སྟོན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

༡ སྐུ་མགྲོན་སོགས་ལ་དམིགས་བསལ་གྱི་བཟའ་བཏུང་སྣ་མང་བཤམས་ནས་དགའ་དགའ་སྐྱིད་སྐྱིད་བྱེད་པའི་དོན། ༢ ཕོ་མོ་གཉེན་སྒྲིག་གི་དགའ་སྟོན།
1 ལོ་ཙཱ།

རྒྱ་ཡིག 筵宴,庆贺,宴会

དབྱིན་ཡིག  1.banquet, feast  2.a show, a performance(usu, with food)

2 རྒྱས་འགྲེལ།   

1.དག་ཡིག་གསར་བསྒྲིགས་ལས།  མགྲོན་པོ་ལ་བཟའ་བཏུང་གིས་སྣེ་ལེན་བྱེད་པའི་བྱ་བའི་མིང་སྟེ། ལོ་གསར་སྟོན་མོ། རྒྱལ་ཚུགས་དུས་ཆེན་གྱི་སྟོན་མོ་ཞེས་པ་ལྟ་བུ། མིང་བསྡུས་ན་སྟོན་ཞེས་འབྲི་ཆོག་སྟེ། དགའ་སྟོན། ལོ་སྟོན་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཐུགས་སྤྲོའམ་དགའ་སྟོན།  庆贺,宴会。

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  དགའ་སྤྲོའི་གསོལ་ཚིགས་དང་།  དེ་འབྲེལ་གྱི་ལྟད་མོ།  དུས་ཆེན་གྱི་སྟོན་མོ།  དགའ་སྟོན།  ཤི་སྟོན།  གསོལ་སྟོན་བཤམས་པ།  སྟོན་མོ་འདྲེན་པ།  མགྲོན་རིགས་ལ་སྟོན་མོ་གཏོང་བ།

4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག  ①སྐུ་མགྲོན་སོགས་ལ་དམིགས་བསལ་གྱི་བཟའ་བཏུང་སྣ་མང་བཤམས་ནས་དགའ་དགའ་སྐྱིད་སྐྱིད་བྱེད་པའི་དོན།    དཔེར་ན།  ལོ་གསར་གྱི་སྟོན་མོ་གྲ་རྒྱས་པ་ཞིག་བཏང་འདུག  སྐུ་མགྲོན་ལ་སྟོན་མོ་བཤམས་པ་ལྟ་བུ།  ②ཕོ་མོ་གཉེན་སྒྲིག་གི་དགའ་སྟོན་གྱི་དོན།   ཁྱིམ་ཚང་དེ་གཉིས་སྟོན་མོ་བྱས་ནས་ལོ་གཅིག་ཡིན།   གཉེན་སྒྲིག་གི་སྟོན་མོ་ལྟ་བུ།  

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  དགའ་སྤྲོའི་གསོལ་ཚིགས་དང་།  དེ་འབྲེལ་གྱི་ལྟད་མོ།  名词。 筵宴。节日的宴会游艺:དུས་ཆེན་གྱི་སྟོན་མོ།  节日宴会。དགའ་སྟོན།  喜筵。ཤི་སྟོན།  丧筵。 གསོལ་སྟོན་བཤམས་པ།  设宴。སྟོན་མོ་འདྲེན་པ།  宴请。 设宴款待。མགྲོན་རིགས་ལ་སྟོན་མོ་གཏོང་བ།  宴请客人。

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-27

གསར་སྤེལ་མཁན། :རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།