མེ་ཏོག་ཙམ་པ་ཀ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེ་ཏོག་ཙམ་པ་ཀ
མེ་ཏོག་ཙམ་པ་ཀ་ནི། ཚ་དྲོད་ཆེ་བའི་རི་ཐང་མཚམས་དང་ཤིང་ནགས་གསེབ། སྐམ་ཤས་ཆེ་ས་སོགས་སུ་སྐྱེ་བ་མང་། སྤྱི་ཟླ་བཅུ་གཅིག་ནས་དང་བོའི་བར་རམ། འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་ཉི་མར་སྐམ་དགོས། ཚད་པའི་ནད་རིགས་ཀུན་ལ་ཕན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
木蝴蝶
ཕྱི་ཡིག་གི་མིང་།
Indian Trumetflower Seed, Seed of Indian Trumetflower
མིང་གཞན།
ཙམ་པ་ཀ
སྨན་དུ་སྦྱར་བྱ།
འབྲས་བུ།
སྡེ་ཁོངས།
ཤིང་སྨན་གྱི་སྡེ།
1 སྐྱེ་དབྱིབས།

《ཤེལ་ཕྲེང》ལས།  རྒྱ་གར་ནས་འོང་བའི་གང་བུ་མཁྲེགས་པོ་གོ་བོའི་སྒྲོ་དབྱིབས་ཞེང་སོར་བཞི་སྲིད་མདའ་ཚད་ཙམ་གྱི་ནང་ནས་འབྲས་བུ་དཀར་བོ་བྲེ་གའི་གང་དབྱིབས་འདབ་མ་དཀར་འཇམ་ཅན་བརྒྱ་ཕྲག་བདུན་བརྒྱད་ཙམ་ཡོང་བ་དབང་ཞུའི་མེ་ཏོག་ལྷ་ལ་དོར་རྒྱུ་བྱེད། ཅེས་གསུངས་པ་བཞིན། འདི་ནི་ཤིང་སྡོང་ཆུང་བ་ནས་འབྲིང་བ་བར་གྱི་ལོ་ལྷུང་གི་མཐོ་ཚད་སྨི 1 ཙམ་སྐྱེ་བའི་ཤིང་སྨན་ཞིག་ཡིན་ཞིང་། ཕྱི་པགས་མཉེན་ལ་སྨུག་ཅིང་ནག་ཤས་ཆེ་བ་ཅན་མཁྲེགས་པའི་རྣམ་པ་ཡོད། ཡལ་ག་དང་ཡལ་ཕྲན་རིང་ཞིང་སྦོམ་ལ་མཁྲེགས་པོ་དང་ལོ་མཆེ་ལ་བྱ་སྒྲོའི་དབྱིབས་ཅན་གྱི་མཐའ་མཉམ་ཞིང་རྩ་རིས་གསལ་ཞིང་རེས་མོས་སུ་སྐྱེ་ཡོད།  མེ་ཏོག་དམར་སྨུག་ཟེའུ་འབྲུ་ཕོ་མོ་མཉམ་འཆར་དང་གང་བུ་ལེབ་ལ་རྩེ་མོ་རྣོ་ཞིང་འབྲུ་གུ་སྤུས་ཁྱབ་པ་མང་བོ་ཡོད།

2 རིགས་དབྱེ།

འདི་ལ་རིགས་གཅིག་ཡོད།

3 སྐྱེ་གནས།

བལ་ཡུལ་དང་རྒྱ་ནག  འབྲས་ལྗོངས།  འབར་མ།  རྒྱ་གར་སོགས་སའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི1700ཡས་མས་ཀྱི་ཚ་དྲོད་ཆེ་བའི་རི་ཐང་མཚམས་དང་ཤིང་ནགས་གསེབ།  སྐམ་ཤས་ཆེ་ས་སོགས་སུ་སྐྱེ་བ་མང་།

4 བཏུ་དུས་དང་ལས་སྣོན།

སྤྱི་ཟླ་བཅུ་གཅིག་ནས་དང་བོའི་བར་རམ། འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་ཉི་མར་སྐམ་དགོས།

5 རོ་ནུས་ཞུ་རྗེས།

རོ་བསྐ་ལ་ཁ་བ་དང་།  ཞུ་རྗེས་ཁ་བ།  ངོ་བོ་བསིལ་བ།

6 རྐྱང་བའི་ཕན་ཡོན།

ཚད་པའི་ནད་རིགས་ཀུན་ལ་ཕན།     


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-14

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།