ཙན་དན་དམར་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙན་དན་དམར་བོ།
ཙན་དན་དམར་པོ་ནི། ཚ་དྲོད་ཆེ་བ་དང་སྐམ་ཤས་ཆེ་བའི་ནགས་སུ་སྐྱེ་བ་ཞིག་ཡིན། ཁྲག་དང་རླུང་འཐབ་པ་སོགས་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
紫檀香
ཕྱི་ཡིག་གི་མིང་།
Pterocarpus santalinus
མིང་གཞན།
རཀྟ་ཙནྡན། ཙནྡན་དམར་བོ། པ་ཏངྒ། ར་ཉྫ་ནམ། འཚོ་བྱེད། མ་ལ་ཡའི་ཙནྡན། ཀུ་ཙནྡན། ཙནྡན་ དམན་པ།
སྨན་དུ་སྦྱར་བྱ།
ཡལ་ཕྲན་དང་སྡོང་བོ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《ཤེལ་ཕྲེང》ལས། རིགས་དམར་སྨུག་གཉིས་འབྱུང་།  རྒས་པས་ཕལ་ཆེར་སྨུག་པ་དང་རྒྱུ་སྨུག་པ་གཉིས་ཐ་དད་དོ། །  བཟང་བ་རྒྱ་ནག་སྦས་གྱིན་ཕྱོགས་ནས་ཡོང་། ཆིང་ཐུའི་ཧུའི་ཕྱོགས་ནས་ཀྱང་དམར་བོ་བཟང་བ་དང་།  ངན་པ་སེ་ཁ་ཆགས་པ་ཡང་ཞིང་སོམ་པ་ཞིག་འབྱུང་།  རྒྱ་གར་མ་ལ་ཡ་ན་སྐྱེ་བར་གསུངས།  བཟང་བ་ལྕི་བ་རྭ་ལྟར་མཁྲེགས་པ་དྲི་ཞིམ་པ་རྡོ་ཤེལ་ལམ་མེ་རྡོ་ཤེལ་ལམ་མེ་རྡོ་དམར་བོ་ལྟར་དྭངས་བ་བཟང་། ཞེས་གསུངས་བ་ལྟར། འདི་ནི་ལོ་མང་སྐྱེ་བའི་ཤིང་སྨན་གྱི་སྡོང་བོ་རིང་བོའི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་བོ་སྦོམ་ལ་དྲང་བ་སྨི12ཙམ་དང་ཕྱི་པགས་མདོག་ནག་སྨུག་མཐུག་པོས་བཏུམས་ཤིང་སེར་ག་མང་བོ་གཞུང་དཀྱུས་སུ་གསལ་བའི་ནང་དཀར་སེར་རྭ་ལྟར་མཁྣ་རེགས་པོ་མང་ལ་ཚི་བ་སྦྱར་བག་མཐུག་ཅིང་ཡལ་ག་དང་ཡལ་ཕྲན་ཐུར་ལ་འཆར། ལོ་མ་གསུམ་ལོ་ཅན་གྱི་སྨད་ཆ་སྦོམ་ཞིང་མཐུག་ལ་སྒོང་དབྱིབས་ཅན་དང་། མེ་ཏོག་སེར་བོ་ངར་བ་གྱེས་མཚམས་ནས་འཆར་ཞིང་དྲི་མ་བཟང་། གང་བུ་ལེབ་ལ་རྩ་རིས་དྲ་བ་ལྟར་རྩེ་རྣོ་བའི་ནང་འབྲུ་སེར་སྨུག་འཇམ་ཞིང་མཁལ་དབྱབས་ཅན་གཉིས་ལས་མང་བ་ཡོད།

