ཟི་ར་དཀར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟི་ར་དཀར་པོ།
ཟི་ར་དཀར་པོ་ནི་སྤྱི་ཟླ་བརྒྱད་པ་དང་དགུ་བ་གང་རུང་ནང་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་སྨན་ལ་སྤྱད་ན་གློ་ཚད་ཀྱི་ནད་དང་ཟས་མི་འཇུ་བ། དང་ག་འགགས་པ་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孜然芹
ཕྱི་ཡིག་གི་མིང་།
Cuminum cyminum L
མིང་གཞན།
ཤྭེ་ཛི་ར། ཨ་ཛ་ཝ་ཡི་ནི། ཛོ་ཀི
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
སྔོ་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《འཁྲུངས་དཔེ》ལས།  ཟི་ར་དཀར་བོ་ལྡུམ་རར་སྐྱེ། །ལོ་མ་ཕྲ་བ་ཉ་ག་ཅན། །མེ་ཏོག་དཀར་བོ་གདུགས་ཀྱི་ཚུལ། །འབྲས་བུ་དག་ནི་གོ་སྙོད་འདྲ། །རོ་ནི་ཚ་ལ་མངར་བ་ཡིན། ། ཞེས་གསུངས།

2 རིགས་དབྱེ།

《ཤེལ་ཕྲེང》ལས། འདི་ལ་རིགས་གཉིས་ཏེ། དཀར་པོ་དང་སེར་པོ་ཞེས་དང་།  《འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང》ལས།  ཟི་ར་དཀར་པོ་མཆོག་དང་ཟི་ར་དཀར་བོ་དམན་པ།  ཟི་ར་སེར་བོ། ཟི་ར་ནག་པོ།  ཞེས་གསུངས།

3 སྐྱེ་གནས།

རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1200ནས3200བར་གྱི་ན་སྤང་དང་སྔོ་ལྡུམ་གྱི་གསེབ།  སྐམ་ཤས་ཆེ་བ་སོགས་སུ་སྐྱེས་ཤིང་།  འདེབས་འཛུགས་ཀྱང་བྱེད།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བརྒྱད་པ་དང་དགུ་བ་གང་རུང་ནང་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་མངར་ལ་ཚ་བ། ཞུ་རྗེས་ཁ་བ། ངོ་བོ་སྙོམས།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  ནུས་པ་བསིལ་ལ་ཡང་ཞིང་རྟུལ་བའོ། ། ཞེས་གསུངས།

6 རྐྱང་བའི་ཕན་ཡོན།

གློ་ཚད་ཀྱི་ནད་དང་ཟས་མི་འཇུ་བ།  དང་ག་འགགས་པ་སོགས་ལ་ཕན།

7 སྨན་སྦྱོར།

ཟི་ར་དཀར་པོ་ཞོ 5 དང་།   སྒ་སྨུག་ཞོ 4  འུ་སུ་ཞོ 4  ཤིང་ཀུན་ཞོ 2 བཅས་སྦྱར་བ་ཐང་བསྐོལ་ཏེ་བཏང་ན་མཁྲིས་པའི་སྐྲན་རྣམས་མ་ལུས་པར་སེལ་ལོ། ། ཡང་ཟི་ར་དཀར་པོ་ཞོ 5   ཁ་རུ་ཚ་ཞོ 3  ཚ་ལ་བསྲེགས་ཐང་ཞོ 3 བཅས་རྩི་བཞིན་བཏགས་པའི་ཕྱེ་མ་བཏང་ན།  ཕོ་བ་ན་བ་སོགས་དང་།  མ་ཞུ་རླུང་ནད་ཀུན་ལ་ཕན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།