འཕང་མ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

འཕང་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྡ་འགྲེལ།)

འཕང་མ།
འཕང་མ་ནི་སྐྱེ་ཚད་དམའ་བ་དང་ཚེར་མ་ཡོད་པའི་སྡོང་ཐུང་གི་རིགས་ཤིག་ཡིན་པ་དང་། ལོ་མ་བཞི་ནས་དྲུག་གི་བར་སྤུངས་ནས་སྐྱེ་ཡོད། ཤ་རྒྱུ་ཡིན། སྒོང་དབྱིབས་ལྡོག་པའམ་ཁྱིམ་བུའི་དབྱིབས་ཡིན། མེ་ཏོག་ཆུང་བ་དང་མདོག་ནི་ལྗང་སེར་ཡིན་པ། སྡིག་རའི་མཇུག་ལྟར་སྟར་བའི་མེ་ཏོག་ཆུན་པོ་སྡོང་རྩེར་ཆགས་པ་དང་། ཚི་གུ་འབིགས་གཟུགས་སྒོ་ངའི་དབྱིབས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
小果白刺
ལ་ཏིང་གི་སྐད།
Nitraria sibirica Pall
ཁམས།
རྩི་ཤིང་ཁམས།
ཚན།
གཟེ་མའི་ཚན།
ཁོངས།
ཚེར་སྐྱ་ཁོངས།
རིགས།
འཕང་མ།
ཁྱབ་ཡུལ།
ཕྱི་སོག་དང་ཡ་གླིང་དབུས་ཁུལ། རང་རྒྱལ་གྱི་བྱེ་ཐང་ས་ཁུལ་སོ་སོ་རུ་ཡོད་པ་མ་ཟད། ཀྲུང་ཧྭ་བྱང་རྒྱུད་དང་བྱང་ཤར་མཚོ་རྒྱུད་ས་ཁུལ་ཏུའང་ཡོད།
1 ​ངོ་སྤྲོད།

འཕང་མ་ནི་སྐྱེ་ཚད་དམའ་བ་དང་ཚེར་མ་ཡོད་པའི་སྡོང་ཐུང་གི་རིགས་ཤིག་ཡིན་པ་དང་།   ལོ་མ་བཞི་ནས་དྲུག་གི་བར་སྤུངས་ནས་སྐྱེ་ཡོད།  ཤའི་རྒྱུ་ཡིན།  སྒོང་དབྱིབས་ལྡོག་པའམ་ཁྱིམ་བུའི་དབྱིབས་ཡིན། མེ་ཏོག་ཆུང་བ་དང་མདོག་ནི་ལྗང་སེར་ཡིན་པ།  སྡིག་རའི་མཇུག་ལྟར་སྟར་བའི་མེ་ཏོག་ཆུན་པོ་སྡོང་རྩེར་ཆགས་པ་དང་།  ཚི་གུ་འབིགས་གཟུགས་སྒོ་ངའི་དབྱིབས་ཡིན་པ།  ཡང་ན་འབྲས་བུ་སྨིན་དུས་དམར་སྨུག་ཡིན། ས་བོན་ཆིག་རྐྱང་འདུས་བའོ།།

