ཀུ་པའེ་ཉི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུ་པའེ་ཉི།
ཉི་ལྟེ་སྨྲ་བའི་ལྟ་བ་འདོན་མཁན་ཀོ་པའེ་ཉི་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕོ་ལན་རྒྱལ་ཁབ་ཀྱི་གནམ་དཔྱད་རིག་པ་བ་དང་རྩིས་རིག་པ། ཆོས་ཚོགས་བཅའ་ཡིག་གི་འབུམ་རམས་པ། ཆོས་དཔོན་བཅས་ཡིན། ས་འགུལ་རིག་པ་དང་ཉེ་ལྟེ་སྨྲ་བའི་གསར་གཏོད་པ། དེང་རབས་རྩོམ་རིག་གི་རྨང་གཞི་འདིང་མཁན་བཅས་ཡིན། རང་བྱུང་ཚན་རིག་གི་རང་ཚུགས་བསྒྲགས་གཏམ་སྟེ《གནམ་གཟུགས་འཁོར་སྐྱོད་སྨྲ་བ》ཞེས་པ་མཛད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尼古拉•哥白尼
ཕྱི་ཡིག་གི་མིང་།
Nikolaj Kopernik(ཕོ་ལོན་སྐད)Nicolaus Copernicus
མཚན་ཧྲིལ་བོ།
ཉི་ཀུའུ་ལཱ•ཀོ་པའེ་ཉི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1473.2.9-1543.5.24)
རྒྱལ་ཁབ།
ཕོ་ལན།
མི་རིགས།
ཕོ་ལན་མི་རིགས།
ལས་རིགས།
གནམ་གཤིས་རིག་པ་བ། རྩིས་རིག་པ།
དད་མོས།
གནམ་བདག་ཆོས་ལུགས།
འཐུས་ཚབ་བརྩམས་ཆོས།
《སྐར་ཚོགས་འཁོར་སྐྱོད་སྨྲ་བ》
བྱས་རྗེས་གཙོ་བོ།
ཉི་ལྟེ་སྨྲ་བའི་ལྟ་བ་བཏོན་པ། དེང་རབས་གནམ་དཔྱད་རིག་པའི་སྲོལ་འབྱེད་མཁན།
1 ངོ་སྤྲོད་མདོར་བསྡུས།

ཉི་ཀུའུ་ལ·ཁོ་ཕར་ཉི(Nicolaus Copernicus,尼古拉·哥白尼1473 AD~1543 AD)ནི་ཕོ་ལན་རྒྱབ་ཁབ་ཀྱི་ཐུའོ་ལུན(Torun,托伦市)ཞེས་པའི་ས་ཆར་སྐུ་འཁྲུངས། སྤྱི་ལོ1543ལོའི་ཟླ5བའི་ཚེས24ཉིན། ཁོ་ཕར་ཉི་ལ་སྙུང་གཞི་ཡིན་རྐྱེན་པས་ཧྥེ་ལུན་པའོ་ཆོས་ཁང་ཆེན་མོ་ནས་ཚེ་ལས་འདས།

2 མི་ཚེའི་བརྒྱུད་རིམ།

སློབ་འབྲིང་སྐབས་ཞང་བོར་འགྲོགས་ནས་མི་ཚུལ་རིང་ལུགས་པའི་འདུ་ཚོགས་གང་མང་ལ་ཟུར་ཞུགས་བྱས་སྟབས་མི་ཚུལ་བསམ་བློ་དང་ཚན་རིག་ཞིབ་འཇུག་གི་སློབ་སྲོལ་གསར་བའི་ཤུགས་རྐྱེན་ཆེན་པོ་ཐེབས། ཁོང་ཆུང་དུས་ནས་ནམ་མཁའི་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུར་དགའ། རྒྱུན་དུ་སྐར་ཚོགས་ཀྱིས་བརྒྱན་པའི་ཨ་སྔོན་དགུང་ལ་ཅེར་ནས་སྡོད་པས། ཀུ་པའེ་ཉིའི་ཕུ་བོས་ཁོ་ཉིན་རྒྱུན་སྒེའུ་ཁུང་འགྲམ་ནས་སྡོད་འདུག་པའི་རྒྱུ་མཚན་ཡེ་ནས་ཧ་གོ་མ་སོང་ལ། དུས་དེར་ཁོང་གི་མི་ཚེ་གང་བོའི་འདུན་མ་གནམ་གཤིས་བརྟག་དཔྱད་ལ་བཅོལ་བཞིན་པ་དེ་བས་ཀྱང་མ་ཚོར།

