ཏཱ.ཧྥུན་ཆི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏཱ.ཧྥུན་ཆི།
ཏཱ•ཧྥུན་ཆི་ནི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་དང་ཚན་རིག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
列奥纳多•迪•皮耶罗•达•·芬奇
ཕྱི་ཡིག་གི་མིང་།
Leonardo Di Ser Piero Da Vinci
མཚན་ཧྲིལ་བོ།
ལིའེ་ཨའོ་ན་ཏུའོ•ཏི•ཕི་ཡེ་ལུའོ•ཏཱ•ཧྥུན་ཆི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1452.4.15-1519.5.2)
རྒྱལ་ཁབ།
དབྱི་ཐ་ལི།
ལས་རིགས།
རི་མོ་བ།
འཐུས་ཚབ་བརྩམས་ཆོས།
《ཆེས་མཐའ་མཇུག་གི་དགོང་ཟས》དང《མེང་ནཱ་ལི་ཧྲ》
བྱས་རྗེས་གཙོ་བོ།
《ཆེས་མཐའ་མཇུག་གི་དགོང་ཟས》དང《མེང་ནཱ་ལི་ཧྲ》ནི་འཛམ་གླིང་སྒྱུ་རྩལ་བང་མཛོད་ནང་གི་ནོར་བུ་ལྟ་བུ་ཡིན།
གོ་གནས།
དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་དང་ཚན་རིག་པ་ཡིན།
1 མི་སྣ་ངོ་སྤྲོད།

ལིའེ་ཨའོ་ན་ཏུའོ•ཏི•ཕི་ཡེ་ལུའོ•ཏཱ•ཧྥུན་ཆི་ནི(1452-1519)དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་པ་དང་ཚན་རིག་པ་ཡིན། ཁོང་གི་བརྩམས་ཆོས《ཆེས་མཐའ་མཇུག་གི་དགོང་ཟས》དང《མེང་ནཱ་ལི་ཧྲ》ནི་འཛམ་གླིང་སྒྱུ་རྩལ་བང་མཛོད་ནང་གི་ནོར་བུ་ལྟ་བུ་ཡིན། སྒྱུ་རྩལ་བརྩམས་ཆོས་ལས་གཞན་ཁོང་གིས་ད་དུང་རང་བྱུང་ཚན་རིག་སྐོར་གྱི་བརྩམས་ཆོས་ལག་བྲིས་ཤོག་ལྷེ་སྟོང་བདུན་ལྷག་བརྩམས་ཡོད། ཨེན་ཀི་སིས་ཁོང་ནི་རི་མོ་པ་ཞིག་ཡིན་པར་མ་ཟད། གྲངས་རིག་པ་བ་ཆེན་པོ་དང་ཤུགས་ཀྱི་རིག་པ་བ། བཟོ་འགོད་པ་སོགས་ཡིན་ཞེས་གདེང་འཇོག་བྱས།

2 མི་སྣའི་ལོ་རྒྱུས།

ཏཱ•ཧྥུན་ཆི་ནི་དབྱི་ཐ་ལིའི་གྲོང་ཁྱེར་ལུའོ་ལུན་ས་རུ་སྐྱེས་ཤིང་། ཆུང་དུས་ནས་རི་མོ་འབྲི་བར་ཤིན་ཏུ་དགའ་བོ་ཡོད། ལོ་བཅུ་བཞིའི་སྟེང་ནས་མིང་དུ་གྲགས་པའི་རི་མོ་མཁན་དང་འཇིམ་བཟོ་པ་ཝའེ་ལུའོ་ཆེ་ཨའོ་ཡིས་གཉེར་པའི་སྒྱུ་རྩལ་བཟོ་གྲྭའི་ནང་དུ་རི་མོ་འབྲི་སྲོལ་སྦྱངས།

