བྱི་རུག་སེར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱི་རུག་སེར་པོ།
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང་། སྡོང་པོ་ལྗང་སེར་ཕྲ་ལ་འདྲོང་ཞིང་རིང་བ། རིང་བ་ཁྲུ་གང་ལྷག་ཙམ་དང་ཐུང་བ་མཐོ་གང་ཙམ་པ་རྐང་རེར་སྐྱེ་བར་ལོ་མའི་མཚམས་ནས་ཡལ་ག་རེ་རེ་གྱེས་ཡོད། མེ་ཏོག་སེར་པོ་ཆུང་བ་མཆུ་དབྱིབས་མེ་ཏོག་ཚགས་དམ་པ་སྙེ་དབྱིབས་མེ་ཏོག་བང་རིམ་གཡས་གཡོན་གྱི་ལོ་མའི་མཚམས་དང་སྡོང་བུའི་རྩེར་འཆར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
荆芥
ལ་ཏིང་གི་སྐད།
Nepeta cataria L.
མིང་གཞན།
བྲ་བ་རྒྱུ་ལུག བྱེ་རེག་པ། འབྲི་རྨིང་པ། རུ་སྤོས་སོགས་ཀྱང་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
སྦུག་དབྱིབས་མེ་ཏོག་སྡེ།
ཚན།
མཆུ་དབྱིབས་ཚན།
ཁོངས།
བྱི་རུག་ཁོངས།
རིགས།
བྱི་རུག་སེར་པོ།
ཁྱབ་ཡུལ།
ལྗར་པན་དང་མེ་གླིང་དང་ཧྥེ་གླིང་། ཀན་སུའུ། ཧྲའན་ཞི། ཧོ་ནན། ཧྲན་ཞི། ཧྲན་ཏུང་། ཧུའུ་པེ། ཀུའེ་ཀྲོའུ། ཡུན་ནན་ལ་ཁྱབ་ཡོད།
1 ངོ་སྤྲོད།         

འཇམ་དབྱངས་འཁྲུངས་དཔེ་རུ།       བྱི་རུག་པ་ཡི་མཚན་ཉིད་ནི།       ལོ་མ་མཐིང་ཤུན་རྔ་ཡབ་བཞིན།         འབྲས་བུ་གསེར་གྱི་མཆོད་རྟེན་འདྲ།       ཞེས་བསྟན་པ་བཞིན་བྱི་རུག་སེར་པོ་ནི་ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།        རྩ་བ་སེར་སྐྱ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང་།          སྡོང་པོ་ལྗང་སེར་ཕྲ་ལ་འདྲོང་ཞིང་རིང་བ། རིང་བ་ཁྲུ་གང་ལྷག་ཙམ་དང་ཐུང་བ་མཐོ་གང་ཙམ་པ་རྐང་རེར་སྐྱེ་བར་ལོ་མའི་མཚམས་ནས་ཡལ་ག་རེ་རེ་གྱེས་ཡོད།         ལོ་མ་ལྗང་སེར་མཐུག་པོ་མདུང་རྩེའི་དབྱིབས་ཅན་མཐར་ཉག་ཕྲན་དང་སྤུ་དཀར་འཇམ་པོ་ཡོད་པའི་ངར་བ་ཐུང་བ་ཁ་སྤྲོད་བྱས་ཏེ་སྐྱེ་བ་དང་།           མེ་ཏོག་སེར་པོ་ཆུང་བ་མཆུ་དབྱིབས་མེ་ཏོག་ཚགས་དམ་པ་སྙེ་དབྱིབས་མེ་ཏོག་བང་རིམ་གཡས་གཡོན་གྱི་ལོ་མའི་མཚམས་དང་སྡོང་བུའི་རྩེར་འཆར་ཞིང་།           ལོ་སྡོང་ཡོངས་སུ་དྲི་ཞིམ་མནམ་པའོ།  །      

《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་བྱི་རུག་སེར་པོའི་ཁྱད་ཆོས་ལ།        ལོ་གཅིག་སྐྱེ་བའི་སྔོ་ལྡུམ།       དྲི་ཞིམ་ངར་མོ་མནམ་པ།        གཞུང་རྟ་གླིང་བཞི་མདོག་ཅུང་སྨུག       སྟོད་དུ་ཡལ་ག་མང་བར་གྱེས།       སྒྲོ་དབྱིབས་ཉག་ཟབ་ཆ་མཉམ་སྐྱེ།        གཞུང་རྟའི་གཞི་རྩར་གས་ལྷེབ་ལྔ།         སྟོད་དུ་གས་ཁ་གསུམ་ནས་ལྔ།         སྐུད་དབྱིབས་སམ་རལ་གྲིའི་དབྱིབས་ཅན།        སྨད་ན་ཀོང་བའི་རྨེན་ཐིག་ཡོད།        འཁོར་གདུགས་མེ་ཏོག་ཆུན་པོ་དག        སྙེ་དབྱིབས་འབྲས་བུར་རྣམ་པར་འདུས།        ཁ་མདོག་དམར་སྐྱ་འཆར་བ་ཡིན་ཞེས་བྲིས་འདུག     

2 སྐྱེ་གནས།      

ལྗར་པན་དང་ཨ་མེ་རི་ཁ་གླིང་དང་ཧྥེ་གླིང་། ཀན་སུའུ། ཧྲའན་ཞི། ཧོ་ནན། ཧྲན་ཞི། ཧྲན་ཏུང་། ཧུའུ་པེ། ཀུའེ་ཀྲོའུ། ཡུན་ནན་ལ་ཁྱབ་ཡོད། མཚོ་ངོས་ལས་སྨི3200-5000བར་གྱི་རི་ལྡེབས་སྤང་།      ཆུ་འགྲམ་སོགས་སུ་སྐྱེ།         ཞིང་འབྲོག་ས་ཁུལ་གྱི་རྫོང་ཁག་སོ་སོར་སྐྱེ་བ།

3 འཐུ་བསྡུ་ལས་སྣོན།

སྨན་དུ་ས་སྟེང་གི་ཆ་འཇུག སྟོན་ཁར་སྙེ་མ་ལྗང་དུས་འཐུ། གྲིབ་སྐམ་རྗེན་ནས་བརྔོས་ཐལ་སྤྱོད།

4 རྐྱང་བའི་ཕན་ཡོན།      

སྲིན་ནད་ཀུན་ལ་འཇོམས་པ་དང་།          ཤ་ལ་བྱུགས་པས་འབུ་སྲུང་ཐུབ།        རྨ་ལ་བཏབ་ན་འབུ་སྲུང་མཆོག

5 གསོ་རིག་ཐད་ཀྱི་གཙོ་བཅོས།   

ཆམ་པ།        མིད་པ་ན་བ།       རྨ་ཡི་ཚ་བ་རྒྱས་པ།       སིབ་ཐོར་མ་སྨིན་པ།        སྐྱི་ངོས་ཀྱི་ཟ་འཕྲུག        རློན་འབྲུམ་བཅས་གསོ་བཅོས་བྱེད་ལ།      བརྔོས་ཐལ་གྱིས་ཁྲག་གཅིན་གཏོང་བ་དང་།        གྲང་དཀར་འཛག་པར་ཕན།      གཞན་བྱི་རུག་རྩ་བས་ཁྲག་སྐྱུག་པ།         སོ་ན་བ།       རྨེན་བུའི་ནད་ལ་ཧ་ཅང་ཕན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།