མོན་ཆ་ར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མོན་ཆ་ར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསོ་རིག )

མོན་ཆ་ར།
མོན་ཆ་ར་ནི། ཚ་བ་ཆེ་བ་དང་། རི་ཐང་གི་ནགས་གསེབ་སོགས་སུ་སྐྱེ་བའི་ཤིང་སྨན་ཅིག་ཡིན། ཚ་གྲང་གང་གིས་འཁྲུ་བ་གཅོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏橡
ཕྱི་ཡིག་གི་མིང་།
Quercus robur L.
མིང་གཞན།
ཤལྨ་ལི། བྷ་རེ་རམ། མེ་ར་ཙ་ལི། འགྲམ་གཅོད། འཁྲུ་གཅོད། དེ་མིན་བེ་ཁྲག་དང་བེ་འབྲས། མོ་ཙ་ལི།
སྨན་དུ་སྦྱར་བྱ།
འབྲས་བུ་དང་བེ་ཁྲག
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《འཁྲུངས་དཔེ》ལས།  བེ་ཤིང་ལོ་མ་ལེབ་ལ་སྒོར། །ཇ་ཡི་ལོ་མ་འདྲ་བ་ལ། །ཚེར་མ་བག་ཙམ་ཡོད་པ་སྟེ། །འབྲས་བུ་ཛྰ་ཏི་ཕ་ལ་འདྲ། །  ཞེས་དང་།  《ཤེལ་ཕྲེང》ལས།  བེ་ནག་རྒན་པོ་ལས་བབ་པའི་ཚི་ཁུ་ཁྲག་འདྲ་བ་ཞེས་གསུངས།

2 རིགས་དབྱེ།

《བེེ་སྔོན》དུ་མཆོག་ནི་བེ་དོ་ནག་པོའི་ཁྲག་སྟེ་ར་ཁྲག་སྐམ་པོ་འདྲ་བ་དང་།  དམན་པ་བེ་འབྲས་ཀྱང་ཚབ་རུང་ཙམ།  ཞེས་དང་།  《སྐྱེམས་འགྲེལ》ལས།  མོན་ཆ་ར་ལ་རྗེ་གཡུ་ཐོག་པས་བེ་ནག་གི་ཁྲག་ལ་འདོད་དེ་མོན་ཆ་ར་ནི་ཁྲག་སྐམ་འདྲ་ཟེར།  རྗེ་རང་བྱུང་བས་འབྲས་བུ་ལ་ངོས་བཟུང་སྟེ། བེ་ནག་འབྲས་བུ་མོན་ཆ་ར། འཁྲུ་བ་གཅོད་པའི་དམན་པ་ཡིན་གསུངས། རྗེ་ཟུར་མཁར་བས་གཉིས་ཀར་འདོད་དེ། མོན་ཆ་ར་ནི་བེ་དོ་ནག་པོའི་ཁྲག་དང་འབྲས་བུ་གཉིས་ལ་ཟེར། ཞེས་དང་། 《ཁྲོག་སྨན་གྱི་འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང》ལས།  མོན་ཆ་ར་མཆོག་དང་མོན་ཆ་ར་དམན་པ་ཞེས་དང་།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས། ཤིང་སྡོང་སྦོམ་ལ་རིང་ཤིང་ཤིན་ཏུ་མཁྲེགས་པའི་ཕྱི་པགས་ཁམ་ནག་མཐུག་ཅིང་ནང་མདོག་དཀར་བ་དང་སྨུག་ནག་གཉིས་ཡོད་དེ། བེ་ཁྲག་ཅེས་པ་ནི་གོང་དུ་གསལ་བ་ལྟར་བེ་ཤིང་དཀར་ནག་གཉིས་ལ་ཟེར། ཞེས་གསུངས།

3 སྐྱེ་གནས།

བོད་ལྗོངས་ཀྱི་ཉིང་ཁྲི་དང་རྫ་ཡུལ།  སྤོ་ཡུལ།  སྨན་གླིང་སོགས་དང་།  བལ་ཡུལ།  འབྲུག་ཡུལ།  ནུབ་འབྲས་ལྗོངས།  རྒྱ་གར་ཧི་མ་ཅལ་མངའ་སྡེའི་རི་རྒྱུད་རྡ་རམ་ས་ལའི་ཉེ་འགྲམ་དང་མ་ནྰ་ལི་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2900ཡས་མས་ཀྱི་རོང་མཚམས་ཀྱི་ཚ་བ་ཆེ་བ་དང་། རི་ཐང་གི་ནགས་གསེབ་སོགས་སུ་སྐྱེ་བ་མང་།  གཞན་ཡང་ཡོ་རོབ་སོགས་སུའང་སྐྱེས།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བརྒྱད་པ་ནས་བཅུ་བ་བར། འབྲས་བུ་སྨིན་མཚམས་སུ་འབྲས་བུ་ས་ལ་ལྷུང་སྐབས་སྒྲུག་སྟེ་སྐམ་གསེད་བྱ་དགོས་པ་དང་།  དེ་བཞིན་སྟོན་དཔྱིད་གང་རུང་ལ་བེ་ཁྲག་བླངས་ནས་མ་རུལ་བར་སྐམ་སྟེ་སྨན་ལ་སྤྱོད་དགོས།

5 རོ་ནུས་ཞུ་རྗེས།

རོ་བསྐ་བ་དང་ཞུ་རྗེས་ཁ་བ། ངོ་བོ་སྙོམས།  《བདུད་རྩི་སྨན་གྱི་འཁྲུངས་དཔེ》ལས།  ནུས་པ་ལྕི་ལ་རྣོ་བའོ། །

6 རྐྱང་བའི་ཕན་ཡོན།

ཚ་གྲང་གང་གིས་འཁྲུ་བ་གཅོད།

7 སྨན་སྦྱོར།

འཇམ་འབྲས། 0010 སྲ་འབྲས། 0010 ཅུ་གང་། 0010 སུག་སྨེལ། 0010 གུར་ཀུམ། 0010 ཨ་རུ་ར། 0010 ཛཱ་ཏི། 0300 ལ་ལ་ཕུད། 0300 པི་པི་ལིང་། 0300 བཅའ་སྒ 0300 ཨུཏྤལ། 0300 བཙོད། 0300 ཙི་ཏྲ་ཀ 0300 ཀ་པེད། 0300 མོན་ཆ་ར། 0300 ད་ཏྲིག 0300 སེ་འབྲུ། 0300 རྒྱུན་མཁོའི་སྨན་སྦྱོར་གཅེས་བསྡུས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-28

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།