སྟོན་ཁབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟོན་ཁབ་ནིCསྐད་བརྡའི་དོན་སྤྱི་གལ་ཆེན་ཞིག་ཡིན་ལ། Cསྐད་བརྡའི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན། བདེ་འཁྱུག་ལྡན་ཞིང་ཡང་དག་པའི་སྒོ་ནས་དེ་བཀོལ་སྤྱོད་བྱས་ན། རྙོག་འཛིང་ཆེ་བའི་གཞི་གྲངས་ཀྱི་གྲུབ་ཚུལ་མངོན་པར་མཚོན་ཐུབ་པ་མ་ཟད། འགུལ་རྣམ་གྱིས་ནང་གསོག་བགོ་བཤའ་བྱེད་ཐུབ་ལ། ཡིག་རྟགས་ཕྲེང་བ་སྟབས་བདེ་སྒོས་བེད་སྤྱོད་བྱ་ཐུབ་པ་མ་ཟད། ནུས་ལྡན་དང་སྟབས་བདེ་སྒོས་གྲངས་ཚོ་ཡང་བེད་སྤྱོད་བྱ་ཐུབ། རྟེན་འབྱུང་གྲངས་བེད་སྤྱོད་བྱེད་པའི་སྐབས་སུ་ཐང་གཅིག་ཡན་ཆད་ཐོབ་ཐུབ་ལ། ཐད་ཀར་ནང་གསོག་གི་ཤག་གནས་ཐག་གཅོད་བྱ་ཐུབ་བོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
指针
1 གོ་དོན།

སྟོན་ཁབ་ནིCསྐད་བརྡའི་དོན་སྤྱི་གལ་ཆེན་ཞིག་ཡིན་ལ། Cསྐད་བརྡའི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན། བདེ་འཁྱུག་ལྡན་ཞིང་ཡང་དག་པའི་སྒོ་ནས་དེ་བཀོལ་སྤྱོད་བྱས་ན། རྙོག་འཛིང་ཆེ་བའི་གཞི་གྲངས་ཀྱི་གྲུབ་ཚུལ་མངོན་པར་མཚོན་ཐུབ་པ་མ་ཟད། འགུལ་རྣམ་གྱིས་ནང་གསོག་བགོ་བཤའ་བྱེད་ཐུབ་ལ། ཡིག་རྟགས་ཕྲེང་བ་སྟབས་བདེ་སྒོས་བེད་སྤྱོད་བྱ་ཐུབ་པ་མ་ཟད། ནུས་ལྡན་དང་སྟབས་བདེ་སྒོས་གྲངས་ཚོ་ཡང་བེད་སྤྱོད་བྱ་ཐུབ། རྟེན་འབྱུང་གྲངས་བེད་སྤྱོད་བྱེད་པའི་སྐབས་སུ་ཐང་གཅིག་ཡན་ཆད་ཐོབ་ཐུབ་ལ། ཐད་ཀར་ནང་གསོག་གི་ཤག་གནས་ཐག་གཅོད་བྱ་ཐུབ་བོ།། འདི་ནི་རྒྱུད་ཁོངས་མཉེན་ཆས་ཇུས་འགོད་བྱེད་པ་ལ་མཁོ་ངེས་པ་ཞིག་ཡིན། སྟོན་ཁབ་ཀྱི་བེད་སྤྱོད་ཁོང་དུ་ཚུད་ཚེ། བྱ་རིམ་སྟབས་བདེ་ཞིང་གཙང་དག་ཡིན་པ་དང་། ནུས་ཕྱོད་ཇེ་མཐོར་གཏོང་ཐུབ། Cསྐད་བརྡ་སློབ་པ་དང་བེད་སྤྱོད་བྱེད་མཁན་སོ་སོས་སྟོན་ཁབ་སློབ་དགོས་པ་དང་ཁོང་དུ་ཆུད་དགོས། སྟོན་ཁབ་ཁོང་དུ་མ་ཆུད་ནCསྐད་བརྡའི་སྙིང་བོ་ཁོང་དུ་ཆུད་མེད་ཅེས་བརྗོད་ཆོག

