གན་རྐྱལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གན་རྐྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

ལྟོ་བའི་ངོས་ཡར་བསྟན་ནས་ཉལ་བའམ་འགྱེལ་བའི་རྣམ་པ།
1 ལོ་ཙཱ།

རྒྱ་ཡིག 仰卧

དབྱིན་ཡིག lying on one’s back

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  (རྒྱན་ཚིག)ལྟོ་བའི་ངོས་ཡར་བསྟན་ནས་ཉལ་བའམ་འགྱེལ་བའི་དོན་ཏེ། ས་ལ་གན་རྐྱལ་དུ་འགྱེལ། མལ་ལ་གན་རྐྱལ་དུ་ཉལ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཡར་བལྟས་ཏེ་ཉལ་བ། 仰卧。(同)གན་ཀྱལ།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ལུས་ཀྱི་མདུན་ནམ། ཁ་གནམ་ལ་བསྟན་པ། 仰,上仰。身体前方或面部朝天:ལུས་གན་རྐྱལ་དུ་ཉལ་བ། 卧仰。ཐལ་མོ་གན་རྐྱལ་དུ་བསྟན་པ། 仰掌向上。གན་རྐྱལ་དུ་འགྱེལ་བ། 仰面跌倒བུ་ཆུང་ཐང་ལ་གན་རྐྱལ་ལོག་པ་ཡར་བསླངས། 扶起仰面跌倒在地上的孩子。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ལྟོ་བའི་ངོས་ཡར་གནམ་ལ་བསྟན་ནས་ཉལ་བའམ་འགྱེལ་བའི་རྣམ་པ་སྟེ། དཔེར་ན། ཉལ་ཁྲིའི་སྟེང་གལ་རྐྱལ་དུ་འགྱེལ་ནས་བསམ་བློ་བཏང་ལྟ་བུ། ལྡོག་ཚིག ཁ་སྦུབ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-26

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།