ཐུའོ་མཱ་སི.ཕིན་ཆན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐུའོ་མཱ་སི.ཕིན་ཆན།
ཐུའོ་མཱ་སི.ཕིན་ཆན་ནི་ཨ་རིའི་དེང་རབས་རིང་ལུགས་ཕྱི་མའི་རྩོམ་རིག་གི་ཚབ་མཚོན་རྩོམ་པ་པོ་ཡིན་ལ་མུན་པའི་འཕྱ་དགོད(黑色幽默)གྲུབ་མཐའི་ནང་གི་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་ལ་མངོན་གསལ་དོད་པའི་གསང་གནད་དང་ཁུངས་མེད། རྟོགས་དཀའ་བ། ཀུ་རེ། རྨི་ལམ་འཁྲུག་པ་སོགས་ཀྱི་ཁྱད་ཆོས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
托马斯•品钦
ཕྱི་ཡིག་གི་མིང་།
Thomas Pynchon
འཁྲུངས་ལོ།
སྤྱི་ལོ1937ལོའི་ཟླ5ཚེས8ཉིན།
རྒྱལ་ཁབ།
ཨ་མེ་རི་ཁ།
ལས་རིགས།
སྒྲུང་གཏམ་པ།
འཐུས་ཚབ་བརྩམས་ཆོས།
《V.》《ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན》
བྱས་རྗེས་གཙོ་བོ།
ཨ་རིའི་རྒྱལ་ཡོངས་དཔེ་དེབ་བྱ་དགའ་དང་ཧའོ་ཝེ་ཨེར་སིའི་བྱ་དགའ་སོགས་ཐོབ་མྱོང་།
1 ​མི་ཚེ་དང་གསར་རྩོམ།

ཕིན་ཆན་ནི་སྤྱི་ལོ1937ལོའི་ཟླ5ཚེས8ཉིན་ཨ་རིའི་ཉིག་ཡོག་ཀྲོའུ་ཀུ་ལུན་ཁུ་ཧྥུའུ་གྲོང་ཁྱེར་དུ་འཁྲུངས། ཁང་ནཱ་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་རྩོམ་རིག་གཙོ་བོར་སྦྱངས་ཤིང་། སྤྱི་ལོ1958ལོར་རྩོམ་རིག་ཤེས་རམས་པའི་སློབ་གནས་ཐོབ། སློབ་གྲྭ་ཆེན་མོ་འགྲིམས་པའི་སྐབས། སློབ་གྲྭ་ཆེན་མོ་བ་ཚོས་བསྒྲིགས་པའི《ཁང་ནཱའི་རྩོམ་པ་པོ》ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་ཀར་ཞུགས་པ་དང་འབྲེལ་སློབ་གྲྭ་ཐོན་ལ་ཉེ་བའི་སྐབས་དུས་དེབ་དེའི་སྟེང་དུ་ཁོང་གི་སྒྲུང་ཐུང་དང་པོ《ཆར་སིམ》ཞེས་པ་སྤེལ། ལོ་རབས60པའི་སྨད་ལ།  ཕིན་ཆན་སྐད་གྲགས་ཡོད་པའི་ཆེད་ལས་རྩོམ་པ་པོར་གྱུར་ནའང་སྔར་བཞིན་སྐུ་རྐྱང་ཁུ་སིམ་དུ་སྡོད་རྒྱུར་དགའ།  སྤྱི་ལོ1963ལོར་སྒྲུང་རིང《V.》ཞེས་པ་སྤེལ་བ་དང་ཕིན་ཆན་དེ་མུར་སྐད་གྲགས་ཆོད། 《ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན》ཞེས་པར་སྤྱི་ལོ1974ལོའི་རྒྱལ་ཡོངས་དཔེ་དེབ་ཀྱི་བྱ་དགའ་ཐོབ་ཅིང་།  བྱ་དགའ་སྤྲོད་པའི་ཚོགས་འདུའི་ཐོག་ཕིན་ཆན་སླེབས་མེད། ཁོང་གི་ཚབ་ཏུ་བྱ་དགའ་ལེན་མཁན་ནི་སྤྲོ་གར་འཁྲབ་སྟོན་པ་ཞིག་ཡིན་ཞིང་། སྐབས་དེར་ཚོགས་ཞུགས་པ་རྣམས་ནི་ཧང་སངས་ཧོན་ཐོར་དུ་གྱུར།  ཕིན་ཆན་ལ་བརྩམས་ཆོས་མང་པོ་མེད་ཅིང་།  ཁྱོན་བསྡོམས་སྒྲུང་རིང་གསུམ་དང་སྒྲུང་ཐུང་ཁ་ཤས་ཡོད། བརྩམས་ཆོས་ནང་ཡང་འཁོར་བསྐྱར་འཁོར་གྱིས་ཐོན་པའི་བརྗོད་བྱ་ནི། ནུབ་ཕྱོགས་འཛམ་གླིང་ངོ་བོའི་ཐོག་ཟང་ཟིང་དང་ཐོར་ཞིག་ཏུ་འགྲོ་བ་བྲིས་ཡོད། ཁོང་གིས་གབ་སྦེད་ཀྱི་རྩོམ་རིག་འབྲི་ཐབས་ལ་བརྟེན་ནས་ཚ་ཤུགས་རིག་པ་དང་ཆ་འཕྲིན་སྨྲ་བའི་ནང་གི་གལ་ཆེའི་ཐ་སྙད་ཅིག་སྟེ་ཚ་ནུས་གྲང་སིམ་སྨྲ་བ་ཞེས་པ་གསལ་འགྲེལ་བྱས་ཡོད། སྤྱི་ལོ1973ལོར་འགྲེམས་སྤེལ་བྱས་པའི《ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན》ཞེས་པ་ནི་ཕིན་ཆན་གྱི་སྒྲུང་རིང་ཨང་གསུམ་པ་དེ་ཡིན་ལ་ཁོང་གི་འཐུས་ཚབ་བརྩམས་ཆོས་ཀྱང་ཡིན།  སྤྱི་ལོ1984ལོར་སྒྲུང་ཐུང་ཕྱོགས་བསྒྲིགས《དབང་རྟུལ་གྱི་རིག་པ་སྨྲ་བ》ཞེས་པ་འགྲེམས་སྤེལ་བྱས། དེ་ནི་ཕིན་ཆན་གྱི་སྔ་དུས་སུ་བྲིས་པའི་སྒྲུང་ཐུང་ལྔ་ལས་གྲུབ་པ་དེ་ཡིན། དེའི་ནང་དུ《ཧྲང》དང《ཆར་སིམ》《ཝེ་ཡེ་ན་ཡི་ཤི་གསོན》《གསང་ལྐོག་གི་ཆ་རྡུལ》བཅས་ཡོད།

