ནད་མ་འབྱར་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནད་མ་འབྱར་མ།
ནད་མ་འབྱར་མ་ནི། བོད་ལྗོངས་ཀྱི་ས་གནས་ཕལ་ཆེ་བའི་ཞིང་གི་མཐའ་དང་། ས་རྒོད་ལ་སྐྱེ་བ་ཞིག་ཡིན། ལོ་མ་དང་། སྡོང་བོ། མེ་ཏོག འབྲས་བུ་བཅས་སྨན་ཏུ་སྤྱད་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蓝布裙
ཕྱི་ཡིག་གི་མིང་།
Cynoglossum glochidiatum Wall
མིང་གཞན།
ནད་མ་ཡང་།
སྨན་དུ་སྦྱར་བྱ།
ལོ་མ་དང་། སྡོང་བོ། མེ་ཏོག འབྲས་བུ།
སྡེ་ཁོངས།
སྔོ་སྨན་གྱི་སྡེ།
1 སྐྱེ་དབྱིབས། 

《འཁྲུངས་དཔེ》ལས།  ནད་མ་འབྱར་མའི་མཚན་ཉིད་ནི། །ཡུལ་དབུས་དྲོ་བའི་ས་ལས་སྐྱེ། །ལོ་མ་སྔོན་པོ་རྩུབ་པ་ལ། །སྡོང་བུ་གྲུ་བཞི་རིང་བ་ཡིན། །མེ་ཏོག་མཐིང་ཤུན་བེའུ་བརྩེགས་འདྲ། །འབྲས་བུ་སྤུན་ལ་ཟླུམ་པ་དང་། །  ལོ་མ་འདབ་བཞི་འབྱར་ཞིང་འཁྲིལ། །རོ་ནི་ཁ་ལ་མངར་བ་སྟེ། །ནུས་པས་རྨ་རྣམས་གསོ་བར་བྱེད། །   ཅེས་སོ། ། 

2 རིགས་དབྱེ། 

《འཁྲུངས་དཔེ》ལས།  ནད་མ་སྤུན་གསུམ་མཚན་ཉིད་བཤད། །ནད་མ་འབྱར་མ་ཞེས་བྱ་དང་། །ནད་མ་རྨུན་བུ་དག་དང་ནི། །ནད་མ་སྒྱི་བླ་ན་མེད་པ་སྤུན་གསུམ་མོ། །  ཞེས་དང་།  《ཤེལ་ཕྲེང》ལས། རིགས་གསུམ་སྟེ།  འབྱར་མ།  རྨུན་བུ།  སྒྱིབ་མའོ། །  ཞེས་དང་།  《སྔོ་སྨན་གྱི་འཁྲུངས་དཔེ་ངོ་མཚར་གསེར་སྙེ》ལས།  ནད་མ་གཡུ་ལོ་དང་།  ནད་མ་འབྱར་མ།  ནད་མ་སྣུན་མ།  ནད་མ་སྒྱིབ་བུ།  དེ་གསུམ་ནད་མ་སྤུན་གསུམ་མོ། །  ཞེས་གསུངས།

3 སྐྱེ་གནས།  

བོད་ལྗོངས་ཀྱི་ས་གནས་ཕལ་ཆེ་བའི་ཞིང་གི་མཐའ་དང་།  ས་རྒོད་ལ་སྐྱེ་བ་མང་།  དེ་མིན་ལ་དྭགས་དང་།  རྒྱ་གར་ནང་ཀ་ཤི་རྨིར་རི་རྒྱུད་ནས་ཨགྷ

4 བཏུ་དུས་དང་ལས་སྣོན།  

སྤྱི་ཟླ་བདུན་པ་དང་བརྒྱད་པ་ཙམ་ལ་ལོ་སྡོང་མེ་འབྲས་སོགས་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་གསར་སྐམ་སྟེ་སྨན་ལ་སྤྱོད་དགོས་པ་ཡིན།

5 རོ་ནུས་ཞུ་རྗེས།  

རོ་ཁ་ལ་མངར་བ།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་ཞིང་རྩུབ།

6 རྐྱང་བའི་ཕན་ཡོན།  

རུས་པར་གས་ཆག་ཤོར་བའི་རིགས་དང་།  རྨ་བཟོས་པ།  ཡན་ལག་གི་སྐྲངས་པ་སོགས་ལ་ཕན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།