ནིམ་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ནིམ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྨན་རྫས།)

ནིམ་པ།
ནིམ་པ་ནི《ཤེལ་ཕྲེང》ལས། ཤིང་ཕྲན་ལོ་རྐང་ཚིགས་སོགས་ཟྭ་ཤིང་ལྟ་བུ་གྲུ་བཞིའི་རྣམ་པ་ཅན། ཟྭ་ལས་སྦོམ་ལ་མཁྲེགས་ཤིང་ཤུན་པ་མཐུག་པ་ཧ་ཅང་མཁྲེགས་པ་ཡང་མ་ཡིན་པ། ཞེས་གསུངས་པ་ལྟར། འདི་ནི་ཤིང་སྡོང་འབྲིང་ལས་ཆེ་ཙམ་མི་ཊར་བཅུ་ནས་བཅོ་ལྔ་ཙམ་ཡོད་པའི་ཤིང་སྨན་གྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་པོ་སྔོ་སྐྱ་རིམ་པས་ཐལ་མདོག་དང་ནག་ཤས་ཆེ་བ། ལོ་མ་སྒྲོ་དབྱིབས་ཅན་སོག་ལེ་ཁ་སྨད་ཆ་གོར་ལ་མང་ལོ་ཅན་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་དཀར་ཤས་ཆེ་བའམ་སེར་དཀར་ལོ་མའི་བར་མཚམས་ནས་འཆར། འབྲས་བུ་ཤ་ལྡན་གྱི་ཚི་གུ་ཤིང་ལྟར་མཁྲེགས་པོ་མདོག་ལྗང་ཁུ་སྨིན་མཚམས་སུ་སེར་པོར་འགྱུར་བ་དང་། རྒྱ་ནག བལ་ཡུལ། རྒྱ་གར་ལྷོ་ཕྱོགས་སོགས་སའི་མཐོ་ཚད་མི་ཊར900ཡས་མས་ཀྱི་ས་བབ་དམའ་ལ་ཚ་དྲོད་ཆེ་བའི་རི་ཀླུང་གི་ནགས་གསེབ་དང་། བྱེ་ཤས་ཆེ་བ། ཚ་ལུད་ཀྱི་ཞིང་འགྲམ་སོགས་སུ་སྐྱེ་བ་མང་། དེ་མིན་ཨི་སི་རལ་འདེབས་འཛུགས་བྱས་ཏེ་སྐྱེ་བ་མཐོང་། སྤྱི་ཟླ་བཞི་བའམ་སྟོན་ཀའི་དུས་སུ་སྡོང་བོ་དང་ཡལ་ཕྲན་བཏུས་ནས་ཕྱི་པགས་བཤུས་ཏེ་དུམ་བུར་གཏུབས་རྗེས་བསིལ་སར་སྐམ་དགོས་པ་དང་། དེ་བཞིན་དབྱར་ཁ་ལོ་མ་རྒྱས་པའི་དུས་སུ་ལོ་མ་བཏུས་ནས་བསིལ་སྐམ་བྱས་རྗེས་སྨན་ལ་སྤྱོད་དགོས། ཚ་བའི་ནད་རིགས་དང་། ཟས་ཀྱི་དང་ག་འགག་པ། སྐོམ་དད་བྱེད་པ། ཁ་ངན་དྲི་ངན་ཁ་བ། དེ་མིན་མེ་དབལ་སོགས་པགས་ནད་དང་སྐྲ་བུད་པ་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苦参
ཕྱི་ཡིག་གི་མིང་།
Sophoraflavescens
མིང་གཞན།
ནིམ་པ་ཟྭ་ཤིང་སྐམ་པོ།
སྨན་དུ་སྦྱར་བྱ།
ཡལ་ཕྲན་དང་རྩེ་མོ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས། 