2 རིགས་དབྱེ།

《ཤེལ་ཕྲེང》ལས། རིགས་དམར་སྨུག་གཉིས་འབྱུང་།  རྒས་པས་ཕལ་ཆེར་སྨུག་པ་དང་རྒྱུ་སྨུག་པ་གཉིས་ཐ་དད་དོ། །  བཟང་བ་རྒྱ་ནག་སྦས་གྱིན་ཕྱོགས་ནས་ཡོང་།  ཆིང་ཐུའི་ཧུའི་ཕྱོགས་ནས་ཀྱང་དམར་བོ་བཟང་བ་དང་། ངན་པ་སེར་ཁ་ཆགས་པ་ཡང་ཞིང་སོམ་པ་ཞིག་འབྱུང་།  རྒྱ་གར་མ་ལ་ཡ་ན་སྐྱེ་བར་གསུངས།  བཟང་བ་ལྕི་བ་རྭ་ལྟར་མཁྲེགས་པ་དྲི་ཞིམ་པ་རྡོ་ཤེལ་ལམ་མེ་རྡོ་ཤེལ་ལམ་མེ་རྡོ་དམར་བོ་ལྟར་དྭངས་བ་བཟང་། ཞེས་དང་། 《བེེ་སྔོན》ལས།  མདོག་གི་ཁྱད་པར་གྱིས་དམར་སྨུག་གཉིས་སུ་འབྱེད་པའོ། །  ཞེས་དང་།  སྐྱེམས་པས།  སྤྱིར་བཏང་ཙན་དན་ལ་རིགས་དཀར་སེར་དམར་སྨུག་བཞི་ཡོད། ཅེས་དང་། 《ཁྲོག་སྨན་གྱི་འཁྲུངས་དཔེ》ལས། ཙན་དན་དམར་བོ་དང་ཙན་དན་སྨུག་པོ་ཞེས་གསུངས།

3 སྐྱེ་གནས།

རྒྱ་གར་དང་བལ་ཡུལ།  མ་ལེ་ཡ།  རྒྱ་ནག་སོགས་ཚ་དྲོད་ཆེ་བ་དང་།  སྐམ་ཤས་ཆེ་བའི་ནགས་སུ་སྐྱེས།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་དགུ་བ་ནས་གསུམ་པའམ་སྟོན་དཔྱིད་གང་རུང་ལ་བཏུས་ཏེ་ཕྱི་པགས་དོར་ནས་ནང་སྙིང་དམར་སྨུག་དེ་བསིལ་གྲིབ་ཏུ་སྐམ་ནས་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་བསྐ་བ་དང་ཞུ་རྗེས་ཁ་བ། ངོ་བོ་བསིལ་བ།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  ནུས་པ་བསིལ་ཞིང་རྟུལ་ལ་ཡང་ཞིང་རྩུབ་པའོ། །

6 རྐྱང་བའི་ཕན་ཡོན།

ཁྲག་ལ་ཚ་བ་ཞུགས་པ་དང་ཁྲག་ངན་འཕེལ་བ།  ཁྲག་དང་རླུང་འཐབ་པ་སོགས་དང་། ཙན་དན་གྱི་མར་ཁུ་ཕྱི་ལ་ཞུགས་པས་ཡན་ལག་གི་སྐྲངས་བ་བཅས་འཇོམས།

7 སྨན་སྦྱོར།

བུ་བཙས་ཙན་དན་བཅོ་བརྒྱད།    ཙན་དན་དམར་པོ་ཞོ 4 དང་།   དཀར་པ་ཞོ 3    ཧོང་ལིན་ཞོ 3     བ་ལེ་ཀ་ཞོ 3    པདྨ་གེ་སར་ཞོ 3     ནྰ་ག་གེ་སར་ཞོ 3     པུ་ཥྤ་གེ་སར་ཞོ 3        བཅའ་སྒ་ཞོ 3      སྤང་སྤོས་ཞོ 4       དུག་མོ་ཉུང་ཞོ 3      གསེར་གྱི་མེ་ཏོག་ཞོ 3     བིལ་བ་ཞོ 3  པར་པ་ཏ་ཞོ 4  ཛྰ་ཏི་ཞོ 3     འབྲས་བུ་གསུམ་སོ་སོ་ནས་ཞོ 3 རེ།    སུག་སྨན་ཞོ 3 བཅས་སྦྱར་བའི་ཙན་དན་བཅོ་བརྒྱད་པ་འདིས་ནི་བུད་མེད་ལ་རིམས་བཏང་དང་།    བུ་བཙས་པའི་རྗེས་ཙད་པ་སྐྱེ་བ་སེལ་བར་བྱེད་དོ།  །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-12

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།