ཤོ་མང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤོ་མང་།
ཤོ་མང་ནི་རི་ཀླུང་གང་སར་སྐྱེ་བ་མ་ཟད། ལྷག་པར་བཞའ་ཚན་ཆེ་བའི་གདགས་སྲིབ་ངེས་མེད་དང་ཆུ་འགྲམ། ཞིང་མུ། གྲོང་གི་ཉེ་འགྲམ། ལམ་གྱི་ཟུར་སོགས་སུ་སྐྱེ་བ་མང་། སྤྱི་ཟླ་བདུན་པ་ནས་དགུ་བའི་བར་རྩྭ་ལོ་མེ་འབྲས་ཡོངས་རྫོགས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་གྲིབ་ཏུ་སྐམ་སྟེ་སྨན་ལ་སྤྱོད་ན་གློ་ཚད་དང་མཆིན་ཚད། བཤང་བ་འགག་པ། ཆམ་པ་རིམས་ཚད་ཀྱི་ནད། ཕྱི་ལ་སྤྱད་ན་རྨ་དང་། ཤུ་ཐོར། གཉན་སྐྲངས ། པགས་ནད་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土大黄
ཕྱི་ཡིག་གི་མིང་།
Rumex madaio MakinoR. daiwoo Makino
མིང་གཞན།
ཤོ་ལོ་ཤེལ་མ། ཤ་སྣ། མཆུ་བ་འོམ་བུ་ཡང་ཟེར།
སྨན་དུ་སྦྱར་བྱ།
ཆ་ཚང་།
སྡེ་ཁོངས།
ལྡུམ་བུ་ཐང་སྨན་གྱི་སྡེ།
1 ​སྐྱེ་དབྱིབས།

《འཁྲུངས་དཔེ》ལས། ཤོ་མང་ན་དང་ས་འདམ་སྐྱེས། །སྡོང་བོ་དམར་གལ་ཆེ་བ་ཡིན། །ལོ་མ་སྔོ་ལྗང་ལེབ་ལ་སྣུམ། །མེ་ཏོག་དམར་བོ་རྩུབ་ཅིང་སྤུངས། །འབྲས་བུ་གཟེ་མ་ར་མགོ་འདྲ། ། ཞེས་གསུངས།

2 རིགས་དབྱེ།

《ཤེལ་ཕྲེང》ལས།  ཤོ་མང་འདི་ལ་རི་ཤོ་གཉིས་དང་། འདིར་ཀླུང་ཤོ  གཞན་ཆུ་ཤོ  ཀླུང་ཤོ་གཉིས་སོ། ། ཞེས་དང་།  《རྒྱུད་བཞིའི་འགྲེལ་ཆེན》ལས། ཤོ་མང་ལ་སྐྱེ་གནས་སོགས་ཀྱི་དབང་གིས་རིགས་མང་བོ་ཡོད་གསུངས།

3 སྐྱེ་གནས།

བོད་དང་བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས། རྒྱ་གར་སོགས་ཀྱི་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2100ནས4300བར་གྱི་ལུང་གཤོང་དང་རི་ཀླུང་གང་སར་སྐྱེ་བ་མ་ཟད། ལྷག་པར་བཞའ་ཚན་ཆེ་བའི་གདགས་སྲིབ་ངེས་མེད་དང་ཆུ་འགྲམ།  ཞིང་མུ།  གྲོང་གི་ཉེ་འགྲམ།  ལམ་གྱི་ཟུར་སོགས་སུ་སྐྱེ་བ་མང་།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བདུན་པ་ནས་དགུ་བའི་བར་རྩྭ་ལོ་མེ་འབྲས་ཡོངས་རྫོགས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་གྲིབ་ཏུ་སྐམ་སྟེ་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་མངར་ལ་ཁ་བ་དང་ཞུ་རྗེས་མངར་བ།  ངོ་བོ་བསིལ་བ།   《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་མངར་ལ་ཁ་བ་དང་།  ཞུ་རྗེས་མངར་བ།  ནུས་པ་འཇམ་ལ་བསིལ་ཞིང་མཉེན་པའོ། །

6 རྐྱང་བའི་ཕན་ཡོན།

གློ་ཚད་དང་མཆིན་ཚད།  བཤང་བ་འགག་པ།  ཆམ་པ་རིམས་ཚད་ཀྱི་ནད།  ཕྱི་ལ་སྤྱད་ན་རྨ་དང་།  ཤུ་ཐོར།  གཉན་སྐྲངས ། པགས་ནད་སོགས་ལ་ཕན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།