《ཤེལ་ཕྲེང》ལས།  ཤིང་ཕྲན་ལོ་རྐང་ཚིགས་སོགས་ཟྭ་ཤིང་ལྟ་བུ་གྲུ་བཞིའི་རྣམ་པ་ཅན།  ཟྭ་ལས་སྦོམ་ལ་མཁྲེགས་ཤིང་ཤུན་པ་མཐུག་པ་ཧ་ཅང་མཁྲེགས་པ་ཡང་མ་ཡིན་པ།  ཞེས་གསུངས་པ་ལྟར། འདི་ནི་ཤིང་སྡོང་འབྲིང་ལས་ཆེ་ཙམ་མི་ཊར་བཅུ་ནས་བཅོ་ལྔ་ཙམ་ཡོད་པའི་ཤིང་སྨན་གྱི་སྐྱེ་དངོས་ཤིག་ཡིན་ཞིང་།  སྡོང་པོ་སྔོ་སྐྱ་རིམ་པས་ཐལ་མདོག་དང་ནག་ཤས་ཆེ་བ།  ལོ་མ་སྒྲོ་དབྱིབས་ཅན་སོ་ལེ་ཁ་སྨད་ཆ་གོར་ལ་མང་ལོ་ཅན་ཁ་སྤྲོད་དུ་སྐྱེ་བ།  མེ་ཏོག་དཀར་ཤས་ཆེ་བའམ་སེར་དཀར་ལོ་མའི་བར་མཚམས་ནས་འཆར།  འབྲས་བུ་ཤ་ལྡན་གྱི་ཚི་གུ་ཤིང་ལྟར་མཁྲེགས་པོ་མདོག་ལྗང་ཁུ་སྨིན་མཚམས་སུ་སེར་པོར་འགྱུར་བའོ། །

2 རིགས་དབྱེ།  

འདི་ལ་རིགས་གཅིག་ཡོད།

3 སྐྱེ་གནས།  

རྒྱ་ནག  བལ་ཡུལ།  རྒྱ་གར་ལྷོ་ཕྱོགས་སོགས་སའི་མཐོ་ཚད་མི་ཊར900ཡས་མས་ཀྱི་ས་བབ་དམའ་ལ་ཚ་དྲོད་ཆེ་བའི་རི་ཀླུང་གི་ནགས་གསེབ་དང་།  བྱེ་ཤས་ཆེ་བ།  ཚ་ལུད་ཀྱི་ཞིང་འགྲམ་སོགས་སུ་སྐྱེ་བ་མང་།  དེ་མིན་ཨི་སི་རལ་འདེབས་འཛུགས་བྱས་ཏེ་སྐྱེ་བ་མཐོང་།

4 བཏུ་དུས་དང་ལས་སྣོན། 

སྤྱི་ཟླ་བཞི་བའམ་སྟོན་ཀའི་དུས་སུ་སྡོང་བོ་དང་ཡལ་ཕྲན་བཏུས་ཏེ་ཕྱི་པགས་བཤུས་ཏེ་དུམ་བུར་གཏུབས་རྗེས་བསིལ་སར་སྐམ་དགོས་པ་དང་།  དེ་བཞིན་དབྱར་ཁ་ལོ་མ་རྒྱས་པའི་དུས་སུ་ལོ་མ་བཏུས་ནས་བསིལ་སྐམ་བྱས་རྗེས་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།  

རོ་ཁ་བ་དང་།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་བ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  རོ་ཁ་བ།  ཞུ་རྗེས་ཁ་བ།  ངོ་བོ་སླ་ལ་བསིལ་ཞིང་རྟུལ་མཉེན་དང་ལྡན་པའོ། ། 

6 རྐྱང་བའི་ཕན་ཡོན།  

ཚ་བའི་ནད་རིགས་དང་།  ཟས་ཀྱི་དང་ག་འགག་པ།  སྐོམ་དད་བྱེད་པ།  ཁ་ངན་དྲི་ངན་ཁ་བ། དེ་མིན་མེ་དབལ་སོགས་པགས་ནད་དང་སྐྲ་བུད་པ་སོགས་ལ་ཕན།  རྩེ་མོས་མཁྲིས་པ་དང་རུས་ཚད་སེལ།  རྨ་རེད་སྦྱོང་བར་བྱེད།

7 སྨན་སྦྱོར། 

ནིམ་པ་དགུ་པ་སྦྲང་དང་སྦྱོར་བ།   ནིམ་པ་ཞོ 5 དང་།   རྩ་མཁྲིས་ཞོ 4    བ་ཤ་ཀ་ཞོ 4    ཏིག་ཏ་ཞོ 4   སླེ་ཏྲེ་ཞོ 4     ཨ་རུ་ར་ཞོ 5    བ་རུ་ར་ཞོ 3   སྐྱུ་རུ་ར་ཞོ 4 བཅས་སྦྲང་རྩི་ཞོ 3 དང་སྦྱར་བ་བཏང་ན་མཆིན་ནད་སྐྱ་རྦབ་སེལ་བར་བྱེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-02

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།