རེ་ལྕག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རེ་ལྕག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསོ་རིག )

རེ་ལྕག
ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཐལ་མདོག་ནང་སྐྱ་ལ་སོབ་པ་ཆིག་རྐྱང་གི་སྨད་ཆ་ནས་རྩ་ཕྲན་ཁ་ཤས་གྱེས་ཤིང་རྟིང་པ་རིང་ཙམ་ཡོད་པ་དང་། སྡོང་པོ་ཕྲ་ཞིང་ཡལ་ག་མེད་པ་མང་པོ་མཉམ་དུ་དྲང་པོར་སྐྱེ་ཞིང་། ལོ་མ་ལྗང་སྐྱ་མཐུག་ཅིང་འཇམ་པ་སྒོང་དབྱིབས་འདྲ་བའི་མཐའ་མཉམ་ཞིང་ངར་བ་ཐུང་ངུ་རེས་མོས་སུ་སྐྱེ་བ། མེ་ཏོག་དཀར་ལ་དམར་མདངས་ལྡན་པ་ཆུང་ལ་མང་པོ་གདུགས་འཁྱིལ་མེ་ཏོག་བང་རིམ་དུ་སྡོང་པོའི་རྩེར་འཆར་ཡོད། བོད་ཤོག་བཟོ་བའི་རྒྱུ་ཆ་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
狼毒花
མིང་གཞན།
གཏུམ་པོ་དང་། ཤོག་ཤིང་། བོང་དུག རྒྱལ་པོ་ལ་ཐོད་ཅན་སོགས་ཀྱང་ཟེར།
ཁྱབ་ཡུལ།
མདོ་དབུས་མཐོ་སྒང་། བྱང་ཤར་ས་ཁུལ། ཨུ་རུ་སུ་སི་སྦེ་རི་ཡ་ལ་ཁྱབ་ཡོད།
1 ངོ་སྤྲོད།

འཁྲུངས་དཔེ་རུ།        རེ་ལྕག་ལོ་མ་མཐུག་ལ་སྣུམ།  །      སྡོང་པོ་ཐང་ཤིང་གཤིབས་པ་འདྲ།   །      མེ་ཏོག་དམར་པོ་མདངས་དང་ལྡན།   །      ཞེས་བསྟན་པ་ལྟར་འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།      རྩ་བ་ཐལ་མདོག་ནང་སྐྱ་ལ་སོབ་པ་ཆིག་རྐྱང་གི་སྨད་ཆ་ནས་རྩ་ཕྲན་ཁ་ཤས་གྱེས་ཤིང་རྟིང་པ་རིང་ཙམ་ཡོད་པ་དང་།       སྡོང་པོ་ཕྲ་ཞིང་ཡལ་ག་མེད་པ་མང་པོ་མཉམ་དུ་དྲང་པོར་སྐྱེ་ཞིང་།       ལོ་མ་ལྗང་སྐྱ་མཐུག་ཅིང་འཇམ་པ་སྒོང་དབྱིབས་འདྲ་བའི་མཐའ་མཉམ་ཞིང་ངར་བ་ཐུང་ངུ་རེས་མོས་སུ་སྐྱེ་བ།       མེ་ཏོག་དཀར་ལ་དམར་མདངས་ལྡན་པ་ཆུང་ལ་མང་པོ་གདུགས་འཁྱིལ་མེ་ཏོག་བང་རིམ་དུ་སྡོང་པོའི་རྩེར་འཆར་ཡོད།     

《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་རེ་ལྕག་པའི་མེ་ཏོག་གི་ཁྱད་ཆོས་ལ།      ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།      མཐོ་ཚད་ལ་ལི་སྨི15-30བར་མཆིས།       རྩ་བ་སྦོམ་ཞིང་ཆེ།     ཀ་ཟླུམ་དབྱིབས་དང་ཤིང་རྒྱུ་ཡིན།       གཞུང་རྟ་མང་ལ་ཚོམ་བུར་སྐྱེ།      མདོག་རྒྱ་སྨུག་ཡིན།       ལོ་མ་རྐྱང་པ་ཡ་སྡེབ་ཏུ་སྐྱེས།       མཐའ་ཆུང་སྒོང་དབྱིབས་ནས་ལྕེའི་དབྱིབས་ཡིན།      མགོའི་དབྱིབས་མེ་ཏོག་ཆུན་པོ་སྡོང་རྩེར་ཆགས།       མེ་ཏོག་མ་བཞད་སྔོན་ལ་མུ་ཟི་རྐང་གཅིག་གི་མགོ་འདྲ།       མེ་ཏོག་ཤུན་སྐོགས་མེ་ཏོག་གི་སྐོགས་ཤུན་དབྱིབས་དང་།     ལྟེ་ངོས་དཀར་པོ་དང་།        རྒྱབ་ངོས་དམར་སྨུག་ཡིན།

2 སྐྱེ་གནས།     

མདོ་དབུས་མཐོ་སྒང་། བྱང་ཤར་ས་ཁུལ། ཨུ་རུ་སུ་སི་སྦེ་རི་ཡ་ལ་ཁྱབ་ཡོད།  རྩྭ་ཐང་དང་རི་མཐོན།        ཤིང་ཕྲན་གསེབ་ཏུ་སྐྱེས།

3 འཐུ་བསྡུ་ལས་སྣོན།

སྨན་ལ་རྩ་བ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་གཙང་མར་བཀྲུས་རྗེས་སྐམ་ནས་སྤྱོད་རྒྱུ།

4 རོ་ནུས།

རོ་ཁ་ལ་ཚ་བ་དང་། ཞུ་རྗེས་ཁ་བ།  ནུས་པ་ཡང་ཞིང་རྩུབ་ལ་གཡོ་བའོ།།

5 རྐྱང་བའི་ཕན་ཡོན།         

འབྲས་ནད་འདུལ་ཞིང་གཉན་ནད་སྦྱོང་བ་དང་།      སྐྲན་ནད་ཞི་བར་བྱེད་པ།      ཁྱད་པར་ཕྱིར་སྤྱོད་ན་པགས་པའི་ནད་རིགས་ལ་ཕན།

6 གསོ་རིག་ཐད་ཀྱི་གཙོ་བཅོས།     

རྨེན་བུའི་འདུས་འདྲིལ་གཅོང་ནད་དང་འབུ་སྲིན་འཇོམས་པར་བྱེད།       གཞན་བོད་ལུགས་སྨན་པས་ཁཎྜ་ཕབས་ཏེ་ཁོང་གི་སྐྲངས་སྐྲན་གསོ་འཇོམས་དང་།      ཕྱི་བྱུགས་ཀྱིས་གཉན་ཁ་རྒྱས་པའི་རྨ་རིགས་སེལ་བར་བཀོལ་སྤྱོད་བྱེད་པ་ཡིན།       སྨན་རྫས་འདི་ལ་དུག་དང་ལྡན་པས།     མང་དྲགས་ནས་དུག་ཕོག་ཚེ་གསུས་ཁོག་ན་བ།       བཤལ་བ་དང་མི་ཕྱུགས་སྦྲུམ་ཤོར་བ་བཅས་ཀྱི་ནད་རྟགས་མངོན།      དེ་བས་ན་གཙོ་བོ་ཕྱི་བྱུགས་སུ་སྤྱོད་པར་བྱེད་རྒྱུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-17

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།