གསེར་ཆེན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསེར་ཆེན་རྫོང་།
རྫོང་འདིའི་མིང་ནི་བློན་པོ་གསེར་ཆེན་རི་བོ་ལ་བརྟེན་ནས་ཐོགས་པ་ཡིན་ཏེ། རི་བོ་འདི་ནི་རྫོང་འདིའི་རི་བོ་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཞིང་། འདི་ཡི་དབུས་རྒྱུད་དུ་ལྷང་ངེར་འགྱིང་ཡོད་པ་དང་། འདིའི་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་དང་ཐག་ཉེ་བར་མ་ཟད། ད་དུང་གྲོང་རྡལ་འདིའི་བྱང་ཕྱོགས་སུ་རྒྱབ་རིའི་ཚུལ་དུའང་ཆགས་ཡོད་པས། ཀུན་གྱིས་འདི་ལ་གསེར་ཆེན་རྫོང་དུ་འབོད་པར་གྲགས། སྤྱི་ལོ1929ལོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཡུལ་འདིར་རྫོང་རིམ་པའི་སྲིད་དབང་འཛུགས་སྐབས། རིགས་ལྔ་སྤྱི་མཐུན་ཞེས་པའི་དོན་ལ་དམིགས་ནས། རྒྱ་སྐད་ཀྱིས་འདི་ལ་གུང་ཧོ་རྫོང་དུ་བཏགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
共和县
ལ་ཏིང་གི་མིང་།
gser chen rdzong
མིང་གཞན།
གུང་ཧོ་རྫོང་།
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།
མངའ་ཁོངས།
ཆབ་ཆ་གྲོང་རྡལ། རིག་སྨོན་གྲོང་རྡལ། ཚལ་རྔ་འགག་གྲོང་རྡལ་སོགས་གྲོང་རྡལ་བཞི་དང་ཡུལ་ཚོ་བདུན་ཡོད།
སྲིད་གཞུང་གནས་ཡུལ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
ཁ་པར་ཨང་རྟགས།
0974
སྦྲག་སྲིད་ཨང་གྲངས།
813000
ས་ཁམས་གནས་ཡུལ།
མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་། རྨ་ཆུའི་ནུབ་ཕྱོགས། རི་བོ་ཉི་ཟླའི་ཤར་ཕྱོགས་སུ་གནས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི17252
མི་གྲངས།
ཕལ་ཆེར་མི་ཁྲི12.79
སྐད་རིགས།
བོད་སྐད། དབྱིན་ལན་སྐད(མཚོ་སྔོན་སྐད)
གནམ་གཤིས།
ས་མཐོའི་སྐམ་ས་ཆེ་མོའི་ནམ་ཟླ།
མཛེས་ལྗོངས་ས་ཁུལ་གྲགས་ཅན།
གླང་ཆེན་མཆེ་བའི་ཡུལ་ལྗོངས་ལྟེ་གནས། ཆབ་ཆ་གྲོང་རྡལ་ས་ཁུལ་གྱི་ཡུལ་སྐོར། གཡོན་རུ་དགོན་པ།
རླངས་འཁོར་ཨང་རྟགས།
青E
1 ངོ་སྤྲོད།