ཁོས་སྔ་ཕྱིར་ཁའོ་ལ་ཁོ་ཧྥུ་སློབ་གྲྭ་ཆེན་མོ(Kraków University,克拉科夫大学)དང་། དབྱི་ཐ་ལིའི་པོ་ལུའོ་ཀོ་ན་སློབ་ཆེན།(Bologna University, 博洛尼亚大学) པ་ཏུའོ་ཝ་སློབ་ཆེན(University of Padua,帕多瓦大学)སོགས་སུ་ཁྲིམས་ལུགས་དང་། གསོ་རིག ལྷའི་རིག་པ་སོགས་ལ་གསན་སྦྱོང་མཛད་པས། ཆོས་ཚོགས་ཁྲིམས་ཀྱི་འབུམ་རམས་པའི་མཚན་རྟགས་བླངས་པར་མ་ཟད། གསོ་རིག་གི་ཐད་ནས་ཀྱང་སྨན་དཔྱད་ཀྱི་ལག་རྩལ་མཐོ་བས། མི་རྣམས་ཀྱིས"ལྷ་རྗེ"ཞེས་འབོད།

3 གནམ་གཤིས་བརྟག་དཔྱད།

སྤྱི་ལོ1512ལོར། ཀུ་པའེ་ཉི་ཧྥོ་ལུང་མཁར་དུ་གནས་སྤར། དེ་ནི་གྲུ་ཁ་ཆུང་ཆུང་ཞིག་སྟེ་གནའ་བོའི་མཁར་རྫོང་ཞིག་ཡིན། འདིའི་ནུབ་བྱང་མཚམས་སུ་མཁར་སྒོའི་ཐོག་ཁང་ཞིག་ཡོད་ལ་དེ་ནི་འཛམ་གླིང་སྟེང་མིང་དུ་གྲགས་པའི་མི་ཚུལ་རིག་པ་བ་ཀུ་པའེ་ཉིའི་གནམ་དཔྱད་སྟེགས་བུ་རེད།

ཀུ་པའེ་ཉིས་མཁར་སྒོའི་ཐོག་ཁང་འདི་ཉོས་རྗེས། གནམ་དཔྱད་སྟེགས་བུ་ཆུང་ཆུང་ཞིག་བཙུགས་པ་དང་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་ཉིན་མཚན་མེད་པར་ཞིབ་འཇུག་དང་རྟོག་ཞིབ་བྱས། སློབ་ཚོགས་ཀྱི་གནོད་འཚེ་དང་གསང་ཉུལ་བའི་སོ་ལྟ། དེའི་མི་ཚད་སྤྱི་ལོ1519ལོར་ཕོ་ལན་དང་ཐིའོ་ཏུན་གྱི་སྐྱ་དམག་འཐབ་འཛིང་བྱེད་དུས་ཀྱང་སྲོག་ལ་མ་འཛེམ་པར་གནམ་གཤིས་རྟོག་ཞིབ་ཀྱི་བྱ་བ་བསྒྲུབས།

དུས་རབས་བཅུ་བདུན་པ་ནས། ཀུ་པའེ་ཉིའི་གནམ་དཔྱད་སྟེགས་བུ་དེ་གནམ་དཔྱད་རིག་པའི་གནས་མཆོག་ཏུ་བཀུར་ནས་ད་བར་དུ་མི་སྟོང་ཕྲག་མང་པོ་གནས་མཇལ་དུ་ཡོང་བ་དང་རླབས་ཆེ་བའི་ཚན་རིག་མཁན་པོ་འདི་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། ཁོང་གིས་མི་ཚེ་གང་བོའི་སེམས་ཤུགས་ལ་བརྟེན་ནས་གནམ་གཤིས་ཚོད་ཞིབ་དང་། རང་བྱུང་ཚན་རིག་གི་རང་ཚུགས་བསྒྲགས་གཏམ་སྟེ《སྐར་ཚོགས་འཁོར་སྐྱོད་སྨྲ་བ》ཞེས་པ་མཛད། དེ་ནི་དུས་རབས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཡིན་ལ། དེབ་དེ་སྤེལ་བ་ལས་མིའི་རིགས་ཀྱི་འཇིག་རྟེན་ལྟ་ཚུལ་གྱི་དུས་རབས་གསར་བ་ཞིག་གི་མགོ་བརྩམས་པ་མཚོན།

4 མཛད་རྗེས་གཙོ་བོ།

ཁོང་གི་མཛད་རྗེས་གཙོ་བོ་ནི《གནམ་གཟུགས་འགུལ་སྐྱོད་རྣམ་བཞག》(天球运行论)ཅེས་པ་ལས"ཉི་ལྟེ་སྨྲ་བའི་ལྟ་བ"(日心说)བཏོན་ཏེ། གནའ་བོའི་ཀེ་རི་སེའི་ཐུའོ་ལེ་སྨི་ཡི་འཇིག་རྟེན་ཆགས་རིམ་གྱི་གཞུང་ལུགས་ལ་དོགས་སློང་བྱས་ཤིང་། འཇིག་རྟེན་ཆགས་རིམ་ནི་རྒྱུ་སྐར་གྱིས་འགུལ་མེད་ཀྱི་སའི་གོ་ལར་སྐོར་བ་རྒྱག་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་རྒྱུ་སྐར་གྱིས་ཉི་མར་སྐོར་བ་རྒྱག་པར་བཞེད་པས། ཚན་རིག་ལ་གསར་བརྗེ་ཆེན་པོ་བྱུང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-21

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།