བྱི་བཟུང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བྱི་བཟུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསོ་རིག )

བྱི་བཟུང་།
ལོ་གཉིས་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན། རྩ་བ་རྫ་མདོག་ཅུང་སྦོམ་ལ་རྩ་ཕྲན་མང་བ་དང་། སྡོང་པོ་ལྗང་སྐྱ་རིལ་ཞིང་སྟོད་ཆར་གཞུང་དུ་ཤུར་རིས་ཡོད་ཅིང་སྡོང་པོ་དང་ལོ་མའི་ངར་བའི་མཚམས་ནས་ཡལ་ག་གྱེས་ནས་ཡོད། སྡོང་པོར་སྐྱེས་པའི་ལོ་མ་ཅུང་ཆུང་ལ་ངར་བ་ཐུང་། མེ་ཏོག་གི་དབྱིབས་སྤྱང་ཚེར་ནག་པོའི་མེ་ཏོག་འདྲ་བ་གདུགས་འཁྱིལ་མེ་ཏོག་བང་རིམ་སྡོང་པོ་དང་ཡལ་གའི་རྩེར་ཤར་བ་དང་། འབྲུ་གུ་ཐལ་སྐྱ་ནར་ལ་ལེབ་པ་རུ་རྟའི་ས་བོན་འདྲ་བ་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牛蒡子
ལ་ཏིང་གི་སྐད།
Fructus Arctii
མིང་གཞན།
བྱི་འཛིན་དང་། དམ་པ་ཡོག་མགོ བལ་བ་ཛའང་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
སོ་ལོ་སྡེ།
ཚན།
ལུག་མིག་ཚན།
ཁོངས།
བྱི་བཟུང་ཁོངས།
རིགས།
བྱི་བཟུང་།
ཁྱབ་ཡུལ།
བྱང་ཤར་དང་ནུབ་བྱང་། ནུབ་ལྷོ། ཧོ་པེ། ཧྲན་ཞི། ཧྲན་ཏུང་། ཅང་སུའུ། ཨན་ཧུའེ། ཀྲེ་ཅང་། ཀོང་ཞི་ལ་ཁྱབ་ཡོད།
1 ངོ་སྤྲོད།

འཁྲུངས་དཔེ་རུ།        བྱི་བཟུང་མུ་དང་ལྡུམ་རར་སྐྱེ།      སྡོང་པོ་རིང་ལ་ལོ་མ་ཆེ།        མེ་ཏོག་དམར་པོ་དོམ་དོམ་འདྲ།      ཚེར་མའི་ལྕགས་ཀྱུས་བཏུམས་པའི་ནང་།      འབྲས་བུ་དཀར་ཁམ་ནུབ་པ་ཡིན།      ཞེས་བསྟན་པ་ལྟར་འདི་ནི་ལོ་གཉིས་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན།      རྩ་བ་རྫ་མདོག་ཅུང་སྦོམ་ལ་རྩ་ཕྲན་མང་བ་དང་།   5.png.png    སྡོང་པོ་ལྗང་སྐྱ་རིལ་ཞིང་སྟོད་ཆར་གཞུང་དུ་ཤུར་རིས་ཡོད་ཅིང་སྡོང་པོ་དང་ལོ་མའི་ངར་བའི་མཚམས་ནས་ཡལ་ག་གྱེས་ནས་ཡོད།       ལོ་མ་སྔོ་ལྗང་སྙིང་དབྱིབས་ཅན་མཐུག་ཅིང་སྒོར་ལ་ཆེ་བའི་རྒྱབ་ཏུ་དངུལ་དཀར་མདོག་གི་བ་སྤུས་ཁྱབ་ཅིང་མཐར་ངེས་གཏན་མེད་པའི་རྦ་རླབས་ལྟར་གྱི་ཉག་ག་ཡོད་ལ་རྩ་རིས་དྲ་བ་ལྟར་གྱེས་ཤིང་གཞི་རྩ་ནས་སྐྱེས་པའི་ལོ་མ་ཆེ་ཞིང་ངར་བ་རིང་བ་དང་།      སྡོང་པོར་སྐྱེས་པའི་ལོ་མ་ཅུང་ཆུང་ལ་ངར་བ་ཐུང་བ་ཡོད།         མེ་ཏོག་ཟིང་སྨུག་འདབ་མ་ཕྲ་ལ་མང་ཞིང་འདབ་གདན་ཁབ་ལྟར་རྣོ་བའི་རྩེར་ལྕགས་ཀྱུ་ལྟ་བུས་མེ་ཏོག་བཏུམས་པ།       མེ་ཏོག་གི་དབྱིབས་སྤྱང་ཚེར་ནག་པོའི་མེ་ཏོག་འདྲ་བ་གདུགས་འཁྱིལ་མེ་ཏོག་བང་རིམ་སྡོང་པོ་དང་ཡལ་གའི་རྩེར་ཤར་བ་དང་།      འབྲུ་གུ་ཐལ་སྐྱ་ནར་ལ་ལེབ་པ་རུ་རྟའི་ས་བོན་འདྲ་བ་མང་པོ་ཡོད།      《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་བྱི་བཟུང་གི་ཁྱད་ཆོས་ལ།      འདི་ནི་ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།        གཞུང་རྟ་དྲང་བོར་འགྲེང་ཞིང་སྟོད་ཆར་ཡལ་ག་མང་དུ་གྱེས།      མདོག་སྨུག་པོ་ཡིན།      གཞི་རྩའི་ལོ་མ་ཆེ་ལ་སྤུངས་ནས་སྐྱེ།      ངར་བ་ལྡན་པ།     ལོ་ལྷེབ་རྒྱ་ཆེའི་སྒོང་གཟུགས་སམ་སྙིང་དབྱིབས་ཡིན།     གཞུང་རྟའི་ལོ་མ་རེ་མོས་སུ་སྐྱེ་ལ་ཞེང་ཆེའི་སྒོང་དབྱིབས་ཡིན།       ལོ་མའི་ཞབས་སུ་བ་སྤུ་ཐལ་སྐྱས་ཁྱབ།     མགོ་དབྱིབས་མེ་ཏོག་ཆུན་པོ་སྡོར་རྩེར་ཚོམ་བུར་སྐྱེ་བའམ་གདུགས་ཁང་ཉིད་དུ་གྲལ་བསྒྲིགས་པ།       མེ་ཏོག་མདོག་རྒྱ་སྨུག་འཆར་བ།   འབྲས་བུ་སྐམ་པོ་ཁམ་སྐྱའི་མདོག      ཟླུམ་རིང་ངམ་ཟླུམ་རིང་སྒོང་གཟུགས་ལྡོག་པའི་དབྱིབས།       མངོན་གསལ་དོད་པའི་གཞུང་རྒྱུག་རྩིབ་ཡོད་པ་ཞེས་བྲིས་ཡོད། འབྲས་བུ་སྨན་དུ་བཀོལ་བ་ཡིན།

