གསང་བ་དགུ་སྦྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ནི་བོད་ཀྱི་གསོ་རིག་ལས་ལུས་ཟུངས་གསོ་བའི་སྨན་ཞིག་ཡིན་ཏེ། གཡག་གི་འབྲས་བུ། རྟ་གསེབ་འབྲས་བུ། ལུག་ཐུག་འབྲས་བུ། ཤ་རྒྱུས། བོང་བུའི་འབྲས་བུ་སོགས་སྨན་སྣ་དགུ་ལས་གྲུབ་པ་དང་། ལུས་སྟོབས་འཕེལ་བ་དང། དབང་པོ་གསལ་བར་བྱེད་པ། ཚེ་བསྲིངས་བ། རོ་ཙ་འཕེལ་བ་བཅས་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
九配秘诀丸
རྣམ་པ།
རིལ་བུ།
1 སྨན་སྦྱོར།

གཡག་གི་འབྲས་བུ།  རྟ་གསེབ་འབྲས་བུ།  ལུག་ཐུག་འབྲས་བུ།  ཤ་རྒྱུས།  བོང་བུའི་འབྲས་བུ། དབང་པོ་ལག་པ། ར་མཉེ། འདྲེ་ཚེར་མ། ཤིང་མངར་བཅས་སྨན་སྣ་དགུ་ལས་གྲུབ་པ་ཡིན།

2 ཕན་ནུས།

ལུས་སྟོབས་འཕེལ་བ་དང་། དབང་པོ་གསལ་བར་བྱེད་པ། ཚེ་བསྲིངས་བ། རོ་ཙ་འཕེལ་བ་བཅས་ལ་ཕན་པ་ཞིག་ཡིན།

3 ངོ་བོ།

སྨན་སྦྱོར་འདི་ཁ་དོག་སེར་སྨུག་དང་དྲི་ཅུང་ངན་ཞིང་རོ་ཅུང་ཟད་མངར་ཞིང་ཁ་ལ་བསྐ་བའི་རིལ་བུ་རང་བཞིན་དྲོ་ལ་བཟི་མེད་པ་ཞིག་ཡིན།

4 བསྟེན་ཐབས།

ཉིན་རེར་ཐེངས1དང་།  ཐེངས་རེར་ཁེ9རེ་མཚན་མོ་ཉལ་ཁར་ཆུ་སྐོལ་གྱིས་གཏོང་དགོས།

5 འཛེམ་བྱ།

བྱིས་པས་བསྟེན་མི་རུང།

6 ཉར་ཐབས།

སྣོད་ཀྱི་ཁ་བཀབ་སྟེ་བརླན་མེད་པའི་བསིལ་སར་འཇོག་དགོས།

7 ཚད་གཞི།

རིལ་བུ་རེའི་ལྗིད་ཚད་ཁེ9ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-15

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།