ལང་ཧྲི་ཉིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལང་ཧྲི་ཉིང་།
ལང་ཧྲི་ཉིང་ནི་དབྱི་ཐ་ལིའི་མི་ཡིན། ཆིང་རྒྱལ་རབས་ཀྱི་གོང་མ་ཚང་གི་རི་མོ་བ་དང་བཟོ་དཔོན་དང་། ཡེ་ཤུའི་ཚོགས་པའི་གནམ་བདག་ཆོས་ལུགས་པའི་དགེ་སྦྱོང་བ་ཡིན། མིང་དངོས་ལ་ཀྲུའུ་སའེ་ཕེ་ཁཱ་སི་ཏི་ལི་ཨའོ་མུན་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郎世宁
ཕྱི་ཡིག་གྱི་མིང་།
Guiseppe Castiglione
མིང་དངོས།
ཀྲུའུ་སའེ་ཕེ་ཁཱ་སི་ཏི་ལི་ཨའོ་མུན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1688-1766)
རྒྱལ་ཁབ།
དབྱི་ཐ་ལི།
ལས་རིགས།
རི་མོ་བ།
དད་མོས།
གནམ་བདག་ཆོས་ལུགས།
བརྩམས་ཆོས།
《བཀྲ་ཤིས་གཡང་བུམ》《ཅང་ཤེས་བརྒྱ་རིས》《རྒྱལ་བོ་ཧུང་ལི་དང་བཙུན་མོའི་སྐུ་རིས》
བྱས་རྗེས་གཙོ་བོ།
ཡོ་རོབ་ཀྱི་རི་མོའི་འབྲི་ལུགས་ཀྲུང་གོར་སྤེལ་བས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་སྤེལ་རེས་ཀྱི་དོན་ལ་མཛད་རྗེས་ཆེ་བ།
1 ངོ་སྤྲོད།

སྤྱི་ལོ1688ལོར་དབྱི་ཐ་ལིའི་སྨི་ལན་དུ་སྐྱེས་ཤིང་།  སྤྱི་ལོ1766ལོར་པེ་ཅིང་དུ་ཚེ་ལས་འདས། སྤྱི་ལོ1741ལོར་ཨོ་མོན་དུ་ཆོས་སྤེལ་དུ་ཡོང་བ་དང་མིང་ལ་ལང་ཧྲི་ཉིང་ཞེས་པའི་རྒྱ་མིང་བཏགས།  ཕྱིས་སུ་ཀོང་ཀྲོའུ་བརྒྱུད་དེ་པེ་ཅིང་དུ་བྱོན།  གོང་མ་ཁང་ཞིའི་རིང་ལ་གོང་མ་ཚང་གི་རི་མོ་བ་བྱས་པ་དང་། ཡོན་མིང་ཡོན་སྐྱེད་ཚལ་གྱི་ཡོ་རོབ་ལུགས་ཀྱི་ཨར་ལས་ཇུས་འགོད་བྱས།

ལང་ཧྲི་ཉིང་ནི་མི་སྣའི་རི་མོ་དང་། འདབ་ཆགས་དང་རི་དྭགས་རི་མོ།  རི་ཀླུང་རི་མོ། ལོ་རྒྱུས་རི་མོ་བཅས་ལ་མཁས་པ་རེད། ཁོང་གིས་ཡོ་རོབ་ཀྱི་རི་མོའི་འབྲི་རྩལ་གཙོ་བོ་གོང་མ་དང་བཙུན་མོ། ཞི་དྲག་བློན་པོ་རྣམས་ཀྱི་གཟུགས་བརྙན་ཡིན་ལ། འབྲི་ཐབས་སྟེང་དུ་ཡོ་རོབ་དང་ཀྲུང་གོའི་རི་མོ་ལུགས་གཉིས་ཟུང་དུ་སྦྲེལ་བས།  མདུན་ཐད་ནས་འོད་སྤྲོ་བ་དང་ཚོན་མདངས་སྙོམ་ལ་གསབ་བའི་ཁྱད་ཆོས་ལྡན་ཡོད། མི་བརྙན་དེ་དག་ཚོན་དམངས་ཀྱིས་བཀོད་པ་ལས་ཐིག་རིས་གསལ་པོ་མེད། ཁོང་གི་ལོ་རྒྱུས་རི་མོ་ནི་བཀོད་པ་རྒྱ་ཆེ་ཞིང་མི་སྣ་མང་ལ།  བྲིས་ཆ་ཞིབ་རྒྱས་ཆེ་བས་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད། ཁོང་ཉིད《གོང་མ་ཆན་ལུང་གི་ཇུན་གར་བདེ་ལ་འཁོད་པའི་གཡུལ་སའི་རི་མོ》ཞེས་པའི་ཐིག་རྩ་འགོད་པའི་ལས་ལ་ཞུགས་པ་དང་། དེས་མི་ཚད་ཐིག་རིས་དེ་ཧྥ་རན་སེ་ལ་ཁྱེར་ནས་ཟངས་ཀྱི་བར་བརྐོས་རི་མོ་རུ་བཞེངས་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-31

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།