འཁྲུངས་དཔེ་རུ།  འཕང་མ་ཞེས་བྱ་ལོ་མ་ཕྲ།  སྡོང་བོ་ཅུང་ཟད་ཆེ་བ་ལ། འབྲས་བུ་དམར་སྨུག་འོད་མདངས་ཅན།  ཞེས་བསྟན་པ་ལྟར་འཕང་མ་ནི་སྡོང་པོ་ཐུང་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།  སྡོང་པོ་ཕྲ་ལ་འདྲོང་ཞིང་མཉེན་པ་ཁ་ཤས་མཉམ་དུ་སྐྱེ་བའི་ནང་སྙིང་དཀར་བ་དང་ཕྱི་པགས་ཐལ་མདོག་ཡིན།  ཡལ་ག་མང་ཞིང་གསར་སྐྱེས་རྣམས་མདོག་ལྗང་སྨུག་ཡིན་ལ་སྤུ་མཉེན་པོ་ཐོར་ཡོད།   ལོ་མ་ལྗང་ཆུང་བ་སྙུང་ལེབ་དབྱིབས་འཇམ་ལ་རྒྱབ་ཅུང་ཟད་སྐྱ་བ།  མཐའ་མཉམ་ལ་རྩ་རིས་དྲ་བ་ལྟར་གྱེས་པའི་དབུས་འབུར་ཞིང་གསལ་བ་རེས་མོས་སུ་སྐྱེ་བའི་ངར་བ་ཐུང་ཞིང་།  མེ་ཏོག་དམར་སྐྱ་ཆུང་བ་འདབ་མ་ལྔ་དང་ལྡན་ལ་ངར་བ་རིང་བ་ལོ་མའི་མཚམས་ནས་ཤར་ཞིང་།  ཟེའུ་འབྲུ་ཕོ་ལྔ་དང་མོ་གཅིག་ཡོད་པ་དེ་རྣམས་རིང་ཞིང་བུ་སྣོད་དང་འབྲེལ་ཡོད།  འབྲས་བུ་དམར་ཞིང་སྨིན་དུས་སྨུག་པོར་གྱུར་ཏེ་ཆེ་ཆུང་སྲན་མ་ཙམ་ལ་དབྱིབས་ཅུང་ཙམ་འཇོང་བ་ཁུ་བ་ཡོད་པའི་འབྲས་བུ་ཡིན། 

2 སྐྱེ་གནས།  

བར་ས་དང་ས་རྒོད་དུ་སྐྱེ་ཡོད་པ་མ་ཟད།   རི་ལྡེབས་སོགས་སུ་ཡང་མང་པོ་སྐྱེ་ཡོད། རང་རྒྱལ་གྱི་བྱེ་ཐང་ས་ཁུལ་སོ་སོ་རུ་ཡོད་པ་མ་ཟད།  ཀྲུང་ཧྭ་བྱང་རྒྱུད་དང་བྱང་ཤར་མཚོ་རྒྱུད་ས་ཁུལ་ཏུའང་ཡོད་དོ།།

3 འཐུ་བསྡུ་ལས་སྣོན། 

སྟོན་ཁར་སླེབས་ནས་འབྲས་བུ་སྨིན་དུས་བཏོགས་ནས་སྐེམ་ཉར་བྱེད་དགོས། 

4 རོ་ནུས།  

རོ་ནི་མངར་བ་མ་ཟད་ཅུང་ཟད་ཚྭ་བ་ཡིན་པ་དང་།  ནུས་པ་དྲོ་བ་ཡིན།  ཁྲག་རྒྱུ་ཟླ་མཚན་སྙོམས་པ་དང་། ཟས་འཇུ་མཆེར་བ་གསོ་བར་བྱེད། 

5 ཕན་ཡོན།

མཚང་སྐེད་ན་བ་དང་ལུས་ཟུངས་ཞན་པ།  ཕོ་མཆེར་མི་བདེ་བ།  འཇུ་སྟོབས་ཞན་པ་བཅས་གསོ་བར་བྱེད་དོ།།

6 གཏོང་ཚད། 

ཁེ་གསུམ་ནས་བརྒྱད་ཀྱི་བར་ཡིན།

7 ནད་ཐོག་སྨན་སྦྱོར།  

འཕང་མའི་འབྲས་བུ་ཁེ་སུམ་ཅུ་དང་།  སྲད་དཀར་ཁེ་དྲུག་ཅུ།  ཏང་ཀུན་ཁེ་བཞི་ཅུ། ཤིང་ཅུ་གང་ཁེ་དྲུག་ཅུ།  བྱ་དེའི་ཕོ་བའི་ནང་པགས་སེར་པོ་ཁེ་ཉི་ཤུ།  ཟི་ར་སེར་པོ་ཁེ་ཉེར་ལྔ་བཅས་ཕྱེ་་མར་བཏགས་ཏེ་བསྟེན་ན་མཁལ་མཚེར་ཉམས་པ་དང་འཇུ་སྟོབས་ཞན་པ་བཅས་གསོ་བར་བྱེད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-21

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།