ཟི་ར་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟི་ར་ནག་པོ།
ཟི་ར་ནག་པོ་ནི། ས་བབ་ཅུང་དམའ་བའི་རི་ཀླུང་དང་ལམ་ཟུར། ཞིང་གི་མུ་སོགས་སུ་འདེབས་འཛུགས་བྱས་ཏེ་སྐྱེ་བ་ཞིག་ཡིན། སྤྱི་ཟླ་བརྒྱད་པ་ཙམ་ལ་འབྲུ་གུ་སྨིན་མཚམས་སུ་བཏུས་ཏེ་སྐམ་གསེད་བྱས་ནས་སྨན་ལ་སྤྱོད་ན་མཆིན་ནད་གྲང་བ་དང་ཕོ་བའི་དྲོད་ཉམས་པ། ཟས་མི་འཇུ་བ་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑种草子
ཕྱི་ཡིག་གི་མིང་།
SEMEN NIGELLAE
མིང་གཞན།
ཀྰ་ལ་ཛི་ར། ནག་པོ་ཟི་ར། ཤ་ཁྱི། བོང་ཁྱི།
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
སྔོ་སྨན་གྱི་སྡེ།
1 སྐྱེ་དབྱིབས། 

《འཁྲུངས་དཔེ》ལས།  ཟི་ར་ནག་པོ་ལོ་མ་སྣུམ། །སྡོང་བོ་ཕྲ་ལ་རིང་བ་ལ། །མེ་ཏོག་སྔོན་པོ་ཆུང་བ་ཡིན། །འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ། ། ཞེས་དང་།  《ཤེལ་ཕྲེང》ལས།  འདི་ནག་ལ་རྩུབ་པ་ཟུར་གསུམ་པ་ཁོ་ན་ཡིན་ལ་ཕལ་ཆེར་མི་བརྟགས་པར་རྩིང་བཟོ་བྱེད་པའི་ཏིལ་ནག་ལེབ་མོ་དང་། ཨུཏྤལ་གྱི་འབྲས་བུ་ཁམ་ནག་འཇོང་བ་སོགས་ལ་གང་ཟིན་བྱེད་པ་མང་དུ་མཐོང་ངོ། །

2 རིགས་དབྱེ།

ཟི་ར་རིགས་གསུམ་གྱི་ཡ་གྱལ།

3 སྐྱེ་གནས།

བོད་ལྗོངས་དང་འབྲུག་ཡུལ།  བལ་ཡུལ།  རྒྱ་གར་གྱི་མངའ་སྡེ་པན་ཇིབ་དང་གྷ་ཝར་གྱི་རི་རྒྱུད་སོགས་ཀྱི་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2500ཡས་མས་ཀྱི་ས་བབ་ཅུང་དམའ་བའི་རི་ཀླུང་དང་ལམ་ཟུར། ཞིང་གི་མུ་སོགས་སུ་འདེབས་འཛུགས་བྱས་ཏེ་སྐྱེ་བ་མང་།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བརྒྱད་པ་ཙམ་ལ་འབྲུ་གུ་སྨིན་མཚམས་སུ་བཏུས་ཏེ་སྐམ་གསེད་བྱས་ནས་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་མངར་ལ་ཚ་བ།  ཞུ་རྗེས་མངར་བ།  ངོ་བོ་དྲོད་ལ་སྣུམ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས། རོ་མངར་ལ་ཡིད་ཙམ་ཚ་བ་དང་།  ཞུ་རྗེས་མངར་བ།  ནུས་པ་དྲོ་ལ་སྣུམ་པའོ། །  ཞེས་གསུངས།

6 རྐྱང་བའི་ཕན་ཡོན།

མཆིན་ནད་གྲང་བ་དང་ཕོ་བའི་དྲོད་ཉམས་པ།  ཟས་མི་འཇུ་བ་སོགས་ལ་ཕན།

7 སྨན་སྦྱོར།

ཟི་ར་ནག་པོ་བརྒྱད་སྦྱོར།  ཟི་ར་ནག་པོ་ཞོ 4 དང་།   པི་པི་ལིང་ཞོ 3  ཕོ་བ་རིས་ཞོ 3   སྨན་སྒ་ཞོ 3  དབྱི་མོང་བསྲེགས་ཐལ་ཞོ 2 དང་སྐར་མ 5   ཙི་ཏྲ་ཀ་ཞོ 3    རྒྱམ་ཚྭ་ཞོ 2 དང་སྐར 5    ཤིང་ཀུན་ཞོ 2 བཅས་སྦྱར་བ་རྩི་བཞིན་བཏགས་པ་བཏང་ན།   སྐྲན་གྱི་རིགས་རྣམས་མ་ལུས་སེལ་བར་བྱེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།