ཟི་ར་སེར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟི་ར་སེར་པོ།
འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་གྱི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་ཕྲ་ལ་རིང་བར་རྩ་ཕྲན་མེད་པ་དང་ཡོད་པའང་ཡོད། སྡོང་པོ་ཁོག་སྟོང་ཕྲ་ལ་རིང་ཞིང་ཁ་དོག་ལྗང་སེར་རམ་ལྗང་དཀར་ལྔ་དྲུག་ཙམ་མཉམ་དུ་སྐྱེ་བའམ་ཡང་ན་རྐྱང་པར་སྐྱེ་བ་ཡང་ཡོད་ཅིང་། སྡོང་པོའི་སྟོད་ཀྱི་ལོ་མའི་མཚམས་ནས་ཡལ་ག་གྱེས་ཤིང་། ལོ་མ་ལྗང་སེར་སྲབ་ལ་འཇམ་པའི་མཐའ་མཉམ་པ་སྨྱུག་ལོ་འདྲ་བ་ཕན་ཚུན་རེས་མོས་བྱས་ནས་སྐྱེས་པར་ངར་བ་མེད། མེ་ཏོག་སེར་པོ་འདབ་མ་ཆུང་བ་གདུགས་མང་ལྡན་པ་བང་རིམ་དུ་སྡོང་པོ་དང་ཡལ་གའི་རྩེར་འཆར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柴胡
ལ་ཏིང་གི་སྐད།
Bupleurum chinense
མིང་གཞན།
ཟི་རའང་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
གདུགས་དབྱིབས་སྡེ།
ཚན།
གདུགས་དབྱིབས་ཚན།
ཁོངས།
ཟི་ར་སེར་པོ་ཁོངས།
རིགས།
ཟི་ར་སེར་པོ།
ཁྱབ་ཡུལ།
བྱང་ཤར་དང་ཧྭ་པེ། ནུབ་བྱང་། སི་ཁྲོན། ཧུའུ་པེ་སོགས་ལ་ཁྱབ་ཡོད།
1 ངོ་སྤྲོད།

འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་གྱི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།     རྩ་བ་སེར་སྐྱ་ཕྲ་ལ་རིང་བར་རྩ་ཕྲན་མེད་པ་དང་ཡོད་པའང་ཡོད།   QQ截图20160423092848.png.png  སྡོང་པོ་ཁོག་སྟོང་ཕྲ་ལ་རིང་ཞིང་ཁ་དོག་ལྗང་སེར་རམ་ལྗང་དཀར་ལྔ་དྲུག་ཙམ་མཉམ་དུ་སྐྱེ་བའམ་ཡང་ན་རྐྱང་པར་སྐྱེ་བ་ཡང་ཡོད་ཅིང་།      སྡོང་པོའི་སྟོད་ཀྱི་ལོ་མའི་མཚམས་ནས་ཡལ་ག་གྱེས་ཤིང་།      ལོ་མ་ལྗང་སེར་སྲབ་ལ་འཇམ་པའི་མཐའ་མཉམ་པ་སྨྱུག་ལོ་འདྲ་བ་ཕན་ཚུན་རེས་མོས་བྱས་ནས་སྐྱེས་པར་ངར་བ་མེད།      མེ་ཏོག་སེར་པོ་འདབ་མ་ཆུང་བ་གདུགས་མང་ལྡན་པ་བང་རིམ་དུ་སྡོང་པོ་དང་ཡལ་གའི་རྩེར་འཆར་ཞིང་།     འབྲས་བུ་སེར་སྨུག་ཆུང་ལ་ལེབ་ཅིང་ནར་བ་མགོ་སྦྲེལ་འབྲས་བུ་ཡིན།       《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུཟི་ར་སེར་པོའི་ཁྱད་ཆོས་ལ།      ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།     རྩ་བ་འབིགས་ཟླུམ་དབྱིབས་ཅན།         གཞུང་རྟ་ཆིག་རྐྱང་ངམ་སྡོང་བུ2-3བར་ཚོམ་བུར་སྐྱེ།       སྟོད་ཆར་ཡལ་ག་གྱེས་པ།      ལོ་མ་རྐྱང་པ་རེས་མོས་སུ་སྐྱེས་པ།      ལོ་མ་ནར་གཟུགས་སམ་ཕྲ་བའི་ནར་དབྱིབས་ཡིན།      གདུགས་དབྱིབས་སྦྲགས་མའི་མེ་ཏོག་ཆུན་པོ་མང་བ།       ཐར་ཐོར་འབིགས་ཟླུམ་མེ་ཏོག་ཆུན་པོར་གྲུབ།      མེ་ཏོག་ཡུ་བ6-15བར།     མདོག་སེར་པོ།      དབྱིབས་ཆུང་བ།      ཟུང་ལྡན་འབྲས་བུ་ཟླུམ་རིང་དབྱིབས་ཅེས་བྲིས་ཡོད།   

2 སྐྱེ་གནས། 

བྱང་ཤར་དང་ཧྭ་པེ། ནུབ་བྱང་། སི་ཁྲོན། ཧུའུ་པེ་སོགས་ལ་ཁྱབ་ཡོད།   སྲིབ་ཀྱི་ནགས་ཁྲོད་དང་རྩྭ་ཐང་དུ་སྐྱེས།      ཞིང་ཆེན་ཡོངས་ན་ཁྱབ།

3 འཐུ་བསྡུ་ལས་སྣོན།

སྨན་དུ་རྩ་བ་བཀོལ་བ་ཡིན། སྟོན་དཔྱིད་སྔོག་འདོན་སྐམ་གསེད་གཏོང་།ལེབ་མར་གཏུངས་ཏེ་རྗེན་པའམ། ཚུའར་བརྔོས་མཛད་དེ་བཀོལ་རྒྱུའོ།།

4 རོ་ནུས།

རོ་ཁ་བ། ངོ་བོ་བསིལ་བ།

5 ཕན་ཡོན།    

ཆམ་པ་རིམས་ཚད་དང་།      ཚ་བས་མགོ་དང་ལུས་ཡོངས་ལ་ན་ཟུག་གཏོང་བ།   ཕོ་མཆིན་མི་བདེ་བ།      འཇུ་སྟོབས་ཞན་པ།      མཆིན་ཚད།     མཁྲིས་ཚད།      རྫི་ཤ་ལུག་པ།      མངལ་ལུག་པའི་ནད་བཅས་གསོ་བར་བྱེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-05

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།