ཝའེ་ལུའོ་ཆེ་ཨའོ་ཡིས་སློབ་མ་རྣམས་ལ་ཧ་ཅང་གཟབ་ནན་བྱེད་ཅིང་། སྦྱོང་བརྡར་བྱེད་ཐབས་ཀྱང་གཞན་དང་མི་མཚུངས། ཁོང་གིས་ཐོག་མར་ཏཱ•ཧྥུན་ཆི་ལ་གནའ་བོའི་རི་མོ་གྲགས་ཅན་འབྲི་ཚུལ་དང་རི་མོའི་གཞུང་ལུགས་གང་ཡང་མི་འཁྲིད་པར་ཁོང་ལ་སྒོ་ང་དག་དག་འབྲི་རུ་བཅུག  ཏཱ•ཧྥུན་ཆིས་ཉིན་དུ་མར་སྒོ་ང་བྲིས་མཐར་སུན་སྣང་སྐྱེས་ནས་དགེ་རྒན་གྱི་མདུན་དུ་སོང་ནས་ཉིན་རྒྱུན་སྒོ་ང་བྲིས་པས་ཅི་ཕན། དུས་ཚོད་འཕྲོ་བརླགས་སུ་བཏང་བ་མ་ཡིན་ནམ་ཞེས་འུར་བརྒྱབ། ཡིན་ཡང་རྒན་ལགས་ཀྱིས་ཁོང་ལ་སྒོ་ང་ཆིག་སྟོང་ཡོད་ནའང་སོ་སོའི་དབྱིབས་གཟུགས་མི་འདྲ། སྒོ་ང་གཅིག་ལའང་ཟུར་རེ་རེ་ནས་བལྟས་པའི་རྣམ་པ་མི་འདྲ་བ་ཡིན། ཁྱོད་ཀྱིས་མཉམ་བཞག་གམ་ཞེས་དྲིས་པ་རེད།

ཏཱ•ཧྥུན་ཆིས་དགེ་རྒན་གྱི་ཁ་ཏར་ཉན་རྗེས་གཞི་རྩའི་སྦྱོང་བརྡར་གཙོ་གལ་ཆེ་བ་རྟོགས་ལ། དུས་དེ་ནས་བཟུང་སྟེ་དཀའ་སྤྱད་འབད་བརྩོན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྒོ་ནས་འབྲི་སྲོལ་སྦྱངས་མཐར། གཞི་ནས་རི་མོའི་འབྲི་རྩལ་བྱང་དུ་ཆུབ། ཐེངས་ཤིག་ལ་རྒན་ལགས་ཀྱི་ལག་རོགས་ཡིན་པའི་ཏཱ•ཧྥུན་ཆི་དང་རྒན་ཝའེ་ལུའོ་ཆེ་ཨའོ་གཉིས་ཀྱི་རི་མོ་མཉམ་འབྲི་བྱས། རྒན་ལགས་ལ་ཆོས་ལུགས་དང་ལྷའི་རིག་པའི་བསམ་བློའི་བཀག་རྒྱ་ཐེབས་ཡོད་པའི་དབང་གིས་བྲིས་པའི་རི་མོ་ཆོ་མེད་བྲོ་མེད་ཅིག་ཡིན་པ་དང་། ཏཱ•ཧྥུན་ཆིའི་བྲིས་པའི་ལྷའི་ཕོ་ཉར་གསོན་ཉམས་ལྡན་པས། རྒན་ལགས་ཀྱིས་གཟིགས་རྗེས་རང་ཉིད་ཀྱིས་བྲིས་པ་ཁོང་ལ་མི་དོ་ཞེས་བསྟོད་བསྔགས་བྱས། ཁོང་ལ་ཏཱ•ཧྥུན་ཆི་རྗེས་ཕྱོགས་མིང་དུ་གྲགས་པའི་རི་མོ་མཁན་ཞིག་ཏུ་འགྱུར་ངེས་ཡིན་ཞེས་ཁ་ཚོན་བཅད་དེ་བཤད་པ་རེད།

