ཁྲི་ཆེན་ཆོས་གྲགས་བཟང་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲི་ཆེན་ཆོས་གྲགས་ནི་དགའ་ལྡན་ཁྲི་ཐོག་ཉི་ཤུ་བ་ཡིན་ལ། དབུས་སྟོད་སྟག་ཕུ་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ཏུ་རབ་བྱུང་བརྒྱད་པའི་ཆུ་གླང་སྤྱི་ལོ1493ལོར་སྐུ་འཁྲུངས་ཤིང་། དགུང་ལོ་རེ་བདུན་པ་རབ་བྱུང་དགུ་བའི་ས་ལུག་སྤྱི་ལོ1559ལོར་བདེ་ཆེན་གསང་སྔགས་མཁར་དུ་སྐུ་གཤེགས་སོ། །
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1493—1559)
འཁྲུངས་ཡུལ།
དབུས་སྟོད་སྟག་ཕུ་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ།
1 ངོ་སྤྲོད།

ཁྲི་ཆེན་ཆོས་གྲགས་ནི་དགའ་ལྡན་ཁྲི་ཐོག་ཉི་ཤུ་བ་ཡིན་ལ།  དབུས་སྟོད་སྟག་ཕུ་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ཏུ་རབ་བྱུང་བརྒྱད་པའི་ཆུ་གླང་སྤྱི་ལོ1493ལོར་སྐུ་འཁྲུངས།  སྟག་ཕུ་ཆོས་སྡེར་རབ་བྱུང་མཛད། གཞུང་ཆེན་པོའི་སློབ་གཉེར་གྲྭ་ས་གང་དུ་མཛད་པའི་ལོ་རྒྱུས་མི་གསལ།  གཞུང་ཆེན་སློབ་གཉེར་གྲུབ་ནས་རྒྱུད་སྨད་དུ་ཞུགས་ཏེ།  རྒྱ་ར་ཆོས་སྐྱོང་རྒྱ་མཚོ་དང་ཆོས་རྗེ་རྒྱལ་མཚན་བཟང་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐོར་ཆ་ཚང་བ་གསན་ནས་མཁས་པ་ཆེན་པོར་གྱུར།  རྒྱུད་སྨད་ཀྱི་མཁན་པོའི་ཁྲིར་ཕེབས་ནས་འཆད་ཉན་གོང་འཕེལ་དུ་སྐྱོང་བཞིན་ཐོག  བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས།  དགུང་ལོ་དྲུག་ཅུ་བ་རབ་བྱུང་དགུ་བའི་ཆུ་བྱི་སྤྱི་ལོ1552ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བར་བསྐྱངས།  དེ་ནས་ཟུར་བཞུགས་མཛད་དེ་ལོ་གཅིག་སོང་བ་དགུང་ལོ་རེ་བདུན་པ་རབ་བྱུང་དགུ་བའི་ས་ལུག་སྤྱི་ལོ1559ལོར་བདེ་ཆེན་གསང་སྔགས་མཁར་དུ་སྐུ་གཤེགས།  སྐུ་གདུང་ཞུགས་འབུལ་ཞུས་པར་རྟེན་ངོ་མཚར་ཅན་མང་དུ་བྱོན་པ་རྣམས་དངུལ་གདུང་བཞེངས་པའི་ནང་དུ་བཞུགས།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-22

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།