རྫོང་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད36°17'གྱི་མཚམས་དང་ཤར་གྱི་གཞུང་ཚད100°17'གྱི་མཚམས་ན་ཡོད་ལ།  འདི་ནི་ཁུལ་མི་དམངས་སྲིད་གཞུང་ཡོད་སའང་ཡིན།   འདིའི་ས་མཚམས་ནི་སྟོང་སྐོར་རྫོང་དང་། ཁྲི་ཀ་རྫོང་། མང་རྫོང་། བྲག་དཀར་རྫོང་། དུར་ལམ་རྫོང་། དབུས་ལམ་རྫོང་། ཐེམ་ཆེན་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་རྫོང་ཁག་དགུ་དང་འབྲེལ་ཡོད་ཅིང་།  རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ17252.27ཡོད། མི་གྲངས130500ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)།  རྫོང་མི་དམངས་སྲིད་གཞུང་ནི་ཆབ་ཆ་གྲོང་རྡལ་དུ་ཡོད། རྫོང་འདིའི་མངའ་འོག་ན་རིག་སྨོན་དང་། ཚལ་རྔ་འགག  ཆབ་ཆ། ཐང་སྐར་མ་བཅས་གྲོང་རྡལ4དང་། ཐེ་ཀེ་དང་། ས་གྲུ་བཞི། ཨེར་སྟི། ཆོས་རྗེ། སྤྲེའུ་ནག  རྟ་ནག་མ། ཅང་སི་བཅས་ཡུལ་ཚོ7ཡོད། བློན་པོ་གསེར་ཆེན་དང་། དཔའ་ཐུལ་རྫ་རྒན། ཁྱ(ཁྲ)རིང་རྫ་རྒན་བཅས་ནི་རྫོང་འདིའི་དབུས་ཁུལ་ནས་འཕྲེད་རྒྱུད་དུ་ཆགས་ཡོད་ལ། དེས་རྫོང་འདིའི་མངའ་ཁོངས་ཧྲིལ་བོ་ལྷོ་རྒྱུད་དང་བྱང་རྒྱུད་དེ། ཁག་གཉིས་སུ་ཕྱེས་ཡོད། འདིའི་ལྷོ་རྒྱུད་ནི་གསེར་ཆེན་རྫ་རྒྱུད་དང་ངང་ལ་རྫ་རྒྱུད་ཀྱིས་ཡོངས་སུ་བསྐོར་བའི་གསེར་ཆེན་གཤོང་ས་ཡིན་ཞིང་། བྱང་རྒྱུད་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་བདེ་ཐང་ཡིན། ཆེས་མཐོ་ས་ནི་རི་བོ་ངང་ལའི་རྫ་རྒྱུད་དུ་གཏོགས་པའི་ཆོས་ལུང་སྒང་རྒན་ཡིན། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5290ཡོད། ཆེས་དམའ་ས་ནི་ཚལ་རྔ་འགག་ཁ་ཡིན།    དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2460ཡོད།  ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3200ཡོད།

2 མིང་ཐོགས་ཚུལ།

རྫོང་འདིའི་མིང་ནི་བློན་པོ་གསེར་ཆེན་རི་བོ་ལ་བརྟེན་ནས་ཐོགས་པ་ཡིན་ཏེ། རི་བོ་འདི་ནི་རྫོང་འདིའི་རི་བོ་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཞིང་། འདི་ཡི་དབུས་རྒྱུད་དུ་ལྷང་ངེར་འགྱིང་ཡོད་པ་དང་།  འདིའི་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་དང་ཐག་ཉེ་བར་མ་ཟད། ད་དུང་གྲོང་རྡལ་འདིའི་བྱང་ཕྱོགས་སུ་རྒྱབ་རིའི་ཚུལ་དུའང་ཆགས་ཡོད་པས། ཀུན་གྱིས་འདི་ལ་གསེར་ཆེན་རྫོང་དུ་འབོད་པར་གྲགས། སྤྱི་ལོ1929ལོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཡུལ་འདིར་རྫོང་རིམ་པའི་སྲིད་དབང་འཛུགས་སྐབས། རིགས་ལྔ་སྤྱི་མཐུན་ཞེས་པའི་དོན་ལ་དམིགས་ནས། རྒྱ་སྐད་ཀྱིས་འདི་ལ་གུང་ཧོ་རྫོང་དུ་བཏགས།