ཏཱ•ཧྥུན་ཆིས་ཚང་མའི་རེ་བ་སྟོང་ཟད་དུ་མ་བཏང་བར་ཚན་རིག་ཤེས་བྱ་དང་སྒྱུ་རྩལ་འཆར་སྒོ་ཟུང་དུ་སྦྲེལ་ནས་རང་ཉིད་ཀྱི་རི་མོའི་ཁྱད་ཆོས་ཤིག་གྲུབ་པ་དང་། སྐབས་དེའི་དབྱི་ཐ་ལིའི་སྤྱི་ཚོགས་འཚོ་བའི་རྣམ་པ་མཚོན་པའི་རི་མོའི་གྲུབ་མཐའ་གསར་བ་ཞིག་སྲོལ་བཏོད་པ་དང་རི་མོའི་སྒྱུ་རྩལ་ལ་དེང་རབས་རིང་ལུགས་ཀྱི་ལམ་གསར་བ་ཞིག་བཏོད་ཅིང་། སྐབས་དེའི་རི་མོ་འབྲི་བའི་ཆུ་ཚད་དུས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་བཏང་། ཁོང་ཉིད་དང་སྨི་ཁའེ་ལང་ཆི་ལོ། ལཱ་ཝུན་ཨེར་གསུམ་ནི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་རླབས་ཆེ་བའི་སྒྱུ་རྩལ་པ་རྣམ་གསུམ་ཡིན།

3 བརྩམས་ཆོས།

1.《མེང་ནཱ་ལི་ཧྲ》

རི་མོའི་བརྩམས་ཆོས་ཡོད་ཚད་ཀྱི་ཁྲོད་དུ་ཆེས་ཕུལ་དུ་བྱུང་ཞིང་ཀུན་གྱིས་དོ་སྣང་བྱེད་པ་དེ་ནི་ཏཱ•ཧྥུན་ཆི་ཡི1503ལོར་ལེགས་གྲུབ་བྱུང་བའི་ཕུལ་བྱུང་བརྩམས་ཆོས11.jpg.jpg《མེང་ནཱ་ལི་ཧྲ》ཡིན་པ་རེད། དེ་ནི་ཕོ་བྲང་ལུའུ་ཧྥུའུ་ཀུང་གི་ཐོག་ཁང་གཉིས་པའི་ཚོམས་ཆེན་ནང་དུ་ཡོད་པ་དང་། གྱང་རྩིག་གི་ལྡེབས་སུ་ཡོད་ཅིང་ཧ་ཅང་གཏན་འཇགས་ཡིན་པ་རེད། ཤེལ་ཁེབས་ཀྱི་མཐའ་འཁོར་དུ་འཚེར་བའི་འཇམ་མཉེན་གྱིས་གློག་འོད་ཀྱིས་ལྟད་མོ་མཁན་གྱིས་རི་མོ་ལ་རོལ་མྱོང་བྱེད་སྐབས་རི་མོའི་རྣམ་པ་གསལ་པོར་མཐོང་ཐུབ་པར་མཐུན་རྐྱེན་བསྐྲུན་ཡོད་པ་རེད། དེ་ནི་ཡོ་རོབ་ནུབ་མའི་རི་མོའི་ལོ་རྒྱུས་སྟེང་ཐོག་མར་སེམས་ཁམས་གཙོ་བོར་བཟུང་ ནས་ཞིབ་འབྲི་བྱས་པའི་བརྩམས་ཆོས་ཤིག་ཡིན་པ་དང་། ཆེས་ཁྱད་མཚར་ལྡན་པ་ནི་མིང་གྲགས་ཅན་གྱི་རི་མོ་འདིའི་མདུན་དུ། ཁྱོད་ཀྱིས་ཟུར་གང་དུ་བལྟས་ཀྱང་ཁོ་མོའི་ཞི་འཇམ་གྱི་མིག་ཟུང་གིས་ནམ་ཡང་འཛུམ་དམུལ་ལེར་ཁྱོད་ལ་ལྟ་ཞིང་། གསོན་ཉམས་ལྡན་ཞིང་ཐུན་མོང་མ་ཡིན་པའི་རྣམ་པ་མངོན་པས། ཁོ་མོ་ཁྱོད་ཀྱི་གམ་དུ་ཡོད་པའི་ཚོར་སྣང་སྟེར་ངེས་རེད།

