་མེ་ཏོག་བང་རིམ་ཆིག་རྐྱང་སྡོང་རྩེར་ཆགས།    མེ་ཏོག་མཐའ་འདབ་ལྕེ་དབྱིབས་ཁ་དོག་སེར་བ་དང་།        མདོང་དབྱིབས་མེ་ཏོག་ཁ་དོག་ལྗང་སེར་རོ།།  འབྲས་བུ་སྐམ་པོ་གྲུ་བཞི་ནར་བའི་དབྱིབས།  ཟེ་སྤུ་མི་ལྡན་རི་མཐོན་སྤང་ཁ་དང་།    སྡོང་ཕྲན་མཐའ་འགྲམ་དུ་སྐྱེ་བ།      སི་ཁྲོན་ནུབ་རྒྱུད་ཡུན་ནན་ནུབ་བྱང་རྒྱུད་དུ་ཐོན།    

4. སྔོ་སྒ་ཉི་མ་འཁོར་འདྲ་བ།    ལོ་མང་སྐྱེ་བའི་རྩྭ་ལྡུམ།      མཐོ་ཚད་ལི་སྨི15-45བར།        ལོ་མ་མཐུག་པ་ཤོག་གུའི་རྒྱུ།      རྟིང་སྐྱེ་ལོ་མ་སྒོང་འདྲའི་འཇོང་ཟླུམ་དབྱིབས།       ལོ་མཐའ་ཡོངས་མཉམ་ངོས་གཉིས་ཀྱི།     ཁ་དོག་ལྗང་སྐྱ་མགོ་དབྱིབས་ཀྱི་མེ་ཏོག་བང་རིམ་ཆིག་རྐྱང་སྡོང་རྩེར་ཆགས།      ལྕེ་དབྱིབས་མེ་ཏོག་གི་ཁ་དོག་སེར་པོ་མདོང་དབྱིབས།        མེ་ཏོག་ཁ་དོག་སེར།       འབྲས་བུ་སྐམ་པོ་གྲུ་བཞི་ནར་མོ་ཅུང་ལེབ་པ།          ཟེ་སྤུའི་ཁ་དོག་དཀར་པོ།       རི་མཐོན་སྤང་ཁ་རྫོབ་སྐྱེ་ཡི།        སྡོང་ཕྲན་ནགས་ཚལ་མཐའ་འགྲམ་སྐྱེ།       ཡུན་ནན་ནུབ་བྱང་རྒྱུད་དུ་ཐོན་པ་ཡིན།

2 རིགས་དབྱེ།   

རྒྱུན་མཐོང་རིགས་ལ་སྔོ་སྒ་རིགས་དང་པོ་དང་སྔོ་སྒ་རིགས་གཉིས་པ།        སྔོ་སྒ་ཟི་ར་ལོ་མ་དྲ་བ་ཅན།         སྔོ་སྒ་ཉི་མ་འཁོར་འདྲ་བ་བཅས་ཡོད།

3 སྐྱེ་གནས།

བོད་ལྗོངས་ལྷོ་ཁུལ།  ནེ་པ་ལ།  འབྲས་ལྗོངས་ལ་ཁྱབ་ཡོད། རི་ལྡེབས་བཞའ་ཚན་ལྡན་སར་སྐྱེ། 

4 འཐུ་བསྡུ་ལས་སྣོན།

རྩྭ་ཡོངས་ཟླ་བ8-9བར་བཏུ། གཙང་མར་བཀྲུ་སྟེ་བསིལ་སྐམ་བྱེད།

5 རོ་ནུས།

ཚ་དྭངས་དྭག་སེལ་ན་ཟུག་གཅོག མཁྲིས་པའི་ནད་སེལ་བ།   

6 ཕན་ཡོན།

མཁྲིས་པའི་སྣོད་ཚད་མགོ་བོ་ན་བ་དང་།       དུག་ཕོག་རང་བཞིན་གྱི་ན་གཟེར།        ས་ནད་སྐྲངས་དུག་རྨ་སྦོས་ས་ལྷོག་འབྲས་འཇོམས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-05

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།