ཁྲང་ཨན་མཁར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲང་ཨན་མཁར།
ཁྲང་ཨན་མཁར་ནི་ཞི་ཨན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་བརྩིགས་ཤིང་། མཁར་སྒོ་བཞི་ལྡན་གྱི་གནའ་མཁར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长安城
1 མཚམས་སྦྱོར།

ཞི་ཨན་ལ་གནའ་དུས་ཁྲང་ཨན་ཞེས་འབོད། དེ་ཉིད་ཀོན་ཀྲུང་བདེ་ཐང་གི་དབུས་རྒྱུད་དུ་ཆགས་ཡོད་ལ། བྱང་ཕྱོགས་ཝེ་ཧོ་ཆུ་བོ་དང་ཉེ་ཞིང་། ལྷོ་རྒྱུད་ཆིན་ལིན་རི་བོ་དང་འདབས་འབྲེལ་དུ་ཡོད།

ཁྲང་ཨན་མཁར་ནི་ཞི་ཨན་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་བརྩིགས་ཤིང་། མཁར་སྒོ་བཞི་ལྡན་གྱི་གནའ་མཁར་ཞིག་ཡིན། དེའི་མཐའ་སྐོར་གྱི་རིང་ཚད་ལ་སྤྱི་ལེ13.7དང་། མཁར་གྱི་མཐོ་ཚད་ལ་སྨིས12ཡོད། ཞེང་ཚད་ལ་སྨིས15ནས18ཡས་མས་མཆིས། མཁར་གྱང་སྟེང་དུ་འཐབ་ར་དང་སྒྱོགས་སྟེགས་སོགས་བཟོས་འདུག

2 འཛུགས་སྐྲུན་གྱི་བརྒྱུད་རིམ།

ཁྲང་ཨན་མཁར་ནི་སུའེ་རྒྱལ་རབས་སྐབས་སུ་བཞེང་མགོ་བརྩམས་ཤིང་། ཐང་རྒྱལ་རབས་ཀྱི་སྐབས་སུ་ཞིག་གསོ་དང་རྒྱ་བསྐྱེད་གནང་སྟབས། རྒྱལ་སྤྱིའི་རང་བཞིན་ལྡན་པའི་གྲོང་ཁྱེར་ཆེན་པོ་ཞིག་སྟེ། གྲོང་ཁྱེར་དེའི་ཤར་ནུབ་ཀྱི་རིང་ཚད་ལ་ཧ་ལམ་སྨི་དགུ་སྟོང་བདུན་བརྒྱ་ལྷག་དང་། ལྷོ་བྱང་གི་རིང་ཚད་ལ་སྨི་བརྒྱད་སྟོང་དྲུག་བརྒྱ་ལྷག་ཡོད་པས། ད་ལྟའི་ཞི་ཨན་མཁར་རྙིང་གི་རྒྱ་ཁྱོན་གྱི་ལྡབ་བཅུ་ལྷག་ཡིན། རྔམ་བརྗིད་ལྡན་པའི་མཁར་རྫོང་དེ་ཐང་གི་དུས་མཇུག་ཏུ་ཆབ་སྲིད་ཀྱི་དུས་འགྱུར་ཁྲོད་ཞིག་རལ་དུ་གྱུར། མིང་རྒྱལ་རབས་ཀྱི་སྐབས་སུ་དམག་དོན་གྱི་དགོས་མཁོར་དམིགས་ནས་སྔོན་གྱི་འཛུགས་སྐྲུན་གྱི་རྨང་གཞིའི་སྟེང་ཞིག་གསོ་རྒྱ་ཆེར་བྱས། ད་ལྟ་མཐོང་རྒྱུ་ཡོད་པའི་ཞི་ཨན་མཁར་རྙིང་ནི་མིང་རྒྱལ་རབས་གྱིས་བདག་སྐྱོང་བྱས་པ་ཆེས་བཟང་བའི་གནའ་མཁར་ཁྲོད་ཀྱི་གཅིག་ཡིན།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།