མེ་ཏོག་ཏི་མུ་ས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་ཏོག་ཏི་མུ་ས།
ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་རྫ་མདོག་ཅུང་སྦོམ་ལ་རྩ་ཕྲན་ཡོད་པ་དང་། སྡོང་པོ་སྔོ་སྐྱ་ཕྲ་བར་སྤུ་དཀར་ཐུང་ལ་འཇམ་པ་ཡོད་ཅིང་སྡོང་པོའི་སྟོང་ཆ་ནས་ཡལ་ག་གྱེས་པའམ་ཡལ་ག་མེད་པའང་ཡོད། མེ་ཏོག་སྔོན་པོ་བྱའི་རྐང་པའམ་བྱ་འཕུར་བའི་དབྱིབས་འདྲ་བ་ཡལ་ག་དང་སྡོང་པོའི་རྩེར་འཆར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蓝翠雀花
ལ་ཏིང་གི་སྐད།
Delphinium caeruleum Jacq. ex Camb
མིང་གཞན།
ལོ་བཙན་ཐིང་པོ། བྱ་རྐང་བ། ཏི་མུས་ས། རྨ་ལོ་རྐང་གཅིག མེ་ཏོག་རྐང་ཆག སྔོན་པོ་དར་ཡ་ཀན། གསུམ་ལུས་པ་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
ལྕེ་ཚ་སྡེ།
ཚན།
ལྕེ་ཚ་ཚན།
ཁོངས།
མེ་ཏོག་ཏི་མུ་ས་ཁོངས།
རིགས།
ཏི་མུ་ས།
ཁྱབ་ཡུལ།
བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་ལ་ཁྱབ་ཡོད།
1 ངོ་སྤྲོད།

འཁྲུངས་དཔེ་རུ།  རྨ་ལོ་རྐང་གཅིག་ཅེས་བྱ་བ།      སྔོན་པོ་དར་ཡ་ཀན་ཞེས་བྱ། ཉིན་གྱི་སྟོད་སྨད་མ་ངེས་སྐྱེ། ལོ་མ་སྤོར་འདྲ་ཅུང་ཟད་སྔོ།QQ截图20160423114810.png.png      སྡོང་བོ་སྔོན་པོ་ཕྲ་ལ་རིང་། མེ་ཏོག་སྔོ་དམར་པུ་ཤུད་མགོ་དབྱིབས་དང་སྐྱེ་ས་རིགས་གསུམ་ཡོད།   ཅེས་བསྟན་པ་ལྟར་ཏི་མུ་ས་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་རྫ་མདོག་ཅུང་སྦོམ་ལ་རྩ་ཕྲན་ཡོད་པ་དང་།    སྡོང་པོ་སྔོ་སྐྱ་ཕྲ་བར་སྤུ་དཀར་ཐུང་ལ་འཇམ་པ་ཡོད་ཅིང་སྡོང་པོའི་སྟོང་ཆ་ནས་ཡལ་ག་གྱེས་པའམ་ཡལ་ག་མེད་པའང་ཡོད།   ལོ་མ་སྔོ་ལྗང་སྒོར་བ་མཁལ་མའི་དབྱིབས་འདྲ་བར་མཐར་ངེས་གཏན་མེད་པའི་ཉག་ག་ཡོད་ཅིང་རྒྱབ་མདུན་གཉིས་ཀར་སྤུ་དཀར་འཇམ་པོ་ཡོད་ལ་རྩ་རིས་ཉག་ག་ལྟར་གྱེས་ཤིང་གཞི་རྩ་ནས་སྐྱེས་པའི་ལོ་མ་ཆེ་ཞིང་ངར་བ་རིང་བ་དང་སྡོང་པོའི་ལོ་མ་ཅུང་ཆུང་ཞིང་ངར་བ་ཐུང་བ་རྟིང་པས་སྡོང་པོ་བཏུམས་ནས་རེ་མོས་སུ་སྐྱེ་བ་དང་།  མེ་ཏོག་སྔོན་པོ་བྱའི་རྐང་པའམ་བྱ་འཕུར་བའི་དབྱིབས་འདྲ་བ་ཡལ་ག་དང་སྡོང་པོའི་རྩེར་ཤར་ཡོད། ཟེའུ་འབྲུ་ཕོ་མོ་གཉིས་ཡོད་ཅིང་དེའི་མདོག་སྔོ་ནག་ཡིན་ཞིང་འབྲུ་གུ་སེར་ནག་ཞིབ་ཅིང་མང་པོ་ཡོད།