2 འགྱུར་ཚད་ཀྱི་སྟོན་ཁབ་དང་འགྱུར་ཚད་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད།

འགྱུར་ཚད་ཀྱི་སྟོན་ཁབ་ནི་འགྱུར་ཚད་ཀྱི་ཤག་གནས་ཡིན། འགྱུར་ཚད་ཀྱི་ཤག་གནས་གསོག་འཇོག་བྱེད་པའི་འགྱུར་ཚད་ནི་སྟོན་ཁབ་ཀྱི་འགྱུར་ཚད་ཡིན་ཏེ། དེ་འགྱུར་ཚད་གཞན་ཞིག་སྟོན་པར་བཀོལ་བའོ།། སྟོན་ཁབ་ཀྱི་འགྱུར་ཚད་དང་དེས་བསྟན་པའི་འགྱུར་ཚད་བར་གྱི་འབྲེལ་བ་མཚོན་པའི་ཆེད་དུ། བྱ་རིམ་དུ་རྟགས“*”བཀོལ་ནས“བསྟན་ཕྱོགས”མཚོན་པའོ།། གལ་ཏེi-pointerསྟོན་ཁབ་ཀྱི་འགྱུར་ཚད་དུ་གཏན་འཁེལ་ན། (*i-pointer)ནིi-pointerཡིས་བསྟན་པའི་འགྱུར་ཚད་ཡིན། དཔེ་རིས1-1ལྟར།

1.jpg.jpg

དཔེ་རིས1-1

*i-pointer/ཡིས་ཀྱང་འགྱུར་ཚད་ཅིག་མཚོན་ཐུབ་ལ། དེ་ནི་འགྱུར་ཚདiདང་གཅིག་མཐུན་ཡིན། གཤམ་གྱི་རྗོད་ཚིག་གཉིས་ཀྱི་ཕན་ནུས་གཅིག་ཡིན་ཏེ།

①i=3

②*i-pointer=3

རྗོད་ཚིག②གོ་དོན་ནི3དེ་སྟོན་ཁབ་ཀྱི་འགྱུར་ཚདi-pointerཡིས་བསྟན་པའི་འགྱུར་ཚད་ལ་སྟེར་བའོ།།

1.སྟོན་ཁབ་ཀྱི་འགྱུར་ཚད་ཅིག་ལ་མཚན་ཉིད་འགོད་པ།

Cསྐད་བརྡ་རུ་འགྱུར་ཚད་ཡོད་ཚད་བེད་སྤྱོད་མ་བྱས་སྔོན་ལ་ངེས་པར་དུ་མཚན་ཉིད་འགོད་དགོས་པ་དང་། དེའི་རིགས་གྲས་གཏན་ཁེལ་བྱ་དགོས་པར་མ་ཟད། དེ་ལྟར་ནང་གསོག་སྡེ་ཚན་བགོ་བཤའ་བྱེད་པ་རེད། སྟོན་ཁབ་ཀྱི་འགྱུར་ཚད་ནི་ཧྲིལ་ཚུལ་གྱི་འགྱུར་ཚད་དང་རིགས་གྲས་གཞན་གྱི་འགྱུར་ཚད་དང་མི་མཐུན་ཏེ། དེ་ནི་ཤག་གནས་གསོག་འཇོག་བྱེད་པར་ཆེད་དུ་བཀོལ་བ་དང་དེ་ངེས་པར་དུ“སྟོན་ཁབ་ཀྱི་རིགས་གྲས”ཤིག་ཏུ་མཚན་ཉིད་འགོད་དགོས། ཐོག་མར་བྱེ་བྲག་གི་དཔེར་བརྗོད་ཅིག་ལ་ལྟ་བར་བྱ།

int i,j;

