སྡེབ་སྦྱོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྡེབ་སྦྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྩོམ་རིག་བརྩམས་ཆོས།)

སྡེབ་སྦྱོར་ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཏེ་ཚིགས་བཅད་རྩོམ་ལུགས་སོགས་ཀྱི་ཡི་གེའི་སྦྱོར་བ་ཞིག་ལ་གོ། འདི་ལ་རྒྱ་གར་དབང་དུ་བྱས་པའི་སྡེབ་སྦྱོར་དང་། བོད་ཀྱི་དབང་དུ་བྱས་པའི་སྡེབ་སྦྱོར་གཉིས་ཡོད། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མཁས་ཞེས་གྲགས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
韵律学
ཁོངས་གཏོགས།
རིག་གནས་ཆུང་བ་ལྔའི་ཡ་གྱལ།
1 ​རྒྱ་གར་གྱི་སྡེབ་སྦྱོར།

རྒྱ་གར་གྱི་སྡེབ་སྦྱོར་ནི་ཡི་གེ་ལྕི་བ་དང་ཡང་བ་སྦྱར་བའི་སྒོ་ནས་ཚིགས་སུ་བཅད་པའི་རིགས་ཞིག་སྟེ། དེ་ལ་ལུང་ལས་འབྱུང་བའི་ཚིགས་སུ་བཅད་པ་དང་། བསྟན་བཅོས་ནས་བཤད་པའི་ཚིགས་སུ་བཅད་པ་གཉིས་ཡོད། དང་པོ་ནི་ཚིགས་བཅད་རྐང་བ་གཉིས་པ་ནས་དྲུག་པའི་བར་དུ་ཡོད་པར་གསུངས། གཉིས་པ་ནི་ཚིགས་བཅད་ཀྱི་སྡེབ་སྦྱོར་ལ་རྐང་བ་བཞི་རེ་ཆ་མཉམ་དུ་བསྒྲིགས་པ་ཞིག་སྟེ་དེ་ལ་ཡི་གེ་བགྲང་བ་པྲིཏ་དང་ཛཱ་ཏི་གཉིས་ཡོད་དོ།། པྲིཏ་ནི་ཡི་གེ་བགྲང་བ་ཞིག་ཡིན་དེ་ལ་མཉམ་པ་དང་། ཕྱེད་མཉམ་པ། མི་མཉམ་པ་བཅས་སོ།། ཛཱ་ཏི་ནི་ཡི་གེའི་ཕྱི་མོ་བགྲང་བ་སྟེ། དེ་ལ་འཕགས་མ་དང་། རོ་ལངས་ཅན། ཕྱི་མོ་མཉམ་པ་དང་གསུམ་ཡོད་དོ།།             

2 བོད་ཀྱི་སྡེབ་སྦྱོར།

བོད་སྐད་ཀྱི་དབང་དུ་བྱས་པའི་སྡེབ་སྦྱོར་ནི། ཚིགས་བཅད་ལ་རྐང་བ་དྲུག་པ་ནས་སུམ་ཅུ་སོ་ལྔའི་བར་དུ་ཡོད་ལ་ངལ་གསོ་དང་འདེགས་འཇོག་སོགས་ཉམས་པ་མེད་པར་བྱེད་པ་དང་། གཞུང་གི་དགོངས་དོན་དང་མཐུན་པར་ཕྲད་དང་རྣམ་དབྱེ་སོགས་ནོར་བ་མེད་པ་ཞིག་ལ་གོའོ།།                

3 བརྩམས་ཆོས།

སྡེབ་སྦྱོར་གྱི་རྣམ་བཞག་སྟོན་པའི་གཞུང་ནི། རྒྱ་གར་ཕྱི་རོལ་པའི་པཎྜི་ཏ་དམར་སེར་ཅན་གྱིས་བརྩམས་པའི《སྡེབ་སྦྱོར་གྱི་རྩ་བའི་མདོ》དང་། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི《སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས》དང་། བོད་དུ་ཞཱ་ལུ་ལོ་ཆེན་ཆོས་སྐྱོང་བཟང་བོས་མཛད་པའི《སྡེབ་སྦྱོར་གྱི་རྩ་བ་བསྡུས་པ》ལོ་ཙཱ་བ་བྱང་ཆུབ་རྩེ་མོས་མཛད་པའི《སྡེབ་སྦྱོར་རྩ་འགྲེལ་གྱི་གཞུང》དང་། སྟག་ལུང་ལོ་ཙཱ་བ་ནམ་མཁའ་བཟང་བོའི《སྡེབ་སྦྱོར་རྩ་འགྲེལ》བསྒྱུར་བཅོས་མཛད་པ། ལོ་ཆེན་ངྷརྨ་ཤྲིས་མཛད་པའི《སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་བ་དོན་གསལ་མེ་ལོང》སྨོན་འགྲོ་པཎྜི་ཏ་ཚེ་དབང་དོན་གྲུབ་ཡབ་སྲས་ཀྱིས་མཛད་པའི《སྡེབ་སྦྱོར་གྱི་འགྲེལ་བ》སོགས་སྡེབ་སྦྱོར་གྱི་གཞུང་མི་ཉུང་བ་ཞིག་ཡོད་དོ།།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།