སྨི་ཁའེ་ལང་ཆི་ལུའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨི་ཁའེ་ལང་ཆི་ལུའོ།
སྨི་ཁའེ་ལང་ཆི་ལུའོ•པོ་ནཱ་ལུའོ་ཏི་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོ་མཁན་དང་སྒྱུ་རྩལ་པ་ཞིག་ཡིན་ཞིང་། མིའི་རིགས་ལ་རི་མོའི་བརྩམས་ཆོས་དང་བཟོ་སྐྲུན་རྩ་ཆེན་མང་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
米开朗基罗•波纳罗蒂
ཕྱི་ཡིག་གི་མིང་།
Michelangelo di Lodovico Buonarroti Simoni
མཚན་ཧྲིལ་བོ།
སྨི་ཁའེ་ལང་ཆི་ལུའོ•པོ་ནཱ་ལུའོ་ཏི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1475.3.6-1564.2.18)
རྒྱལ་ཁབ།
དབྱི་ཐ་ལི།
ལས་རིགས།
རི་མོ་བ། འཇིམ་རྐོས་སྒྱུ་རྩལ་པ།
འཐུས་ཚབ་བརྩམས་ཆོས།
《ཆང་ལྷ་པ་སི་ཁུའུ》 《ཡེ་ཤུ་ལ་མྱ་ངན་ཞུ་བ》 《ཏའེ་ཝེ》
བྱས་རྗེས་གཙོ་བོ།
ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་རྐོ་བཟོ་སྒྱུ་རྩལ་ཡང་རྩེར་སོན་པའི་ཚབ་བྱེད་པ།
1 མི་སྣ་ངོ་སྤྲོད།

སྨི་ཁའེ་ལང་ཆི་ལུའོ•པོ་ནཱ་ལུའོ་ཏི་ནི(1475-1564)རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོ་མཁན་དང་སྒྱུ་རྩལ་པ་ཞིག་ཡིན་ཞིང་། མིའི་རིགས་ལ་རི་མོའི་བརྩམས་ཆོས་དང་བཟོ་སྐྲུན་རྩ་ཆེན་མང་པོ་བཞག་ཡོད།

སྨི་ཁའེ་ལང་ཆི་ལུའོ་མི་ཚེ་གང་བོར་འཇིམ་རྐོས་ལ་དགའ་པོ་ཡོད་པས་རང་ཉིད་ཀྱི་ལག་པ་ནི་སྒྱུ་རྩལ་འབྲི་བཞེངས་ཀྱི་ལག་པ་ཡིན་པར་ངོས་འཛིན་གྱིན་ཡོད། ཁོང་གི་བརྐོས་རིས《ཆང་ལྷ་པ་སི་ཁུའུ》དང《ཡེ་ཤུ་ལ་མྱ་ངན་ཞུ་བ》གཉིས་བརྒྱུད་ཁོ་རང་མིང་དུ་གྲགས། 1505ལོར། ཁོང་གི་རྐོས་རིས་བརྩམས་ཆོས་ཆེན་མོ《ཏའེ་ཝེ》ཞེས་པ་ཡོངས་སུ་གྲུབ། དེས་ཁོང་ཉིད་ཚང་མས་ཁས་ལེན་བྱེད་པའི་དེང་རབས་ཀྱི་ཆེས་རླབས་ཆེན་གྱི་རྐོས་རིས་མཁན་དུ་གྱུར་པའོ།།

2 མི་ཚེ་དང་འགྲན་རྩོད།

སྨི་ཁའེ་ལང་ཆི་ལུའོ་རིག་རྩལ་བསྐྱར་དར་སྐབས་ཀྱི་རྐོས་རིས་ཆེས་རྩེར་སྙེག་སྐབས་ཀྱི་ཚབ་བྱེད་མི་སྣ་ཡིན་པར་མ་ཟད། སྐབས་དེའི་མིང་དུ་གྲགས་པའི་རི་མོ་མཁན་ཡང་ཡིན། ཁོང་དང་རི་མོ་པ་ལཱ་ཝུན་ཨེར་གཉིས་ནི་གྲོགས་པོ་ཡིན་ལ། འགྲན་ཟླ་ཡང་ཡིན། ཉིན་ཞིག་ལ་ཁོང་གཉིས་ཀྱིས་མཉམ་དུ་བརྩམས་ཆོས་ལ་གྲོས་སྡུར་བྱེད་དུས་ལྟ་ཚུལ་མ་མཐུན་པར་རྩོད་གླེང་བྱས་བྱུང་། མཐར་ལཱ་ཝུན་ཨེར་གྱིས་ཁོང་གཉིས་ཀྱིས་རང་རང་ས་ནས་ཏི་མོ་ཞིག་བྲིས་ཏེ་མི་ཚང་མར་མཐོ་དམན་གྱི་དཔྱད་གླེང་བརྗོད་དུ་འཇུག་རྒྱུའི་བསམ་འཆར་བཏོན།

