མཁལ་ཞོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁལ་ཞོ།
མཁལ་མ་ཞོ་ཤའི་བསྡུས་མིང་།
1 ལོ་ཙཱ།

རྒྱ་ཡིག 刀豆

དབྱིན་ཡིག a type of bean used in Tibetan medicine for treating kidney disease.

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  མཁལ་མ་ཞོ་ཤ་ཡང་ཟེར་ཞིང་། སྲན་མའི་རིགས་ཡིན་ལ་ས་བོན་གྱི་དབྱིབས་མཁལ་མ་དང་མཚུངས། རིགས་དཀར་ནག་གཉིས་ཡོད། དེའི་ནང་གི་མཁལ་ཞོ་དཀར་བོ་ཆེ་བ་དང་མཁལ་ཞོ་ནག་པོ་རྒྱ་སྐད་དུ་ཐུན་ཅི་ལིས་ཟེར་བ་གཉིས་སྨན་བྱེད་ཆོག

2.བརྡ་དག་མིང་ཚིག་གསལ་བ་ལས།  སྨན་མཁལ་མ་ཞིག 藏腰子(药名)。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག གསོ་རིག མཁལ་མ་ཞོ་ཤ་ཡང་ཟེར་ཞིང་། ལོ་མང་སྐྱེ་བའི་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ལྗང་སྨུག་ཕྲ་ལ་རིང་བར་ཚིགས་པ་ཡོད་ཅིང་ཚིགས་མཚམས་ནས་ཡལ་ག་གྱེས། ཡལ་སྡོང་གཉིས་ཀར་སྤུ་དཀར་འཇམ་པོ་ཡོད་པ། ལོ་མ་ལྗང་ལ་ཅུང་མཐུག་པ་སྙིང་དབྱིབས་ཅན་གྱི་མཐའ་མཉམ་ཞིང་རྩེ་རྣོ་བ། ངར་བ་རིང་ལ་དྲ་བ་ལྟ་བུའི་རྩ་རིས་གསལ་པོར་མངོན་ཡོད། མེ་ཏོག་སྔོ་ལ་སྨུག་མདངས་ལྡན་པ། སྲན་མའི་དབྱིབས་ཅན་དེ་ལོ་མའི་ངར་པའི་མཚམས་ནས་བརྩེགས་ལྡན་མེ་ཏོག་བང་རིམ་དུ་འཆར། གང་བུ་སེར་སྐྱ་མཐུག་ལ་རིང་བ་རལ་གྲིའི་དབྱིབས་ཀྱི་སྐྱི་ལྤགས་ཀྱི་རྒྱུའི་ནང་དུ་འབྲས་བུ་དཀར་ལ་འཇམ་པ་མཁལ་དབྱིབས་ཅན་བཅུ་ཙམ་རེ་རིམ་པ་བྱས་ནས་ཡོད། གཞན་ཡང་དམར་པོ་དང་ནག་པོ་བཅས་ཀྱང་ཡོད། རོ་མངར་ལ་ཚ་བ། ཞུ་རྗེས་ཅུང་བསིལ། ནུས་པས་མཁལ་གཅོང་དང་། མཁལ་ཚད་སེལ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-16

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།