ཐང་ཤིང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཐང་ཤིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བོད་ལུགས་གསོ་རིག)

ཐང་ཤིང་།
ཐང་ཤིང་ནི་བསིལ་དྲོད་སྙོམས་པའི་རི་ཀླུང་གི་ནགས་གསེབ་དང་། ཤིང་ཕྲན་གྱི་གསེབ་སོགས་སུ་སྐྱེ་བ་ཞིག་ཡིན། སྤྱི་ཟླ་དགུ་བ་དང་བཅུ་བའམ་སྟོན་ཀའི་དུས་སྨན་ལ་ཐང་ཁྲག་ཅེས་ཐང་ཤིང་ནས་འཛག་པའི་ཐང་ཆུ་དེ་སྐམ་དུས་སྤོས་དཀར་ལྟར་ཆགས་པ་ལ་སྙིགས་རོ་གཞན་སོགས་དོར་ནས་སྨན་ལ་སྤྱོད་ན་མི་དང་ཕྱུགས་ལ་ས་དུག་གིས་ན་བ་དང་། རྟ་དང་དྲེའུ་ཐང་ཚིས་དུག་པ། དུག་ནད་རྒྱུ་མར་བབ་པས་འཁྲུ་བ་སོགས་ལ་ཕན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高山松
ཕྱི་ཡིག་གི་མིང་།
Pinus densata
མིང་གཞན།
ཐང་ཁྲག  འབོ་ལོ།  འབོ་ལེན།   བྱ་བལ།
སྨན་དུ་སྦྱར་བྱ།
ཐང་ཁྲག་གམ་ཚི་བ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས། 

འདི་ནི་ལོ་མང་སྐྱེ་བའི་ཤིང་སྡོང་རིང་ལ་རྒྱུན་དུ་ལྗང་ཞིང་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན།  ལོ་མ་ཕག་ཟེ་ལྟར་ཕྱོགས་བཞིར་གྱེས་པ་ཡིན། 

2 རིགས་དབྱེ། 

《ཤེལ་ཕྲེང》ལས།  ཐང་རྒན་གྱི་ཁྲག་གིས་མི་ཕྱུགས་དུག་གིས་ན་བ་རྟ་དྲེའུ་ཐང་ཚིས་དུག་པ།  དུག་རྒྱུ་མར་བབ་པའི་འཁྲུ་བ་ལ་ཕན་ནོ། །

3 སྐྱེ་གནས།  

བོད་ལྗོངས་དང་།  འབྲུག་ཡུལ།  བལ་ཡུལ།  འབྲས་ལྗོངས།  ཧ་མ་ལ་ཡའི་རི་རྒྱུད།  ཨབ་གྷ་ནི་སི་ཐན།  རྒྱ་གར་ཧི་མ་ཅལ་མངའ་སྡེའི་སོགས་སའི་མཐོ་ཚད་སྨི1500ནས2900བར་གྱི་བསིལ་དྲོད་སྙོམས་པའི་རི་ཀླུང་གི་ནགས་གསེབ་དང་།  ཤིང་ཕྲན་གྱི་གསེབ་སོགས་སུ་སྐྱེ་བ་མང་།

4 བཏུ་དུས་དང་ལས་སྣོན། 

སྤྱི་ཟླ་དགུ་བ་དང་བཅུ་བའམ་སྟོན་ཀའི་དུས་སྨན་ལ་ཐང་ཁྲག་ཅེས་ཐང་ཤིང་ནས་འཛག་པའི་ཐང་ཆུ་དེ་སྐམ་དུས་སྤོས་དཀར་ལྟར་ཆགས་པ་ལ་སྙིགས་རོ་གཞན་སོགས་དོར་ནས་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་ཁ་ལ་བསྐ་བ།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་ལ་སྐམ་པ། 

6 རྐྱང་བའི་ཕན་ཡོན།  

མི་དང་ཕྱུགས་ལ་ས་དུག་གིས་ན་བ་དང་།  རྟ་དང་དྲེའུ་ཐང་ཚིས་དུག་པ།  དུག་ནད་རྒྱུ་མར་བབ་པས་འཁྲུ་བ་སོགས་ལ་ཕན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-09

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།