2 སྐྱེ་གནས།          

བྱང་ཤར་དང་ནུབ་བྱང་། ནུབ་ལྷོ། ཧོ་པེ། ཧྲན་ཞི། ཧྲན་ཏུང་། ཅང་སུའུ། ཨན་ཧུའེ། ཀྲེ་ཅང་། ཀོང་ཞི་ལ་ཁྱབ་ཡོད། མཚོ་ངོས་ལས་སྨི2000-3600བར་གྱི་ལམ་འགྲམ་དང་གྱང་རུལ་སོགས་པའི་གནས་སུ་སྐྱེ།

3 འཐུ་བསྡུ་ལས་སྣོན།

སྨན་དུ་འབྲུ་གུ་དང་རྩ་བ་དགོས་པས་བོད་ཟླ་བརྒྱད་པར་བཏུས་ཏེ་རྩ་བ་གཙང་མར་བཀྲུས་རྗེས་བསིལ་སར་སྐམ་གྲུ་པ་དང་འབྲུ་གུ་བཏོན་ཏེ་སྐམ་ནས་སྤྱོད་རྒྱུ།

4 རོ་ནུས།

རོ་མི་ཁ་ཚ་ནུས་པ་བསིལ།  རྐྱང་བ་སྲིན་ནད་རིགས་ལ་ཕན།

5 ཕན་ཡོན།

ཕྱི་ཞུགས་ཀྱི་རླུང་ཚད་སེལ་དང་གྲེ་མགྲིན་སྐྲངས་གཟེར།      རྩ་ཆུ་འགག་དང་མིག་དམར་བ།      གློ་ཚ་རྒྱས་ཞིང་དབུགས་ཧལ་བ།       སིབ་ཐོར(འབྲུམ་ཐོར)མ་སྨིན་བཅས་གསོ་བར་བྱེད།       གཞན་དེའི་རྩ་བ་རོ་ཁ་ཚ་ཞུ་རྗེས་བསིལ།      རླུང་ཚད་སེལ་དང་སྐྲངས་དུག་འཇོམས།       རླུང་གིས་ཁ་ངོ་སྐྲངས་པ་དང་།      གྲེ་མགྲིན་སྐྲངས་གཟེར།      སོ་ན་བ།      རྨ་འབྲས་སྐྲངས་དུག      རློན་འབྲུམ་བཅས་གསོ།    དེའི་སྡོང་ལོ་ནི་རོ་མངར་ལ་དུག་མེད།      མགོ་གཟེར་གྱི་ནད་དང་ཡིད་སེམས་སྨུག་པ།     ཤུ་འབྲས།     ནུ་ཚབས།      སྐྱི་ངོས་ཟ་འཕྲུག་བཅས་གསོ་བཅོས་བྱེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-18

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།