སྒྱུ་རྩལ་དྲུག་ཅུ་རྩ་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྱུ་རྩལ་ནི་ལུས་ངག་གི་རྩལ་ནུས་ཕུན་སུམ་ཚོགས་པ་ཞིག་ཏུ་ཟེར་ལ། ཟློས་གར་དང་གླུ་དབྱངས། གླུ་གཞས། བྲོ་གར། གློག་བརྙན། སྙན་ངག་ཚིགས་བཅད་ལྷུག་སོགས་ཀྱི་སྤྱི་མིང་ལ་སྒྱུ་རྩལ་དུ་འབོད་པ་ཡིན། འཕགས་ཡུལ་དུ་གནའ་དཔེར་སྦྱང་བ་བྱས་པའི་ལུས་རྩལ་ལ་སྒྱུ་རྩལ་དང་། གྲངས་ཀྱི་ཆ་ནས་དྲུག་ཅུ་རྩ་བཞི་ཡོད་པར་འདོད་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
六十四技艺
1 བཟོ་ལ་གཏོགས་པའི་སྒྱུ་རྩལ་སུམ་བཅུ།

1.ཡི་གེ 2.ལག་རྩལ། 3.གྲངས། 4.རྩིས་ཆེན། 5.ཐོར་ཚུགས། 6.ཤོམ་སྟབས། 7.ལྕགས་ཀྱུས་བསྒྱུར་བ། 8.རལ་གྲིའི་ཐབས། 9.ཞགས་པས་གདབ་པ། 10.མདའ་བོ་ཆེ་འཕེན་པ། 11.མདུན་དུ་བསྣུར་བ། 12.ཕྱིར་བསྣུར་བ། 13.བཅད་པ། 14.དྲལ་བ། 15.དབུག་པ། 16.རྒྱང་ནས་འཕོག་པ། 17.གྲི་དྲག་པར་འཕོག་པ། 18.གནད་དུ་འཕོག་པ། 19.མི་འཆོར་བར་འཕོག་པ། 20.ཚབས་ཆེ་བར་འཕོག་པ། 21.མཆོངས་པ། 22.གྱད་ཀྱི་འཛིན་སྟངས། 23.བང་འགྲོས། 24.རྐྱལ་བ། 25.བརྒལ་བ། 26.གླང་བོ་ཆེའི་གཉར་བཞོན་པ། 27.རྟ་ཞོན་པ། 28.ཤིང་རྟའི་ཐབས། 29.མདའ་གཞུ། 30.གྱད་སྟོབས་དང་སུམ་ཅུའོ།།

2 རོལ་མོའི་བྱེ་བྲག་བཅོ་བརྒྱད།

1.རྔ་བོ་ཆེ། 2.རྫ་རྔ་དཀྱུས་མ། 3.རྔ་ཟླུམ། 4.ལག་རྔ། 5.འཁར་རྔ། 6.པི་ཝང་རྒྱུད། 7.རྫ་རྔ་ཁ་གཅིག་པ། 8.རྫ་རྔ་ཆེན་པོ། 9.ལྕགས་ཀྱི་སིལ་ཁྲོལ། 10.འཁར་བའི་སིལ་བཀྲོལ། 11.པི་ཝང་རྒྱུད་གསུམ་པ། 12.པི་ཝང་རྒྱུད་བདུན་པ། 13.རྔ་ལུ་ཀུནྡ། 14.སིལ་སྙན། 15.གླུ་དབྱངས། 16.ཕེག་རྡོབ། 17.རྔ་ཆུང་། 18.གླིང་བུ་དང་བཅོ་བརྒྱད་དོ།།

3 གླུ་དབྱངས་ཀྱི་ངེས་པ་བདུན།

1.བར་མ། 2.དྲང་སྲོང་། 3.ས་འཛིན། 4.དྲུག་སྐྱེས་སམ་དྲུག་ལྡན། 5.ལྔ་བ། 6.བློ་གསལ། 7.འཁོར་ཉན་བདུན་ནོ།།

4 གར་གྱི་ཆ་དགུ

1.སྒེག་པ། 2.དཔའ་བ། 3.མི་སྡུག་པ། 4.དྲག་ཤུལ། 5.བཞད་གད། 6.འཇིགས་རུང་། 7.སྙིང་རྗེ། 8.རྔམས་པའམ་ངོ་མཚར་བ། 9.ཞི་བ་དང་དགུའོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-07

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།