int*pointer–1,*pointer–2

ཐིག་ཕྲེང་དང་པོ་རུ་ཧྲིལ་ཚུལ་གྱི་འགྱུར་ཚདiདངjལ་མཚན་ཉིད་བཀོད་པ་དང་། ཐིག་ཕྲེང་གཉིས་པ་རུ་སྟོན་ཁབ་ཀྱི་འགྱུར་ཚདpointer–1དངpointer–2ལ་མཚན་ཉིད་བཀོད་ལ། དེ་གཉིས་ནི་ཧྲིལ་ཚུལ་གྱི་འགྱུར་ཚད་སྟོན་ཁབ་ཀྱི་འགྱུར་ཚད་ཡིན། གཡོན་ཕྱོགས་ཀྱིintནི་སྟོན་ཁབ་ཀྱི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་སྐབས་སུ་ངེས་པར་དུ་གཏན་འཁེལ་བྱ་དགོས་པའི“རྨང་གཞིའི་རིགས་གྲས”ཡིན། སྟོན་ཁབ་ཀྱི་འགྱུར་ཚད་ཀྱི་རྨང་གཞིའི་རིགས་གྲས་ནི་སྟོན་ཁབ་ཀྱི་འགྱུར་ཚད་དེས་སྟོན་རུང་བའི་འགྱུར་ཚད་ཀྱི་རིགས་གྲས་གཏན་འཁེལ་བྱེད་པར་བཀོལ་བ་སྟེ། དཔེར་ན། གོང་དུ་མཚན་ཉིད་བཀོད་པའི་སྟོན་ཁབ་ཀྱི་འགྱུར་ཚདpointer–1དངpointer–2ནི་ཧྲིལ་ཚུལ་གྱི་འགྱུར་ཚདiདངjསྟོན་པར་བཀོལ་རུང་ལ། དངོས་ཚུལ་གྱི་འགྱུར་ཚདaདངbསྟོན་པར་བཀོལ་མི་རུང་ངོ་།།

སྟོན་ཁབ་ཀྱི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་སྤྱིར་བཏང་གི་རྣམ་པ་ནི།

རྨང་གཞིའི་རིགས་གྲས།  *སྟོན་ཁབ་ཀྱི་འགྱུར་ཚད་ཀྱི་མིང་།

གཤམ་གྱི་མཚན་ཉིད་ཚང་མ་ལུགས་དང་མཐུན་པ་ཡིན་ཏེ།

float*pointer–3;

char*pointer–4;

(float *pointer–3ནི་དངོས་ཚུལ་གྱི་འགྱུར་ཚད་བསྟན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ཡིན)

(char*pointer–4ནི་ཡིག་རྟགས་ཚུལ་གྱི་འགྱུར་ཚད་བསྟན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ཡིན)

སྟོན་ཁབ་ཀྱི་འགྱུར་ཚད་ཅིག་གིས་ཇི་ལྟར་འགྱུར་ཚད་གཞན་ཞིག་སྟོན་དགོས་ཤེ་ན། གཤམ་དུ་ཐང་སྟེར་བའི་རྗོད་ཚིག་བཀོལ་ནས་སྟོན་ཁབ་ཀྱི་འགྱུར་ཚད་ཅིག་གིས་ཧྲིལ་ཚུལ་གྱི་འགྱུར་ཚད་ཅིག་བསྟན་པ་སྟེ།

pointer–1=&i;

pointer–2&j;

འགྱུར་ཚདiཡི་ཤག་གནས་དེ་སྟོན་ཁབ་ཀྱི་འགྱུར་ཚདpointer–1ཏུ་གསོག་འཇོག་བྱ་དགོས་པསpointer–1གིས་འགྱུར་ཚདiསྟོན་ལ། དེ་བཞིན་འགྱུར་ཚདjཡི་ཤག་གནས་དེ་སྟོན་ཁབ་ཀྱི་འགྱུར་ཚདpointer–2སུ་གསོག་འཇོག་བྱ་དགོས་པསpointer–2ཀྱིས་འགྱུར་ཚདjསྟོན་ནོ།།

སྟོན་ཁབ་ཀྱི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་སྐབས་སུ་ཕྱོགས་གཉིས་ལ་མཉམ་འཇོག་བྱ་དགོས་ཏེ།