2.《 བྲག་གསེབ་འཕགས་མོ 》ཞེས་པའི་ལྡེབས་རིས་འདི་ནི་ཏཱ•ཧྥུན་ཆི་ཡིས་ཆོས་ལུགས་ཚོགས་པ་ཞིག་གིས་གདན་འདྲེན་ལྟར་སྨི་ལན་གྱི་ཧྲེང་ཧྥུའུ་ལང་ཆེ་སི་ཁུ་ཆོས་ཁང་གི་མཆོད་ཁང་ཞིག་གི་མཆོད་ཁྲིའི་རི་མོར་བྲིས་པ་ཞིག་ཡིན་པ་དང་། རི་མོ་དེའི་ནང་དུ་འཕགས་མོ་རི་མོའི་དཀྱིལ་དུ་བཞུགས་ཤིང་། 12.jpg.jpgཁོ་མོས་ལག་གཡས་པས་ཕྲུ་གུ་ཧྲེང་སན་ཐེ་ཀྲོན་སྐྱོར་བ་དང་། ལག་གཡས་གཡོན་འོག་ཏུ་ཕྲུ་གུ་ཡེ་ཤུ་ཡོད་པ་རེད། ཡེ་ཤུ་ཡི་རྒྱབ་ཕྱོགས་སུ་ལྷའི་ཕོ་ཉ་ཞིག་ཡོད་པས། ཟུར་གསུམ་དབྱིབས་ཀྱི་རི་མོའི་སྒྲིག་གཞི་ཞིག་གྲུབ་ཡོད་པ་མ་ཟད། ལག་བརྡ་ལ་བརྟེན་ནས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཀྱི་ཡོད་པ་རེད། རྒྱབ་ལྗོངས་ནི་ཁུ་སིམ་པར་གནས་པའི་བྲག་སྐྱིབས་ཤིག་ཡིན་ལ། རྩི་ཤིང་མེ་ཏོག་གིས་བརྒྱན་ཅིང་། བྲག་སྐྱིབས་དེ་གསལ་ལམ་མེར་བྱས་ཡོད། རི་མོ་འདི་ནི་སྲོལ་རྒྱུན་གྱི་རྩོམ་ལུས་སུ་གཏོགས་མོད། འོན་ཀྱང་། བརྗོད་བྱའི་འབྲི་ཐབས་དང་རི་མོའི་བཀོད་པའི་སྟེང་ནས་ཏཱ•ཧྥུན་ཆི་ཡི་སྒྱུ་རྩལ་གྱི་ཆུ་ཚད་གྱི་ཚད་མཐོ་ཤོས་ཏེ་མངོན་པར་བྱས་ཡོད། མི་སྣ་དང་རྒྱབ་ལྗོངས་ཀྱི་ངོ་མཚར་ཅན་གྱི་དུ་སྤྲིན་རྣམ་པའི་འབྲི་ཐབས་བེད་སྤྱོད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དངོས་ཡོད་ཇི་བཞིན་འབྲི་བ་དང་དབྱིབས་འཁུམ་པ་སོགས་ཀྱི་ལག་རྩལ་གྱི་བྱེད་ཐབས་སྤྱད་པས། གསོན་ཉམས་དོད་པོའི་དངོས་བྲིས་དང་སྒྱུ་རྩལ་ལས་སྣོན་གྱི་རྩོད་སྒྲིབ་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་ཐད་ནས་ཁོང་གི་ཆུ་ཚོད་གསར་བ་ཞིག་ཏུ་བསླེབས་ཡོད་པ་མཚོན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-30

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།