ཝེ་ན་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝེ་ན་སི།
ཝེ་ན་སི་ལ་ཨ་ཧྥོ་ལོ་ཏེ་ཐི་ཡང་ཟེར། ཀེ་རེ་སིའི་ལྷ་སྒྲུང་ནང་གི་མཛེས་པའི་འདོད་པའི་ལྷ་མོ་ཡིན། ཨའོ་ལིན་ཕི་སིའི་གཙོ་ལྷ་བཅུ་གཉིས་གྲས་ཡིན། རོ་མའི་ལྷ་སྒྲུང་ལས་ཝེ་ན་སི་ཞེས་ཟེར། ཝེ་ན་སི་ནི་འདོད་པའི་ལྷ་རྐྱང་རྐྱང་མ་ཡིན་པར། མི་ཡུལ་གྱི་བརྩེ་དུང་བདག་འཛིན་བྱེད་མཁན་གྱི་ལྷ་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
维纳斯
ཕྱི་ཡིག་གི་མིང་།
Aphrodite
མིང་གཞན།
ཨ་ཧྥོ་ལོ་ཏེ་ཐི།
མཚོན་དོན།
བརྩེ་དུང་།
ཁུངས།
ཀེ་རེ་སིའི་ལྷ་སྒྲུང་།
1 ངོ་སྤྲོད།

ཝེ་ན་སི་ནི་ཀེ་རེ་སིའི་ལྷ་སྒྲུང་ནང་གི་འདོད་པའི་ལྷ་མོ་ཡིན་པ་དང་ཨ་ཧྥོ་ལོ་ཏེ་ཐི་ཡང་ཟེར།  ལྷ་མོ་དེ་ནི་ནུབ་ཕྱོགས་ཀྱི་རི་མོའི་བྲི་གཞི་ཁྱབ་ཆེ་བ་ཞིག་ཡིན། འཛམ་གླིང་གི་ཝེ་ན་སིའི་འབག་མང་པོ་ལས་སྤྱི་ལོ1820ལོར་ཨའེ་ཆིན་རྒྱ་མཚོའི་སྨི་ལོ་སི་གླིང་ཕྲན་སྟེང་གི་བྲག་ཕུག་ནང་དུ་ཐོན་པའི་འབག་ནི་སྐད་གྲགས་ཆེ་ཤོས་ཡིན།03.png.png

འབག་དེ་ནི་རྡོ་ཀ་མ་རུ་ལས་བཞེངས་ཡོད་པ་དང་མཐོ་ལ་སྨི2.04ཡོད། མཚན་བྱང་ལས་གསལ་བ་ལྟར་ན་དེའི་བཞེངས་པ་པོ་ནི་འབག་བཟོ་མཁས་པ་ཨ་ལེ་ཁུ་སན་ཏེ་ལའོ་སི་ཡིན་པ་དང་།  སྤྱི་ལོའི་སྔོན་གྱི་དུས་རབས2པའི་དུས་མཇུག་ལ་བཞེངས་པ་ཡིན།  རྙེད་དུས་སུ་ཕྱག་ཟུང་ཆད་ཟིན་ཡོད་པ་དེས་གཞན་དང་མི་འདྲ་བའི་མཛེས་ཆ་ཞིག་མངོན་པར་བྱས་ཡོད་པ་རེད།  འདྲ་འབག་དེ་གོང་ནས་འོག་ཏུ་རིམ་པ་གསུམ་དུ་འཁྱོག་ཡོད་པ་ཕྱི་ཡིག་གིS.དབྱིབས་སུ་སྣང་བ་ནི་ཞི་ལའི་བུད་མེད་ཀྱི་ལུས་སྟབས་དཔེ་ཚབ་ཅན་ཡིན་ལ་མཆོར་སྒེག་དང་གཟི་བྱིན་གྱིས་ཕྱུག་ཡོད། དེ་ཡང་མགོ་ལ་འཁྲོལ་ལེར་འཁྱིལ་བའི་དབུ་སྐྲ་མཛེས་པ་དང་། སྲབ་མཐུག་རན་པའི་མཆུ་སྒྲོས་དང་ཞི་བག་ལྡན་པའི་རྣམ་འགྱུར་གྱིས་མི་ལ་དྭངས་ཤིང་གཙང་བ་དང་།  ཞི་འཇགས་ལྡན་པ། བློ་གྲོས་ཆེ་བ་བཅས་ཀྱི་སྣང་བ་སྟེར་བར་བྱེད། འབག་གི་ཐབས་རྩལ་རབ་ཏུ་རྫོགས་ལ་ཞིབ་ཚགས་ཆེ་བ་སྟེ། འབུར་ཀོང་བློ་ལ་ཁུག་པ་དང་།  ལྷག་པར་དུ་གོས་ཀྱི་ཐིག་རིས་འགོད་སྟངས་ཀྱིས་མིའི་ལུས་ཕུང་གི་གྲུབ་ལུགས་དང་སྟངས་སྟབས་གནད་དུ་ཟིན་ཡོད་པས་མི་ཚད་ལྷུག་པོར་རྒྱུག་པའི་འགྱུར་བག་གི་མཛེས་པ་ཞིག་མངོན་ཡོད་པས།  འབག་ནས་མངོན་མཐོ་བྱིན་ཆགས་ཀྱི་ཁྲོད་ནས་སྒེག་པའི་མཛེས་ཆ་ཞིག་མངོན་པ་རེད།  འབག་དེའི་མཛེས་ཆོས་ཀྱིས་སྐྱེས་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ཡོད་པ་དང་།  འགྲོ་བ་མིའི་བྱམས་པ་དང་མཛེས་པའི་སྤྲུལ་བ་རེད་ཟེར་ཆོག བརྩམས་ཆོས་དེ་ད་ལྟ་ཧྥ་རན་སེའི་ལོའུ་ཧྥུའུ་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཡོད།

ཕྱི་རབས་པས་འབག་དེའི་ཆད་ཟིན་པའི་ཕྱག་ཟུང་གིས་བྱ་བྱེད་ལ་ཚོད་དཔག་སྣ་ཚོགས་བྱས་ཡོད་པ་སྟེ།  ལ་ལས་ཕྱག་གཡས་པས་ཀུ་ཤུ་ཐོགས་པའམ་རང་ཉིད་ཀྱི་སྐྲ་ལོར་བྱིལ་བྱིལ་བྱེད་པར་འདོད་པ་དང་། འགའ་ཞིག་གིས་ཕྱག་གཡོན་པས་གོས་ཀྱི་ཐུ་བ་འཛིན་པའམ་དགའ་གྲོགས་དགྲ་ལྷའི་ཕུབ་ལ་བསྙེས་ཡོད་པར་འདོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-18

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།