ཀྲའོ་མེང་ཧྥུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲའོ་མེང་ཧྥུ།
ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་མིང་དུ་གྲགས་པའི་རི་མོ་བ་དང་ཡིག་མཁན། སྙན་ངག་པ་བཅས་ཡིན་ལ། སུང་ཐའེ་ཙོ་ཀྲའོ་ཁོང་ཡིན་གྱི་བུ་རྒྱུད་ཡིན། ཁོང་གིས་ཡོན་རྒྱལ་རབས་ཀྱི་རི་མོ་དོན་གཉེར་ཅན་གྱི་སྣེ་ཁྲིད་པ་དང་ཀྲའོ་ལུགས་བྲིས་གཟུགས་གསར་གཏོད་མཛད། གཟབ་བྲིས་ཡིག་མཁན་བཞིའི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赵孟頫
མིང་གཞན།
ཀྲའོ་སུང་ཞུའེ། ཀྲའོ་ཅི་ཞན། ཀྲའོ་ཝུའུ་ཞིང་།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1254.11.20--1322.7.30)
དུས་སྐབས།
སུང་རྒྱལ་རབས་ཀྱི་དུས་མཇུག་དང་ཡོན་རྒྱལ་རབས་ཀྱི་དུས་མགོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཝུའུ་ཞིང་། དེང་གི་ཀྲེ་ཅང་ཧུའུ་ཀྲོའུ།
འཐུས་ཚབ་བརྩམས་ཆོས།
《ནགས་གངས་བསྟི་གནས་ཀྱི་རྩོམ་བཏུས》
བྱས་རྗེས་གཙོ་བོ།
ཡོན་རྒྱལ་རབས་ཀྱི་རི་མོ་དོན་གཉེར་ཅན་གྱི་དབུ་ཁྲིད་མི་སྣ་ཡིན་པ། ཀྲའོ་ལུགས་བྲིས་གཟུགས་གསར་བཏོད་པ། གཟབ་བྲིས་ཡིག་མཁན་བཞིའི་གྲས་ཡིན།
1 ངོ་སྤྲོད།

ཁོང་ནི་རིག་པའི་གནས་ཀུན་ལ་མཁས་ཤིང་ལྷག་པར་དུ་སྙན་ངག་དང་སྡེབ་སྦྱོར་ལ་བྱང་ཆུབ་པ་དང་མཁྱེན་དཔྱོད་ཡངས་པ་ཞིག་རེད། ཡོན་རྒྱལ་རབས་སུ་ཁོང་ལ་རྒྱལ་པོ་ཡོན་ཧྲི་ཙུའུ་དང་ཡོན་རེན་ཙུང་གཉིས་ཀྱིས་གཅེས་མཐོང་ཐོབ།    རིག་གནས་ཀྱི་བརྩམས་ཆོས་ལ《ཧྲང་ཡིག་གི་འགྲེལ་བ》དང་།  《རྒྱུད་མངས་ཀྱི་བཤད་པ》དང《རོལ་མོའི་བཤད་པ》སོགས་ཡོད།  སྙན་ངག་གི་བརྩམས་ཆོས《ནགས་གངས་བསྟི་གནས་ཀྱི་རྩོམ་བཏུས》ཞེས་པ་ཡོད།  སུག་བྲིས་དང་རི་མོའི་གནས་ལ་སྦྱངས་པ་ཤིན་ཏུ་ཟབ་པས་ཡོན་རྒྱལ་རབས་ཀྱི་རི་མོ་དོན་གཉེར་ཅན་གྱི་དབུ་ཁྲིད་མི་སྣ་ཡིན།

2 རི་མོ།

QQ截图20160413154924.png.pngཁོང་ཉིད་ཀྱི་རི་མོ་ལ་རི་ཀླུང་རི་མོ་དང་། མི་སྣའི་རི་མོ།  རྟ་མཆོག་རི་མོ། མེ་ཏོག འདབ་ཆགས་རི་མོ། སྨྱུག་མའི་རི་མོ་ལ་སོགས་གནས་ཀུན་ལ་མཁས་ཤིང་འབྲི་རྩལ་མཐིལ་དུ་ཕྱིན་ཡོད།  མི་སྣའི་རི་མོ་ལ་ལོ་རྒྱུས་གཏམ་རྒྱུད་དང་ནང་ཆོས་ཀྱི་ལྷ་སྐུལ་སོགས་ཡོད་པ་དང་། རི་ཀླུང་རི་མོའི་བརྩམས་ཆོས་ཕྱི་རབས་ཀྱི་རིག་གནས་པའི་རི་མོའི་གོང་འཕེལ་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། དེ་ཡང་ལྷོ་ཕྱོགས་ཀྱི་ཡུལ་ལྗོངས་འབྲི་རྒྱུ་གཙོ་ཆེ་བ་དང་རིག་གནས་པའི་དབེན་གནས་དག་ཡངས་ཀྱི་འཚོ་བའི་དགའ་ཕྱོགས་མཚོན་ལ། འབྲི་ཐབས་ལ་ཞིབ་བྲིས་དང་དོན་བྲིས་ཟུང་དུ་ལྡན་པ་རེད། སུག་བྲིས་ཀྱི་ཕྱོགས་སུ་ཡང་ཡོན་རྒྱལ་རབས་ཀྱི་བླ་ན་མཐོ་བའི་སུག་བྲིས་མཁན་པོ་ཡིནཞིང་། ཡིག་གཟུགས་ཀུན་ལ་མཁས་པ་དང་ཁྱད་པར་དུ་གཟབ་མ་འཁྱུག་བྲིས་དང་གཟབ་བྲིས་ལ་མཁས་པ་རེད།  ཁོང་གི་བག་ཆགས་བཞག་པར་བརྟེན་ནས་ཁྱིམ་རྒྱུད་དེར་སུག་བྲིས་དང་རི་མོའི་མཁས་པ་མང་པོ་བྱུང་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-13

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།