ཁྲི་ཆེན་ངག་དབང་ཆོས་གྲགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲི་ཆེན་ངག་དབང་ཆོས་གྲགས་ནི་དགའ་ལྡན་ཁྲི་ཐོག་བཅུ་དགུ་བ་ཡིན་ལ། སྟོད་ལུང་མདའི་དངོས་གཞི་གྲོང་ཚོར་རབ་བྱུང་བརྒྱད་པའི་ལྕགས་བྱ་སྤྱི་ལོ1501ལོར་སྐུ་འཁྲུངས་ཤིང་། དགུང་ལོ་ང་གཅིག་པ་རབ་བྱུང་དགུ་བའི་ལྕགས་ཕག་སྤྱི་ལོ1551ལོར་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1501—1551)
འཁྲུངས་ཡུལ།
བོད་རང་སྐྱོང་ལྗོངས་སྟོད་ལུང་མདའ།
1 ངོ་སྤྲོད།

ཁྲི་ཆེན་ངག་དབང་ཆོས་གྲགས་ནི་དགའ་ལྡན་ཁྲི་ཐོག་བཅུ་དགུ་བ་ཡིན་ལ། སྟོད་ལུང་མདའི་དངོས་གཞི་གྲོང་ཚོར་རབ་བྱུང་བརྒྱད་པའི་ལྕགས་བྱ་སྤྱི་ལོ1501ལོར་སྐུ་འཁྲུངས།  ཁྲི་ཆེན་ཆོས་ཀྱི་བཤེས་གཉེན་གྱི་སྐུ་ཚ་ཤར་བ་དཀོན་མཆོག་དར་རྒྱས་ཀྱི་སྐུ་མཆེད་ཡིན་པས་རབ་ཏུ་བྱུང་ནས་འབྲས་སྤུངས་བློ་གསལ་གླིང་དུ་གཞུང་ཆེན་པོ་ལྔར་སློབ་གཉེར་མཛད་པས་མཁས་པར་གྱུར།  ཁུ་བོ་ཁྲི་ཆེན་དང་།  པཎ་ཆེན་བསོད་ནམས་གྲགས་པ།  རྒྱལ་བ་དགེ་འདུན་རྒྱ་མཚོ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན།  རྒྱུད་སྟོད་མཁན་ཁྲི་ལོ་བདུན་མཛད།  དེ་ནས་ཤར་རྩེ་གྲྭ་ཚང་གི་མཁན་པོ་དང་།  ཤར་བ་ཆོས་རྗེའི་ཁྲི་ཉིས་ལྕོགས་མཛད།  དགུང་ལོ་ཞེ་བརྒྱད་པ་རབ་བྱུང་དགུ་བའི་ས་སྤྲེལ་སྤྱི་ལོ1548ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཞིའི་བར་བསྐྱངས་མུས་སུ་དགུང་ལོ་ང་གཅིག་པ་རབ་བྱུང་དགུ་བའི་ལྕགས་ཕག་སྤྱི་ལོ1551ལོར་སྐུ་གཤེགས། སྐུ་གདུང་ཞུགས་སུ་ཕུལ་བས་གདུང་རུས་ལ་རྟེན་ངོ་མཚར་ཅན་འགའ་ཞིག་བྱོན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-22

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།