(1)སྟོན་ཁབ་ཀྱི་འགྱུར་ཚད་སྔོན་གྱི“*”ཡིས་འགྱུར་ཚད་དེའི་རིགས་དབྱིབས་ནི་སྟོན་ཁབ་ཀྱི་ཚུལ་གྱི་འགྱུར་ཚད་ཡིན་པ་མཚོན། མཉམ་འཇོག་བྱ་དགོས་པ་ཞིག་ནི། སྟོན་ཁབ་ཀྱི་འགྱུར་ཚད་ཀྱི་མིང་ནིpointer–1、pointer–2ཡིན་པ་ལས *pointer–1、*pointer–2མིན། འདི་ནི་སྔོན་ལ་ངོ་སྤྲོད་བྱས་པའི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་རྣམ་པ་དང་མི་མཐུན།

(2)སྟོན་ཁབ་ཀྱི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་སྐབས་སུ་ངེས་པར་དུ་རྨང་གཞིའི་རིགས་གྲས་གཏན་འཁེལ་བྱ་དགོས། ཀློག་པ་པོ་ལ་ལས་སྟོན་ཁབ་ཀྱི་འགྱུར་ཚད་ནི་ཤག་གནས་གསོག་འཇོག་བྱེད་ས་ཡིན་ན། དེ་ནི“སྟོན་ཁབ་ཀྱི་ཚུལ་གྱི་འགྱུར་ཚད”ཡིན་པ་གཏན་འཁེལ་བྱས་ན་ཆོག་པར་འདོད་དེ། རྨང་གཞིའི་རིགས་གྲས་གཏན་འཁེལ་བྱ་དགོས་པའི་རྒྱུ་མཚན་ཅི་ལགས་ཤེ་ན། ཧྲིལ་ཚུལ་གྱི་གཞི་གྲངས་དང་དངོས་ཚུལ་གྱི་གཞི་གྲངས་ཀྱིས་ནང་གསོག་ཏུ་བཟུང་བའི་ཡིག་ཚིགས་གྲངས་གཅིག་མཐུན་མིན་པ་ང་ཚོས་ཤེས་དགོས། དཔེར་ན། “སྟོན་ཁབ་གནས1བསྣུར་བ”འམ་ཡང་ན“སྟོན་ཁབ་ཐང་དུ1སྣོན་པ”ལྟ་བུ། “1”གིས་ཅི་ཞིག་མཚོན་པ་ཡིན་ཞེ་ན། གལ་ཏེ་སྟོན་ཁབ་ཀྱིས་ཧྲིལ་ཚུལ་གྱི་འགྱུར་ཚད་ཅིག་སྟོན་ན། “སྟོན་ཁབ་གནས1བསྣུར་བ”ཡིས་ཡིག་ཚིགས2བསྣུར་བ་མཚོན་པ་དང་། “སྟོན་ཁབ་ཐང་དུ1བསྣན་པ”ཡིས་ཤག་གནས་ཀྱི་ཐང་ལ་ཡིག་ཚིགས2བསྣན་པ་མཚོན། གལ་ཏེ་སྟོན་ཁབ་ཀྱིས་དངོས་ཚུལ་གྱི་འགྱུར་ཚད་ཅིག་སྟོན་ན། 2བསྣན་པ་མ་ཡིན་པར4བསྣན་པ་ཡིན། དེའི་ཕྱིར། ངེས་པར་དུ་སྟོན་ཁབ་ཀྱི་འགྱུར་ཚད་ཀྱིས་བསྟན་པའི་འགྱུར་ཚད་ཀྱི་རིགས་གྲས་ཀྱི་རྨང་གཞིའི་རིགས་གྲས་གཏན་འཁེལ་བྱ་དགོས་པ་ཡིན། སྟོན་ཁབ་ཀྱི་འགྱུར་ཚད་ཅིག་གིས་རིགས་གྲས་གཅིག་མཐུན་ཡིན་པའི་འགྱུར་ཚད་ཁོ་ན་སྟོན་པ་ལས། སྐབས་འགར་ཧྲིལ་ཚུལ་གྱི་འགྱུར་ཚད་སྟོན་པ་དང་། སྐབས་འགར་དངོས་ཚུལ་གྱི་འགྱུར་ཚད་སྟོན་པ་མ་ཡིན་ནོ།། གོང་གི་མཚན་ཉིད་ལསpointer–1དངpointer–2གཉིས་ཀྱིས་ཧྲིལ་ཚུལ་གྱི་འགྱུར་ཚད་ཁོ་ན་སྟོན་པའོ།།