2 བརྩམས་ཆོས།

《ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན》གྱི་སྒྱུ་རྩལ་ནི་ཧ་ཅང་དམིགས་བསལ་ཡིན་ལ་འཚོལ་ཞིབ་རང་བཞིན་གྱིས་ཕྱུག་པ་ཞིག་ཡིན། སྒྲུང་གཏམ་དེའི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ནི་ཡོངས་ཁྱབ་ཏུ་གསང་ལྐོག་དང་མཚོན་རྟགས་ཀྱི་འབྲི་ཐབས་སྤྱད་ཡོད་པ་དེ་ཡིན། དུས་རབས་ཉི་ཤུ་པར། མི་རྣམས་ཀྱིས་འཛམ་གླིང་གདེང་ལོན་བྱེད་པ་ཇེ་ཞིབ་ཇེ་ཟབ་ཏུ་སོང་བ་དང་།  མི་རྣམས་ཀྱིས་འཛམ་གླིང་རྒྱུས་མེད་ཀྱི་ཚོར་བ་ཤུགས་ཇེ་ཆེ་དང་། མིའི་ཚད་ཡོད་དང་ཐ་ན་གཉོམ་ཆུང་མངོན་གསལ་ཇེ་དོད།  རང་ཉིད་ཀྱི་ཚོར་ཤེས་ནུས་པ་དམའ་རུ་འགྲོ་བའི་ཚོར་བ་ཇེ་ཆེར་འགྲོ་བ་བཅས། དེ་འདྲའི་འཛམ་གླིང་རྒྱུས་མེད་དང་མི་ལ་ཡིད་མི་ཆེས་པའི་ཁུངས་མེད་ཀྱི་ཚོར་སྣང་དག་དེང་རབས་གསང་ལྐོག་རིང་ལུགས་ཀྱི་འབྱུང་རྩར་གྱུར། དེའང་ཤེས་རྟོགས་མི་ཐུབ་པའི་ཐབས་ཤེས་དང་གསང་ལྐོག་རིང་ལུགས་ཀྱི་ཐབས་ཤེས་ལ་བརྟེན་ནས་གནས་ལུགས་ཀྱིས་རྟོགས་ཐབས་མེད་པའི་དོགས་གཞིའི་འཛམ་གླིང་བཀོད་འབྲི་བྱས་ཤིང་། དེ་ནི་རྩོམ་རིག་མཁས་ཅན་དུ་མའི་མ་གྲོས་གཅིག་མཐུན་གྱི་གདམ་གར་རང་བཞིན་དུ་གྲུབ། དེ་ལྟ་མོད་ཀྱང་། དེ་ལྟར་རྒྱུན་འཁྱོངས་ལྷོད་མེད་ངང་གསང་ལྐོག་རིང་ལུགས་ཀྱི་ཐབས་ཤེས་སྤྱད་དེ་བརྩམས་ཆོས་ཀྱི་གསང་ལྐོག་རིང་ལུགས་ཀྱི་ངང་ཚུལ་འབུར་དུ་གཏོད་པ་དང་། སྔ་ཕྱི་བར་གསུམ་དུ་བརྩམས་ཆོས་ཀྱི་རབ་རིབ་དང་རྟོགས་དཀའ་གཏིང་ཟབ་ཀྱི་ཁྱད་ཆོས་རྒྱུན་བསྐྱངས་མཁན་ལས། ཕིན་ཆན་ནི་ཆེས་མངོན་གསལ་དོད་པ་ཞིག་ཡིན། གཉིས་ནས།  སྒྲུང་གཏམ་གྱི་བྱུང་བརྗོད་སྐད་ཆའི་ནང་། རྩོམ་པ་པོས་བསམ་བཞིན་དུ་ཕན་ཚུན་འབྲེལ་བ་གང་ཡང་མེད་པའི་ཡ་མཚན་ཁྱད་མཚར་གྱི་ཡིད་བརྙན་སྣ་ཚོགས་གཅིག་ཏུ་སྐད་ཡིག་གི་རིམ་པ་ནས་ཁྱད་མཚར་མགོ་འཐོམ་གྱི་ཚོར་སྣང་གསར་སྐྲུན་བྱས།

