ཧ་ཧ་ཐུ་ཝོས།
ཧ་ཧ་ཐུ་ཝོས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོའི་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད།
གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་།
哈汗土亥
ལ་ཏིང་གི་མིང་།
ha ha thu wos
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོ།
གནས་ཡུལ།
ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད།
དཀར་ཆག
1
ངོ་སྤྲོད།
ཧ་ཧ་ཐུ་ཝོས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོའི་མངའ་ཁོངས་ཀྱི་སྡེ་བ་ཞིག་ཡིན་ལ། ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད། ཧ་ཧ་ཐུ་ཝོས་ཞེས་པ་ནི་སོག་སྐད་དེ། སྲིབ་ཕྱོགས་ཀྱི་གུག་ནག་ལྡང་ཞེས་པའི་དོན་ཡིན་པར་བཤད། སྡེ་བ་འདིའི་སྔར་གནས་སྲིབ་ཕྱོགས་ཀྱི་ལྟག་རྒྱབ་ཏུ་ངམ་ཁ་མཐོ་ཞིང་ས་མདོག་ནག་ཤས་ཆེ་བའི་རི་སུལ་གྲུ་ཁུག་གི་དབྱིབས་སུ་ཆགས་པ་གུག་དཀྱོགས་ཅན་ཞིག་ཡོད་པས། སྔར་སོག་པོས་ས་འདི་བཟུང་སྐབས། མིང་ལ་དེ་སྐད་དུ་བཏགས།སྡེ་བ་འདི་ནི་སྔོན་ཆད་གསེར་ཆེན་རྫོང་གི་འཁྱིལ་ཁུག་ཡུལ་ཚོའི་མངའ་འོག་གི་སྡེ་བ་ཞིག་ཡིན་ཞིང་། ཕྱིས་སུ་ཚལ་རྔ་འགག་ཆུ་མཛོད་བསྐྱིལ་ཏེ་ཐེ་གེ་ཡུལ་ཚོའི་ཁུངས་སུ་སྦྱར་ནས། ད་ལྟའི་གནས་འདིར་བཀོད་སྒྲིག་བྱས་རྗེས་ཀྱང་སྔར་མིང་སོར་བཞག་བྱས།
དཔྱད་གཞིའི་ཡིག་ཆ།
བརྡ་འགྲེལ་གདོང་འཛར།
སྡུད་པ།
འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།
རིགས་འགྲེ་བརྡ་འགྲེལ།