དར་ཤིང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དར་ཤིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བོད་ལུགས་གསོ་རིག)

དར་ཤིང་།
དར་ཤིང་ནི་བོད་ལྗོངས་ཀྱི་ས་གནས་ཕལ་མོ་ཆེ་ནགས་གསེབ་དང་། གྲོང་པའི་ཉེ་འཁོར་ཞིང་གི་མཐའ་སོགས་ལ་སྐྱེ་བ་ཞིག་ཡིན་ལ། སྤྱི་ཟླ་དགུ་བའམ་སྟོན་ཀ་བར་རམ། འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་བསིལ་གྲིབ་ཏུ་སྐམ་ནས་སྨན་ལ་སྤྱོད་ན་འབྲས་བུས་རུས་ཚད་སེལ། ཁཎྜའི་མོ་ནད་རུས་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桑树
ཕྱི་ཡིག་གི་མིང་།
Morus alba L.
མིང་གཞན།
ཨོ་སེ།
སྨན་དུ་སྦྱར་བྱ།
འབྲས་བུ།   སྡོང་བོ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས། 

《ཤེལ་ཕྲེང》ལས།  རོང་ཆེན་དུ་སྐྱེ་བའི་ཤིང་སྡོང་ཆེ་བ་ཤུན་པ་སྐྱ་བོ་ཅན།  སྡོང་བོ་ཁ་གསེར་དཀར་ལ་ཁོག་རྒས་གསེར་ལྟར་སེར་བ།  སོག་པོ་སོགས་ཀྱིས་མེ་མདའ་དང་གྲིའི་ཤུབས་བྱེད་པ།  ཤིང་ཞོགས་བསྐོལ་ན་ཁུ་བ་ཇ་བཟང་ལྟར་འབབ་པས་ཇ་བྱེད་པའོ། །  ཞེས་གསུངས་པ་ལྟར།  འདི་ནི་ལོ་ལྷུང་གི་ཤིང་སྨན་སྡོང་བོ་རིང་ལ་མི་ཊར་གསུམ་ནས་བཅོ་ལྔ་ཙམ་སྐྱེ་བའི་སྐྱེ་དངོས་ཤིག་ཡིན་ཞིང་།  སྡོང་བོ་ཁ་དོག་ནག་ཅིང་སྨུག་ལ་རྩུབ་པ།  ལོ་མའི་དབྱིབས་ངེས་མེད་ལ་མཐུག་པ་སྨད་ཆ་སྦོམ་ཞིང་ཉ་ག་ཆ་སྙོམས་མེད་པ་རེ་མོས་སུ་སྐྱེ་བ་དང་།  མེ་ཏོག་ལོ་མའི་ངར་པ་གྱེས་མཚམས་ནས་ཤར་བ་ཡིན།

2 རིགས་དབྱེ། 

འདི་ལ་རིགས་གཅིག་ཡོད།

3 སྐྱེ་གནས།  

བོད་ལྗོངས་ཀྱི་ས་གནས་ཕལ་མོ་ཆེ་ནགས་གསེབ་དང་།  གྲོང་པའི་ཉེ་འཁོར་ཞིང་གི་མཐའ་སོགས་ལ་སྐྱེ་བ་མང་།  རྒྱ་གར།  རྒྱ་ནག་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཕལ་མོ་ཆེ་ནང་སྐྱེ་བ་དང་།  འདེབས་འཛུགས་བྱེད་པའང་ཡོད།

4 བཏུ་དུས་དང་ལས་སྣོན།  

སྤྱི་ཟླ་དགུ་བའམ་སྟོན་ཀ་བར་རམ།  འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་བསིལ་གྲིབ་ཏུ་སྐམ་ནས་སྨན་ལ་སྤྱོད་དགོས།  དེ་བཞིན་སྡོང་བོ་བཏུས་ཏེ་བསིལ་གྲིབ་ཏུ་མ་རུལ་བར་སྐམ་པ་དང་།  སྡོང་བོ་དུམ་བུར་གཏུབས་ཏེ་ཁཎྜ་བཟོ་དགོས།

5 རོ་ནུས་ཞུ་རྗེས།  

《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  འབྲས་བུའི་རོ་མངར་བ་དང་།  ཞུ་རྗེས་མངར་བ།  ནུས་པ་བསིལ་ལ་སྣུམ་པ།  སྡོང་བོའི་རོ་ཁ་ལ་བསྐ་བ་དང་།  ཞུ་རྗེས་ཁ་བ།  ནུས་པ་བསིལ་བའོ། །  ཞེས་གསུངས་སོ། །

6 རྐྱང་བའི་ཕན་ཡོན། 

འབྲས་བུས་རུས་ཚད་སེལ།  ཁཎྜའི་མོ་ནད་རུས་སོགས་ལ་ཕན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-16

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

རིགས་འགྲེ་བརྡ་འགྲེལ།