ཟི་ར་དཀར་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟི་ར་དཀར་བོ།
ཟི་ར་དཀར་བོ་རྒོད་པ་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་བོ་དང་ལོ་མ་སོགས་ཟི་ར་དཀར་པོ་ལྟར་གཞི་རྩའི་སྐྱེ་ལུགས་འདྲ་བ་ཡིན། སྡོང་བོ་དཀར་ལ་ཡལ་ག་མང་བོ་གྱེས་པ་ཞིག་ཡིན། འབྲས་བུ་སྨན་ཏུ་སྤྱད་ན། ཕོ་བ་ན་བ་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
茴香
ཕྱི་ཡིག་གི་མིང་།
Foeniculum vulgare
མིང་གཞན།
ཤྭེ་ཛི་ར། ཟི་ར་དཀར་པོ།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
སྔོ་སྨན་གྱི་སྡེ།
1 སྐྱེ་དབྱིབས།

འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་བོ་དང་ལོ་མ་སོགས་ཟི་ར་དཀར་པོ་ལྟར་གཞི་རྩའི་སྐྱེ་ལུགས་འདྲ་བ་ཡིན། སྡོང་བོ་དཀར་ལ་ཡལ་ག་མང་བོ་གྱེས་པ་དང་། ལོ་མ་ལྗང་སེར་སིབ་ཅིང་སྐྱེ་རིམ་གསུམ་གྱི་སྒྲོ་དབྱིབས་མང་ལོ་ཅན་ཡལ་ག་དང་སྡོང་བོའི་ལོགས་རེས་མོས་བྱས་ཏེ་སྡོང་བོའི་སྟོད་ཆ་བཏུམས་པ། མེ་ཏོག་སེར་ལ་གདུགས་དབྱིབས་ཅན་རིམ་བཞིན་སྡོང་བོའི་ཡལ་ག་དང་རྩེ་མོར་འཆར། འབྲས་བུ་ཆུང་ལ་སྒོང་དབྱིབས་རི་མོ་གསལ་ཞིང་རོ་མངར་ཙམ་ཚ་ལ་དྲི་ངན་ལྡན་པ་མང་བོ་ཡོད།

2 རིགས་དབྱེ། 

འདི་ནི་ཟི་རའི་རིགས་ཀྱི་ཡ་གྱལ་ཡིན།

3 སྐྱེ་གནས།

རྒྱ་གར་དང་བལ་ཡུལ།  རྒྱ་ནག་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1200ནས3500བར་གྱི་རི་ཀླུང་སྐམ་ཤས་ཆེ་བ་དང་ནགས་རོང་། ཤིང་མ་ལྡུམ་གྱི་གསེབ་སོགས་སུ་སྐྱེ་བ་དང་། འདེབས་ལས་བྱས་ཏེ་སྐྱེ་བའང་ཡོད།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བརྒྱད་པ་དང་དགུ་བ་གང་རུང་ནང་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་ཚ་ལ་མངར་བ།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་ལ་སྣུམ་པ།

6 རྐྱང་བའི་ཕན་ཡོན།

གློ་ཚད་ཀྱི་ནད་དང་ཁ་ཟས་མི་འཇུ་བ།  དང་ག་འགགས་པ་སོགས་ལ་ཕན།

7 སྨན་སྦྱོར།

ཟི་ར་དཀར་པོ་ཞོ 5   ཁ་རུ་ཚ་ཞོ 3  ཚ་ལ་བསྲེགས་ཐང་ཞོ 3 བཅས་རྩི་བཞིན་བཏགས་པའི་ཕྱེ་མ་བཏང་ན།  ཕོ་བ་ན་བ་སོགས་དང་།  མ་ཞུ་རླུང་ནད་ཀུན་ལ་ཕན།    


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།