3 མངའ་ཁོངས།

ད་ལྟའི་གསེར་ཆེན་རྫོང་གི་ཚལ་རྔ་འགག་གྲོང་རྡལ་དང་ཐེ་གེ་ཡུལ་ཚོ་གཉི་གའི་མངའ་ཁུལ་ཡོངས་རྫོགས་དང་། ཆབ་ཆ་གྲོང་རྡལ་མངའ་འོག་གི་སྒོ་མེ་ཞིང་ཁ་ཤར་སྡེ་དང་ནུབ་སྡེ། ཚ་ཧན་སུའུ། མཐའ་དམར་གོང་ཞོལ། ད་ལྟའི་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་མངའ་འོག་གི་ཁྱུང་སེང་དང་། ཆོས་རྗེ། ཉིན་ཆུ་བཅས་སྡེ་བ་དེ་གསུམ་ཆགས་ཡོད་སའི་ས་ཆ། ཆུ་སྔོན་གྲོང་རྡལ་མངའ་འོག་གི་མོ་རྡོ་དང་ཐ་སྟོང་སྡེ་བ་གཉིས་ཆགས་ཡོད་སའི་ས་ཆ། གསེར་ཆེན་རྫོང་གི་ཐང་སྐར་མ་གྲོང་རྡལ་ཁོངས་རོལ་གྱི་ས་ཁུལ་ཁག་ཅིག  ཆོས་རྗེ་ཡུལ་ཚོ་ཁོངས་རོལ་གྱི་བ་ཝོ་དང་མོག་ཝོས་བཅས་ཀྱིས་མཚོན་པའི་གོང་གསལ་ས་ཁུལ་དེ་དག་ནི་སྒོ་མེ་གོང་ཞོལ་བར་གསུམ་ལས་སྒོ་མེ་གོང་མའི་ཚོ་སྡེ་སོ་སོའི་ཞིང་ཕྱུགས་གཉེར་ས་ཡིན།

མཚོ་སྔོན་པོའི་མཚོ་སྲིབ་ཀྱི་རྟ་ནག་མ་ཡུལ་ཚོའི་མངའ་འོག་གི་སྔོན་གྱི་ཇོ་སྐོར་ཏེ། ད་ལྟའི་རྒྱབ་ལུང་དང་། བུམ་པ། བྲག་འཁྱོག བློན་པོ་གསེར་ཆེན་རི་བོའི་ལྷོ་ནུབ་ཀྱི་ཆོས་རྗེ་ཡུལ་ཚོའི་མངའ་འོག་གི་ཐར་ཤུལ་དང་། སྟོང་སྐོར། རྒྱ་སྐོར། ཐང་སྐར་མ་གྲོང་རྡལ་མངའ་འོག་གི་འབྲོང་མགོ་དང་། གླང་སྙིང་། ཀུན་དགའ། ཆུ་རིང་། བྲག་དཀར། ས་གྲུ་བཞི་ཡུལ་ཚོའི་མངའ་ཁུལ་ཡོངས་རྫོགས་བཅས་ཀྱིས་མཚོན་པའི་གོང་གསལ་ས་ཁུལ་དེ་དག་ནི། སྔོན་དུས་མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་ནང་ཚན་བདུད་ཤུལ་ཚོ་སྡེའི་ཕྱུགས་ས་ཡིན།

བློན་པོ་གསེར་ཆེན་གྱི་ཕལ་ཆེར་ནུབ་བྱང་གི་ཕྱོགས་སམ་མཚོ་ཁྲི་ཤོར་རྒྱལ་མོའི་མཚོ་རྔ་ནས་མཚོ་མགོའི་བར་མུ་རྒྱུད་གཅིག་འབྲེལ་དུ་གནས་པའི་ད་ལྟའི་སྤྲེའུ་ནག་ཡུལ་ཚོའི་མངའ་ཁོངས་ཡོངས་རྫོགས་དང་། བློན་པོ་གསེར་ཆེན་ལྷོ་འདབས་ཀྱི་ད་ལྟའི་ཨིར་སྟི་ཡུལ་ཚོའི་མངའ་འོག་གི་གཡང་རུང་དང་། ཆོས་ཚ། ཆུ་རྔ། ཅང་སི་ཡུལ་ཚོའི་མངའ་ཁུལ་ཡོངས་རྫོགས། འཁྱགས་སྐོར། མི་ཉག རིག་སྨོན་གྲོང་རྡལ་གྱི་མངའ་ཁོངས་ཡོངས་རྫོགས་བཅས་ཀྱིས་མཚོན་པའི་གོང་གསལ་ས་ཁུལ་དེ་དག་ནི། སྔོན་དུས་མཚོ་སྔོན་པོའི་མཐའ་འཁོར་ཚོ་བརྒྱད་ཀྱི་ནང་ཚན་སྤྱི་ཉིན་ལུང་ཚོ་སྡེ་ཉེར་གསུམ་གྱི་ཕྱུགས་ས་ཡིན།

བརྡ་འགྲེལ་གདོང་འཛར།

མཚོ་སྔོན། མཚོ་ལྷོ་ཁུལ། རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།