ཁོང་གཉིས་ཀྱིས་གྲོས་བྱེད་བརྩི་སྲུང་བྱས་ཏེ་རང་ས་ནས་རི་མོ་བློ་བཀོད་བྱས། ལཱ་ཝུན་ཨེར་གྱི་བྲིས་པ་ནི་བྱིས་པ་ཞིག་གིས་རྒུན་འབྲུམ་ཡར་འདེགས་པར་བྱེད་པ་ཡིན། བྱིས་པ་བྲིས་པ་ངོ་མ་ཞིག་དང་འདྲ་ལ། རྒུན་འབྲུམ་བྲིས་པ་གསར་དུ་ཚེས་མ་ཐག་པའི་རྒུན་འབྲུམ་ཇི་བཞིན་འགྲམ་ཆུ་ལྡང་བ་ཞིག་ཡིན། ལཱ་ཝུན་ཨེར་རང་གི་རི་མོའི་མདུན་དུ་ལངས་ནས་ལྟ་ཞིབ་བྱས་རྗེས་ཧ་ཅང་ཡིད་ཚིམ་པའི་ངང་གཟབ་གཟབ་ཀྱིས་སྒྲིབ་རིས་བཀབ་རྗེས་རི་མོ་འགྲན་པའི་ཉིན་མོར་བསྒུག་ནས་བསྡད།

མ་འགྱངས་པར། དུས་བཅད་ཀྱི་ཉིན་མོ་སླེབས་བྱུང་། ལཱ་ཝུན་ཨེར་གྱིས་སྔོན་ལ་རང་གི་བརྩམས་ཆོས་ཕྱིར་བཏོན། ཁོང་གིས་སྒྲིབ་རིས་བཀྱགས་པ་ན་མི་རྣམས་ཀྱིས་མ་གྲོས་རང་མཐུན་གྱིས་བསྟོད་བསྔགས་ཚད་མེད་གནང་། རྒུན་འབྲུམ་བྲིས་པ་རྒུན་འབྲུམ་ངོ་མ་དང་འདྲ་བས་ཁང་བྱི་ཡང་བབས་བྱུང་། འོན་མི་རྣམས་ཀྱིས་སྨི་ཁའེ་ལང་ཆི་ལུའོ་སྣང་མེད་དུ་སྐྱུར་ནས་འདུག དེ་བས་ཁོང་རང་ཁ་རོག་གེར་རང་གི་བརྩམས་ཆོས་མདུན་དུ་ལངས་འདུག

ལཱ་ཝུན་ཨེར་གྱིས་སྣང་ཚུལ་འདི་མཐོང་རྗེས་བྲེལ་བ་ལངས་ནས་ཁོའི་མདུན་དུ་སོང་ནས་ཁྱེད་ཀྱིས་ཀ་རེ་ཀོ་རེ་ཅི་བྱེད་ཀྱིན་ཡོད། མྱུར་དུ་སྒྲིབ་རིས་ཕྱིས་ནས་ང་ཚོར་ལྟ་རུ་ཆུགས་ཞེས་བཤད། ཁོས་སྒྲིབ་རིས་དེ་ཡར་བཀྱགས་པ་ན་གློ་བུར་དུ་གློག་གིས་བརྒྱབ་པ་བཞིན་ཧ་ལས་པར་གྱུར། དེ་མ་ཐག་ཁོང་གིས་རང་གི་བློར་བབས་བརྩམས་ཆོས་དེ་ཕྱིར་བསྡུས་ནས་ལྟད་མོ་བ་རྣམས་ལ་ང་ཕམ་སོང་ཞེས་ཁྱབ་བསྒྲགས་བྱས།

དོན་དམ་པས་སྨི་ཁའེ་ལང་ཆི་ལུའོ་ཡིས་བྲིས་པ་སྒྲིབ་རིས་དེ་ཡིན་ལ། ལཱ་ཝུན་ཨེར་གྱི་རི་མོས་ཁང་བྱི་ལ་མིག་འཁྲུལ་བཟོས་ནའང་། སྨི་ཁའེ་ལང་ཆི་ལུའོ་ཡི་རི་མོས་རི་མོ་མཁན་ལའང་མིག་འཁྲུལ་བཟོས་པའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-30

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།