མེ་ཏོག་གསེར་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་ཏོག་གསེར་ཆེན།
ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་འདྲར་རྩ་ཕྲན་ཡོད་པ་དང་མེད་པ་སྣ་ཚོགས་མཆིས་པ་དང་། ལོ་མ་སྔོ་ལྗང་སོབ་ཉམས་ཅན་ལབ་ལོའི་དབྱིབས་འདྲ་བར་སྤུ་དཀར་འཇམ་པོས་ཁྱབ་ཅིང་། ངར་བ་ཐུང་ངུ་མང་པོ་གཞི་རྩ་ནས་མཉམ་དུ་ཆུན་པོར་སྐྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金莲花
ལ་ཏིང་གི་སྐད།
Trollius chinensis
མིང་གཞན།
བྱང་ཆུབ་མེ་ཏོག་དང་། ལ་བརྒལ་ཙེ། མཁའ་འགྲོའི་གསང་སྨན་སོགས་ཀྱང་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
ལྕེ་ཚ་སྡེ།
ཚན།
ལྕེ་ཚ་ཚན།
ཁོངས།
མེ་ཏོག་གསེར་ཆེན་ཁོངས།
རིགས།
མེ་ཏོག་གསེར་ཆེན།
ཁྱབ་ཡུལ།
ཐོག་མའི་ཐོན་ས་ནི་མེ་གླིང་ལྷོ་མ་ཡིན། ད་ལྟ་རང་རྒྱལ་གྱི་ས་ཆ་མང་པོར་ཁྱབ་ཡོད།
1 ངོ་སྤྲོད།

འཇམ་དབྱངས་འཁྲུངས་དཔེ་རུ།      མེ་ཏོག་སེར་ཆེན་བྱ་བ་དེ།      ལོ་མ་སྤུ་ཆུང་ཉག་ག་ཅན།      སྡོང་པོ་ཕྲ་མོ་མེ་ཏོག་སེར།     དབྱིབས་ནི་རྒྱ་མེན་འདྲ་བ་ཡོད།      ཅེས་བསྟན་པ་ལྟར་འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།      རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་འདྲར་རྩ་ཕྲན་ཡོད་པ་དང་མེད་པ་སྣ་ཚོགས་མཆིས་པ་དང་།      ལོ་མ་སྔོ་ལྗང་སོབ་ཉམས་ཅན་ལབ་ལོའི་དབྱིབས་འདྲ་བར་སྤུ་དཀར་འཇམ་པོས་ཁྱབ་ཅིང་།      ངར་བ་ཐུང་ངུ་མང་པོ་གཞི་རྩ་ནས་མཉམ་དུ་ཆུན་པོར་སྐྱེ་ཡོད།      སྡོང་པོ་ཕྲ་ལ་དྲང་བ་གསུམ་བཞི་ཙམ་ལ་ཡང་སྤུ་དཀར་འཇམ་པོ་ཐུང་ངུ་ཡོད་པའི་རྩེར་མེ་ཏོག་སེར་པོ་འདབ་མ་ལྔ་ལྡན་ཟེའུ་འབྲུ་སེར་པོ་ཨུཏྤལ་སེར་པོའི་མེ་ཏོག་འདྲ་ལ་དེ་ལས་ཆུང་བ་ཡོད་ཅིང་།      འབྲས་བུ་ལྗང་ལ་སྨིན་ཚེ་སྨུག་པོར་གྱུར་པ་ལུ་གུའི་རླིག་པའམ་ཚེར་སྔོན་གྱི་འབྲས་བུ་འདྲ་བའི་ནང་འབྲུ་གུ་སེར་སྨུག་ཞིབ་ཅིང་མང་པོ་ཡོད།    

《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་མེ་ཏོག་གསེར་ཆེན་གྱི་ཁྱད་ཆོས་ལ།   ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།      མཐོ་ཚད་ལ་ལི་སྨི5-17བར།     ལོ་མ་གཞི་རྩ་ནས་སྐྱེས།      ཡོངས་སུ་གཞི་རྩ་བར་དུ་གས།      མེ་ཏོག་རྐྱང་བ་སྡོང་རྩེར་ཆགས།      མེ་ཏོག་ལ་འདབ་མ་ལྡན།      ཕྱི་ངོས་མདོག་སྨུག་ནག

2 སྐྱེ་གནས།     

ཐོག་མའི་ཐོན་ས་ནི་མེ་གླིང་ལྷོ་མ་ཡིན། ད་ལྟ་རང་རྒྱལ་གྱི་ས་ཆ་མང་པོར་ཁྱབ་ཡོད། མཚོ་ངོས་ལས་མཐོ་ཚད་སྨི3500—4700བར་གྱི་བཞའ་ཚན་ལྡན་པའི་རྩྭ་ཐང་དང་རི་ལྡེབས་ཡིན།      ཞིང་ཆེན་ཡོངས་སུ་ཁྱབ།

3 འཐུ་བསྡུ་ལས་སྣོན།

མེ་ཏོག་བཞད་དུས་བཏུས་ཏེ་བསིལ་སྐམ་བྱེད།

4 རྐྱང་བའི་ཕན་ཡོན།     

ཤེལ་ཕྲེང་ལས།      མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རུལ་གསོ།  །     ཞེས་དང་།     རང་བྱུང་བས།      སེར་ཆེན་རྣག་དང་སྟོད་ཚད་འཇོམས།  །     མགོ་ཆག་རྩ་རྒྱུས་གསོ་བའི་མཆོག   །      ཅེས་གསུངས་པ་ལྟར་རོ།  །

5 གསོ་རིག་ཐད་ཀྱི་གཙོ་བཅོས།   

དབུགས་ལམ་སྟོད་ཚད་དང་ཨོལ་མདུད་གཉན་ཚད།     གློ་ཚད་རྒྱས་དང་ལུ་བརྒྱལ་དང་།      གཅིན་ལམ་ཚ་རྒྱས་ཁ་ཤུ་དང་།      བར་རྣའི་གཉན་ཚད།     དྲེག་གྲུམ་རྨ་འབྲས་བཅས་པ་གསོ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-13

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།