《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་མེ་ཏོག་ཏི་མུ་སའི་ཁྱད་ཆོས་ལ།  ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག  མཐོ་ཚད་ལ་ལི་སྨི3-7.5བར་མཆིས།       གཞུང་རྟ་སྨུག་པོར་ཡལ་ག་ཉུང་ཉུང་གྱེས་ཡོད།  རྟིང་སྐྱེས་ལོ་མར་ངར་པ་ལྡན། ལོ་འདབ་སུམ་ཚེབ་ཉིས་རིམ་གཏིང་ཉག་ཅན་ཡིན། མེ་ཏོག་གཉིས་ནས་ལྔ་བར་ཆུན་པོ་གཅིག་རེ་ཆགས་ནས་གདུགས་ལྟར་གྲུབ།   སྐོགས་ཤུན་ཟླུམ་འཇོང་ཅན་སྔོན་པོའམ་སྔོ་སྐྱ་ལྔ་ཡོད་ཅིང་རིང་ཚད་ལ་ལི་སྨི2-2.5བར་དང་།  ཞེང་ཚད་ལི་སྨི1.3ཙམ།   སྣེ་མོ་རྟུལ་བ་དང་མཐའ་མཉམ་པ།   ལྟག་གི་འདབ་རིང་བས་ཕྱི་སྡེར་དང་འདྲ།   ཕྱི་སྡེར་གྱི་རིང་ཚད་ལ་ལི་སྨི2-2.5ཙམ་བར་ཡོད་པས་སྐོགས་ཤུན་དང་མཉམ་པའམ་ཡང་ན་དེ་བས་ཀྱང་རིང་བ་ཡིན།   སྦྲང་ལོ་ལྕེའི་དབྱིབས་སྔོན་པོ་གཉིས་ཡོད།  རྟིང་ཞབས་ཕྱི་སྡེར་དུ་གྱུར་ནས་སྐོགས་ཤུན་གྱི་ནང་དུ་བརྐྱངས་ཡོད།     མདོག་ཁག་ནག་ཡོད།      ཟེའུ་མགོ་སྔོན་པོ་ཡིན། གང་བུ་གསུམ་ཡོད་ཅིང་རྩེ་བྱ་མཆུ་ལྟ་བུ་ཞིག་སྐྱེས་འདུག   ས་བོན་གྱི་གླིང་ཤུར་ཐོག་གཤོག་པ་དོག་པོ་སྐྱེས་ཡོད་དོ།།

2 སྐྱེ་གནས།   

བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་ལ་ཁྱབ་ཡོད། མཚོ་ངོས་ལསམཚོ་ཚད་སྨི3500-4800བར་གྱི་ཆུ་འགྲམ་དང་ཐེམ་པ།      རྫ་རིའི་གཡའ་གསེབ་སོགས་ན་སྐྱེ་ཡོད།

3 འཐུ་བསྡུ་ལས་སྣོན།

སྨན་དུ་རྩྭ་ཧྲིལ་བོ་བཀོལ་བ་ཡིན། དབྱར་ཁར་བཏུ་བསྡུ་གཙང་མར་བཀྲུ། ལོ་རྐང་སྙིགས་དོར་བསིལ་སྐམ་བྱ།

4 རོ་ནུས།

ནུས་པ་དྲོ་དང་དྲོད་སྙོམས་འཁྲི་བ་གཅོད།

5 ཕན་ཡོན།

ཕོ་རྒྱུའི་དྲོད་ཉམས་པ་གསོ་བ་དང་།     གྲང་གཟེར་གྲང་འཁྲུ་གཅོད་པར་བྱེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-05

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།