སློབ་ཁྲིད་ཟིན་བྲིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་ཁྲིད་ཟིན་བྲིས།
སློབ་ཁྲིད་ཀྱི་རྩ་འཛིན་གཞིར་བཟུང་ནས་དགེ་རྒན་སོ་སོས་བྲིས་པའི་སློབ་ཁྲིད་ཟིན་བྲིས་ཞིག་སྟེ། སློབ་ཁྲིད་ཀྱི་ནང་དོན་དང་བརྒྱུད་རིམ། བྱེད་ཐབས་སོགས་ལ་བཀོད་སྒྲིག་ཞིབ་ཚགས་བྱས་པའི་སྤྱོ་སྒོ་ཅན་གྱི་དཔེ་ཆ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教案
ཕྱི་ཡིག་གི་མིང་།
Teaching Plan
མིང་གཞན།
ཁྲིད་ཡིག
1 ངོ་སྤྲོད།

སློབ་ཚན་རེ་རེ་དང་སློབ་ཐུན་རེ་རེའི་སློབ་ཁྲིད་ཀྱི་ནང་དོན་དང་གོ་རིམ། སློབ་ཁྲིད་བྱེད་ཐབས་སོགས་ལ་དམིགས་ཏེ་ཡང་དག་གིས་འཆར་འགོད་བྱས་པ་ཡིན་པས་གོ་རིམ་ཧ་ཅང་ཞིབ་ཚགས་ལྡན་པ། ད་དུང་ཚན་རིག་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ཡོད་པ། སྒྱུ་རྩལ་རང་བཞིན།   བཀོལ་སྤྱོད་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་དགོས།

2  རྩ་དོན།

སློབ་ཁྲིད་ཀྱི་རྩ་འཛིན་དང་བསླབ་དེབ་གཞིར་བཟུང་ཏེ། སློབ་མའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ཞིབ་ཚགས་སྒོས་འཆར་འགོད་བྱེད་པ།  ད་དུང་འབུར་ཐོན་སློབ་མ་བསྐྱེད་བསྲིང་དང་སྦྱངས་འབྲས་ཞན་པའི་སློབ་མར་མཛུབ་སྟོན་ཐུབ་པའི་ཁྱད་ཆོས་དགོས།

3  ནང་དོན།

སློབ་ཁྲིད་བྱ་གཞི་ནི་སློབ་ཚན་གྱི་ཁ་བྱང་ལ་གོ་དགོས། སློབ་ཁྲིད་ཀྱི་དམིགས་ཡུལ་ནི་སློབ་ཚན་ལས་ཡོངས་འགྲུབ་དགོས་པའི་ལས་འགན། རྣམ་པ་ནི་སློབ་ཁྲིད་གསར་པའམ་བསྐྱར་སྦྱོང་ལ་གོ་དགོས། སློབ་ཡུན་ནི་སློབ་ཚན་གཅིག་གི་ཁྲིད་ཡུན་དུས་ཚོད། གཙོ་གནད་ནི་སློབ་ཚན་ཁྲོད་ངེས་པར་ཐག་གཅོད་དགོས་པའི་གནད་དོན་གཙོ་བོ། དཀའ་གནད་ནི་སློབ་ཁྲིད་སྐབས་སུ་དཀའ་ཁག་ལ་འཕྲད་སླ་བ་དང་ཤེས་བྱ་བརྒྱུད་སྤྲོད་སྐབས་ཀྱི་འགལ་རྐྱེན། ཁྲིད་ཐབས་ནི་སློབ་མའི་དངོས་ཡོད་དང་བསྟུན་ནས་སློབ་མའི་རང་སྦྱོང་དང་བསམ་གཞིགས་ནུས་པ་བསྐྱེད་བསྲིང་བྱེད་ཐབས། བརྒྱུད་རིམ་ནི་སློབ་ཁྲིད་མགོ་མཇུག་བར་གསུམ་གྱི་གོ་སྒྲིག་གི་རིམ་པ། ལས་བྱ་བཀོད་སྒྲིག་ནི་སློབ་མའི་ཤེས་ཚད་རྒྱུས་ལོན་དང་བསྐྱར་སྦྱོང་གི་ནུས་པ། སྒོ་སམ་ཇུས་འགོད་ནི་སློབ་ཁྲིད་སྐབས་སུ་སྒོ་ཟམ་སྟེང་དུ་འབྲི་དགོས་པའི་ནང་དོན། ཁྲིད་ཆས་ནི་སློབ་ཁྲིད་ལ་གཞོགས་འདེགས་ཐུབ་པའི་ཡོ་བྱད་དག བསམ་གཞིགས་ནི་དགེ་རྒན་གྱིས་སློབ་ཁྲིད་རྗེས་ཀྱི་མྱོང་ཚོར་དང་གྲ་སྒྲིག་བར་གྱི་ཁྱད་པར།  བཅོས་སྒྱུར་བྱེད་དགོས་པའི་གནད་གསལ་བྱེད་ཀྱི་གྲུབ་ཆ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-09

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།