ཉུང་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉུང་མ།
ལོ་གཅིག་གམ་གཉིས་སྐྱེ་བའི་ཚོད་མའི་རིགས་ཤིག
1 ལོ་ཙཱ།

རྒྱ་ཡིག 蔓菁

དབྱིན་ཡིག turnip

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ལོ་གཉིས་སྐྱེ་བའི་ཚོད་མའི་རིགས་ཤིག་ཡིན་ཞིང་། མེ་ཏོག་དཀར་བོ་ཅན། ལོ་མ་ཆེ་ལ་རྩ་བ་ཟླུམ་པོ་ལེབ་མོ་ཅན། མིས་ཟོས་ཆོག་ལ་ཕྱུགས་གསོ་བྱེད་ཀྱི་ཆས་བཟང་བོ་ཞིག་ཡིན། ཡུལ་སྐད་དུ་ཡུང་མ་ཟེར།

2.བརྡ་དག་མིང་ཚིག་གསལ་བ་ལས།  ལ་ཕུག་ལྟ་བུ་རོ་མངར་བ་ཞིག 蔓菁,似萝卜而味甜者。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ལ་ཕུག་ལྟ་བུའི་བཟའ་བྱའི་བྱེ་བྲག་རོ་མངར་བ་ཞིག 名词。元根,芜菁,蔓菁。一种块根草本植物。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ལོ་རེ་བཞིན་བཏབ་ནས་སྐྱེ་བའི་སྔོ་ཚོད་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་འཇམ་ལ་སྒོར་ཞིང་རྟིང་པ་ཐུང་བ་ཆེ་ཆུང་ཙམ་མ་གཏོགས་སྤྱིའི་སྐྱེ་དབྱིབས་སོགས་ཧ་ལམ་ལ་ཕུག་དང་འདྲ་ཡང་དེ་ལས་དབྱིབས་སྒོར་ལ་ཁ་འཁོར་གྱི་མདོག་དམར་པོ་ཡིན་པ་དང་། ལོ་མ་ལབ་ལོ་འདྲ་ཡང་དེ་ལས་ཁ་དོག་ལྗང་ལ་རེག་བྱ་འཇམ་ཞིང་ལབ་ལོ་ལྟ་བུའི་སྤུ་དཀར་རྩུབ་པོ་མེད་པ། སྐྱེ་གནས་དབང་གིས་རྡོག་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད་པ་སྟེ། མཚོ་སྣ་ས་ཁུལ་དང་སྤོ་བོའི་ཡུལ་སོགས་ས་བབ་དམའ་སར་སྐྱེས་པ་དག་རྡོག་ཆེ་ཞིང་རོ་དེ་ཙམ་མངར་མོ་མེད་པ་དང་། ལྷ་སའི་ཉེ་འཁོར་སྙེ་མོ་སོགས་སུ་སྐྱེས་པ་དག་རྡོག་ཆུང་ཞིང་རོ་ཡང་ཧ་ཅང་མངར་མོ་ཡོད་པ་བཅས། སྤྱིར་བཏང་ས་ཁུལ་ཕལ་མོ་ཆེར་བཏབ་ན་སྐྱེ་མོད་ཀྱང་། གོང་བཤད་རི་བོ་ཁ་བྱང་བསྟན་གྱི་ངོས་སུ་ཆར་པ་ཁོ་ནར་བརྟེན་ནས་སྐྱེས་པ་དེ་སྨན་དུ་བཟང་། ཆར་ཉུང་སྨིན་མཚམས་སུ་བཏུས་ཏེ་ཁཎྜ་བརྒྱབ་ནས་ཉར་ཚགས་བྱེད་པའམ་ཡང་ན་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ཚ་ཞིང་དྲོ་ལ་སྣུམ་པས་དུག་གི་ནད་རིགས་མ་ལུས་བསྲུང་བ་དང་། དུག་ནད་བྱེར་བ་རྣམས་བསྡུ་ཞིང་རང་སར་ཞི་བར་བྱེད་པའི་བདུད་རྩི་ཡིན་ལ་བཅུད་ལེན་གྱི་ནུས་པའང་ཐོན་ཐུབ་བོ།།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དག་ཡིག ཉུང་མ། ཚོད་མ། ཡུང་མ། ལ་ཕུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-02-07

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།