གཞི་ཁྱོན་རླབས་ཆེ་ཞིང་རྩོམ་སྟངས་རྙོག་ཅིང་འཛིང་བ་དང་། ལྷུག་མ་ཅན་དང་ལྷུག་རྩོམ་ཅན་བཅས་ཀྱི་རྩོམ་ལུས་ནི《ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན》གྱི་གལ་ཆེའི་ཁྱད་ཆོས་གཞན་ཞིག་རེད། གབ་སྦེད་རང་བཞིན་གྱི་སྒྲིག་གཞི་ཡང《ཀུན་ལྡན་འཐེན་ཤུགས་ཀྱི་འཇའ་ཚོན》གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། རྩོམ་པ་པོས་ཚ་ནུས་གྲང་སིམ་སྨྲ་བའི་གཞུང་ལུགས་ཀྱི་དོན་སྙིང་མངོན་མཚོན་བྱ་རྒྱུ་གཙོ་གནད་དུ་བཟུང་བ་ལས།  སྒྲུང་གཏམ་གྲུབ་ཆར་སྣང་མེད་དུ་བཏང་ཡོད། ཁོང་གིས་རྟག་ཏུ་རིགས་ཤེས་མ་ཡིན་པའི་བྱུང་རིམ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་ཐ་སྙད། རང་བྱུང་ཚན་རིག་གི་གཞུང་ལུགས།  ཆབ་སྲིད་འཐབ་རྩོད་ཀྱི་འགྲན་རྩོད་བཅས་བསྣོལ་ཞིང་བསྡེབས་པ་དང་། བཅད་བྲེག་དང་བར་བཅུག  དེ་བཞིན་མང་ཐེ་ཇི་ཡི་ཐབས་ཤེས་བཅས་ཀྱིས་དེ་དག་གསང་བའི་ཕོ་བྲང་རིམ་པར་བསྐྲུན་པས། མི་རྣམས་མིག་འཁྲུལ་ཞིང་ཅི་ཤོད་མིན་མི་རྟོགས་པར་གྱུར། དེ་ལྟར་བྱེད་པ་ནི་འཚོ་བའི་ཟང་ཟིང་སྣང་ཚུལ་གྱི་དོན་སྦ་ཆེད་དང་། ཚ་ནུས་གྲང་སིམ་སྨྲ་བ་གསལ་འགྲེལ་བྱ་ཕྱིར་ཡིན་པ་ནི་སྨོས་མ་དགོས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-17

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།