རྡོ་མཁར་ལུང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་མཁར་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད། ལུང་བ་ཁ་བྱང་ལྟ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多夸尔龙洼
ལ་ཏིང་གི་མིང་།
rdo mkhar lung ba
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ།
གནས་ཡུལ།
སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད།
1 ངོ་སྤྲོད།

རྡོ་མཁར་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད། ལུང་བ་ཁ་བྱང་ལྟ་ཞིག་ཡིན། ལུང་བ་འདིའི་བར་རྒྱུད་དུ་གཏོགས་པའི་སྟེང་ཕྱོགས་སུ་ས་བབ་ཧ་ཅང་བཙན་ས་ཞིག་ཏུ། ཉག་ཁིས་རྣམས་རྡོ་ཡི་རྩིག་གྱང་གིས་བཅད་པའི་མཁར་རྫོང་ཞིག་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས། ངག་རྒྱུན་ལ། སྔོན་དུས་གླིང་གེ་སར་རྒྱལ་པོས་ཧོར་སེར་ཆམ་ལ་ཕབ་རྗེས། མཁར་རྫོང་འདིར་སྡིག་གཅོད་ཤན་པ་རྨེ་རུ་རྩེ་ལ་སྡིག་བཤགས་སྒྲིབ་སྦྱོང་བྱེད་དུ་བཅུག་སྟབས། འདི་ལ་སྡིག་བཤགས་རྡོ་མཁར་དུ་གྲགས་སོ་ཞེས་བཤད་དོ། ། མཁར་འདི་ལ་ཤན་པའི་རྡོ་མཁར་ཡང་ཟེར།   


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།