བདེ་སྐྱིད་མཆོད་རྟེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེ་སྐྱིད་མཆོད་རྟེན།
བདེ་སྐྱིད་མཆོད་རྟེན་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མངའ་ཁོངས་ཀྱི་མཆོད་རྟེན་ཞིག་ཡིན་ལ། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ཏེ། བདེ་སྐྱིད་ཐང་གི་ཤར་ངོས་ཚོགས་ར་སྒང་དུ་བཞེངས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德吉确丹
ལ་ཏིང་གི་མིང་།
bde skyid mchod rten
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
གནས་ཡུལ།
ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད།
1 ངོ་སྤྲོད།

མཆོད་རྟེན་ཞེས་པ་ནི་ཆབ་ཆ་གྲོང་རྡལ་ཁོངས་གཏོགས་ཀྱི་བདེ་སྐྱིད་ཚོ་བའི་བསྟན་པའི་སྦྱིན་བདག་བསོད་ནམས་རྡོ་རྗེ་ཡིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར་ཉི་ཤུ་ལོན་པའི་རྗེས་དྲན་དུ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བཏང་སྟེ་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཞིག་ཡིན་ཏེ། འདིའི་མཐོ་ཚད་ལ་སྨི30དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ཡོད། མཆོད་རྟེན་འདི་ནི་སྤྱི་ལོ2009ལོའི་བོད་ཟླ4བའི་ཚེས11ཉིན་བཞེངས་འགོ་བརྩམས་ཏེ་ལོ་དེའི་ཟླ7པའི་ཚེས10ཉིན་ལེགས་འགྲུབ་བྱུང་། མཆོད་རྟེན་འདི་བཞེངས་སའི་གནས་ནི་བདེ་སྐྱིད་ཐང་དང་འབྲེལ་བའམ་ཡང་ན་འདིའི་སྦྱིན་བདག་གི་སྡོད་གནས་བདེ་སྐྱིད་ཚོ་བ་ཡིན་པར་བརྟེན། མཆོད་རྟེན་འདིའི་མཚན་ལའང་བདེ་སྐྱིད་མཆོད་རྟེན་དུ་གསོལ་བ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།