འཇིག་རྟེན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • དག་ཡིག
  • དངོས་ལུགས་ཀྱི་བརྡ་ཆད་ཅིག

འཇིག་རྟེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དངོས་ལུགས་ཀྱི་བརྡ་ཆད་ཅིག)

འཇིག་རྟེན།
ང་ཚོས་འགྲོ་བ་མིས་ལྟ་འཇལ་བྱེད་ཐུབ་པའི་འཇིག་རྟེན་དུ་སྐར་མའི་ཁྱིམ་རྒྱུད་ཐེར་འབུམ་དུ་མ་ཡོད་པ་དང་། སའི་གོ་ལ་དང་སྐར་མའི་གོ་ལ་གཞན་པ་ཡོད་ཚད་ནི་དངོས་རྫས་ལས་གྲུབ་པ་ཡིན། དངོས་རྫས་ནི་རྒྱུན་ཆད་མེད་པར་འགུལ་སྐྱོད་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世界
ཕྱི་ཡིག་གི་མིང་།
World
1 འཇིག་རྟེན་ནི་དངོས་རྫས་ལས་གྲུབ།

wKgMEFbzWyiAfVspAAHCwmV4cU4701.png.pngམིག་སྔར། ང་ཚོས་འགྲོ་བ་མིས་ལྟ་འཇལ་བྱེད་ཐུབ་པའི་འཇིག་རྟེན(cosmos,       universe)དུ་སྐར་མའི་ཁྱིམ་རྒྱུད་ཐེར་འབུམ་དུ་མ་ཡོད། དགུ་ཚིགས་ཁྱིམ་རྒྱུད(Milky Way galaxy)ནི་སྐར་མའི་ཁྱིམ་རྒྱུད་ཐེར་འབུམ་དུ་མ་ནང་གི་གཅིག་ཡིན། དགུ་ཚིགས་ཁྱིམ་རྒྱུད་ནི་ཤིན་ཏུ་ཆེ་སྟེ། འོད་ཆུན་གཅིག་དགུ་ཚིགས་ཁྱིམ་རྒྱུད་བརྒལ་དགོས་ན་ལོ་འབུམ་གཅིག་གི་དུས་ཚོད་དགོས། ཉི་མ(sun)ནི་དགུ་ཚིགས་ཁྱིམ་རྒྱུད་ཁྲོད་ཀྱི་བརྟན་སྐར་ཁྲག་ཁྲིག་དུ་མ་ནང་གི་གཅིག་ཡིན། ཉི་མའི་མཐའ་འཁོར་དུ་སྐར་མ་ལྷག་པ་དང་པ་སངས། སའི་གོ་ལ། མིག་དམར། ཕུར་བ། སྤེན་པ། སྐར་མ། གནམ་རྒྱལ། སྐར་མ་མཚོ་རྒྱལ། སྐར་མ་གཤིན་རྒྱལ་སོགས་རྒྱུ་སྐར་ཆེན་པོ་དགུ་ཡོད་པ་དང་། ཉི་མར་བསྐོར་ནས་འཁོར་བཞིན་ཡོད། སའི་གོ་ལ(Earth)ཉི་མ་དང་ཐག་ཅུང་ཉེ་བའི་འཁོར་གསུམ་པའི་སྟེང་དུ་ཡོད། དེ་ལས་གཞན་ད་དུང་རྒྱུ་སྐར་ཆུང་བ་དུ་མ་དང་སྐར་མ་དུ་བ་མཇུག་རིང་སོགས་ཉི་མར་བསྐོར་ནས་འཁོར་སྐྱོད་བྱེད་པའི་སྐར་མའི་གོ་ལའང་ཡོད།

2 དངོས་རྫས་ནི་ཆ་རྡུལ་ལས་གྲུབ།

ཚན་རིག་ཞིབ་འཇུག་ལས་རྟོགས་པ་སྟེ། དངོས་རྫས་གང་ཞིག་ཡིན་རུང་ཚང་མ་ཤིན་ཏུ་ཆུང་བའི་རིལ་རྡུལ་ལས་གྲུབ་པ་དང་། རིལ་རྡུལ་དེ་དག་གིས་དངོས་རྫས་ཀྱི་དང་ཐོག་གི་རང་བཞིན་སྲུང་འཛིན་བྱས་ཡོད། ང་ཚོས་དེ་དག་ལ་ཆ་རྡུལ(molecule)ཟེར། སྤྱིར་བཏང་གི་ཆ་རྡུལ་གྱི་ཆེ་ཆུང་ལ་སྨི1དུང་ཕྱུར་བརྒྱ་ལ་བགོས་པའི་ཆ་ཤས་དུ་མ་ཙམ་ལས་མེད་པས། མིག་གིས་མཐོང་མི་ཐུབ་མོད། འོན་ཀྱང་གློག་རྡུལ་ཕྲ་མཐོང་ཤེལ་གྱིས་ང་ཚོར་ལྟ་ཞིབ་བྱེད་རོགས་བགྱིད་ཐུབ།

3 སའི་གོ་ལ།

wKgMFFbzW7aAZfLVAACbd-3INM8662.png.png

སའི་གོ་ལ་དང་སྐར་མའི་གོ་ལ་གཞན་པ་ཡོད་ཚད་ནི་དངོས་རྫས་ལས་གྲུབ་པ་ཡིན། དངོས་རྫས་ནི་རྒྱུན་ཆད་མེད་པར་འགུལ་སྐྱོད་དང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

འགྲོ་བ་མིས་ཉི་མའི་ཁྱིམ་རྒྱུད་དང་འཇིག་རྟེན་ཡོངས་ལ་འཚོལ་ཞིབ་བྱེད་པར་དུས་ཡུན་རིང་བོ་ཞིག་བརྒྱུད། ཚན་རིག་མུ་མཐུད་དུ་ཡར་ཐོན་བྱུང་བ་དང་བསྟུན་ནས། འཚོལ་ཞིབ་དེ་རིགས་གཏིང་ཇེ་ཟབ་ནས་ཇེ་ཟབ་དུ་འགྲོ་ངེས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།