2.སྟོན་ཁབ་ཀྱི་འགྱུར་ཚད་ཀྱི་འདྲེན་སྤྱོད།

སྟོན་ཁབ་ཀྱི་འགྱུར་ཚད་དུ་ཤག་གནས་ཁོ་ན་མ་གཏོགས་བཞག་མི་ཆོག་ལ། ཧྲིལ་ཚུལ་གྱི་ཚད་ཅིག་སྟོན་ཁབ་ཀྱི་འགྱུར་ཚད་ཅིག་ལ་སྟེར་མི་རུང་བར་གཟབ་དགོས། གཤམ་གྱི་ཐང་སྟེར་བའི་རྗོད་ཚིག་ནི་ལུགས་དང་མི་མཐུན་ཏེ།

*pointer 1=100;( *pointer–1སྟོན་ཁབ་ཀྱི་འགྱུར་ཚད་ཡིན་པ་དང་། 100ནི་ཧྲིལ་ཚུལ་ཡིན)འབྲེལ་ཡོད་ཀྱི་རྩིས་རྒྱག་རྟགས་གཉིས་ཡོད་དེ།

(1)&:ནི་ཤག་གནས་རྩིས་རྒྱག་རྟགས་ཡིན།

(2)*ནི་སྟོན་ཁབ་ཀྱི་རྩིས་རྒྱག་རྟགས་ཡིན། དཔེར་ན། &aནི་འགྱུར་ཚདaཡི་ཤག་གནས་ཡིན་པ་དང་། *pནི་སྟོན་ཁབ་ཀྱི་འགྱུར་ཚདpཡིས་བསྟན་པའི་གསོག་འཇོག་སྡེ་ཚན་ཡིན།

དཔེར་བརྗོད1.1 སྟོན་ཁབ་ཀྱི་འགྱུར་ཚད་བརྒྱུད་ནས་ཧྲིལ་ཚུལ་གྱི་འགྱུར་ཚད་ལ་བཅར་འདྲི་བྱེད་པ།

#include<stdio.h>

void main()

{int a,b;

int *pointer–1, *pointer–2;

a=100;b=10;

pointer–1=&a;/*འགྱུར་ཚདaཡི་ཤག་གནས་འགྱུར་ཚདpointer–1ལ་སྟེར་བ*/

pointer–2=&b;/*འགྱུར་ཚདbཡི་ཤག་གནས་འགྱུར་ཚདpointer–2ལ་སྟེར་བ*/

printf(“%d,%d\n”,a,b);

printf(“%d,%d\n”, *pointer–1, *pointer–2);

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

100,10

100,10

གཤམ་དུ་སྟོན་ཁབ་ཀྱི་འགྱུར་ཚད་བེད་སྤྱོད་པའི་དཔེར་བརྗོད་ཅིག་འགོད་པར་བྱ་སྟེ།

དཔེར་བརྗོད1.2 ཧྲིལ་གྲངསaདངbནང་འཇུག་བྱས་ཏེ། ཆེ་བ་ནས་ཆུང་བའི་གོ་རིམ་ལྟརaདངbཕྱིར་འདོན་དགོས།

#include<stdio.h>

void main()

{int *p1,*p2,*p,a,b;

scanf(“%d,&d”,&a,&b);

p1=&a;p2=&b;

if(a<b)

{p=p1;p1=p2,p2=p;}

printf(“a=%d,d=%d\n\n”,a,b);

printf(“max=%D,min=%d\n”,*p1,*p2);

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

5,9↙

a=5,b=9

max=9,min=5

a=5,b=9ནང་འཇུག་བྱས་ཚེ། a<bཡིན་པས། p1དངp2བརྗེ་རེས་བྱེད་པའོ།།

3.སྟོན་གྲངས་ཀྱི་འགྱུར་ཚད་ནི་རྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱེད་པ།

རྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་ནི་ཧྲིལ་ཚུལ་དང་། དངོས་ཚུལ། ཡིག་རྟགས་ཚུལ་བཅས་ཀྱི་གཞི་གྲངས་སོགས་ཡིན་ཆོག་པར་མ་ཟད། སྟོན་ཁབ་ཀྱི་རིགས་གྲས་ཡིན་ཡང་ཆོག་སྟེ། དེའི་ཕན་ནུས་ནི་འགྱུར་ཚད་ཅིག་གི་ཤག་གནས་རྟེན་འབྱུང་གྲངས་གཞན་ཞིག་ཏུ་སྐྱེལ་བའོ།།

གཤམ་དུ་དཔེར་བརྗོད་ཅིག་བརྒྱུད་དེ་གསལ་བཤད་བྱེད་པར་བྱ་སྟེ།

དཔེར་བརྗོད1.3 ཧྲིལ་གྲངས་གཉིས་ནང་འཇུག་བྱས་ཏེ་ཆེ་བ་ནས་ཆུང་བའི་གོ་རིམ་ལྟར་ཕྱིར་འདོན་པ་ལ། རྟེན་འབྱུང་གྲངས་བཀོལ་ནས་ཐག་གཅོད་དགོས་པ་མ་ཟད། སྟོན་ཁབ་ཀྱི་རིགས་གྲས་ཀྱི་གཞི་གྲངས་ནི་རྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱེད་དགོས།

བྱ་རིམ་གཤམ་ལྟར།

#include<stdio.h>

void main()

{void swap(int*p1,int*p2);

int a,b;

int*pointer 1*pointer 2;

scanf(“%d,%d”,&a,&b);

pointer 1=&a; pointer 2=&b;

if(a<b=swap(pointer 1, pointer 2));

printf(“\n%d,%d\n”,a,b);

}

void swap(int*p1,int*p2)

{int temp;

temp=*p1;

*p1=*p2;

*p2=temp;

}

འཁོར་སྐྱོད་གནས་ཚུལ་གཤམ་ལྟར།

5,9↙

9,5

3 གྲངས་ཚོ་ཡི་སྟོན་ཁབ་དང་གྲངས་ཚོ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད།

འགྱུར་ཚད་ཅིག་ལ་ཤག་གནས་ཡོད་པ་དང་། གྲངས་ཚོ་ཞིག་ཏུ་གཞི་རྒྱུ་དུ་མ་འདུས་པ། གྲངས་སྐོར་གྱི་གཞི་རྒྱུ་རེ་རེས་ནང་གསོག་ཏུ་གསོག་འཇོག་རྐྱང་ཚན་བཟུང་ཡོད་ལ། དེ་དག་ཚང་མར་ལྟོས་ཟླའི་ཤག་གནས་ཡོད། སྟོན་ཁབ་ཀྱིས་འགྱུར་ཚད་གྱེས་འགྱུར་ཚད་སྟོན་རུང་བ། གྲངས་ཚོ་དང་གྲངས་ཚོ་ཡི་གཞི་རྒྱུ་ཡང་སྟོན་རུང་བ་སྨོས་མ་དགོས། གྲངས་ཚོ་ཡི་སྟོན་ཁབ་ཞེས་པ་ནི་གྲངས་ཚོ་ཡིག་ཐོག་མའི་ཤག་གནས་ལ་ཟེར་ཞིང་། གྲངས་ཚོའི་གཞི་རྒྱུའི་སྟོན་ཁབ་ནི་གྲངས་ཚོའི་གཞི་རྒྱུའི་ཤག་གནས་སོ།།

གྲངས་ཚོ་ཡི་གཞི་རྒྱུ་འདྲེན་པ་ལ་ཞབས་རྟགས་བཀོལ་ཆོག་ལ། སྟོན་ཁབ་ཀྱི་ཐབས་བཀོལ་ཡང་ཆོག་སྟེ། གྲངས་ཚོ་ཡི་གཞི་རྒྱུ་བསྟན་པའི་སྟོན་ཁབ་བརྒྱུད་ནས་མཁོ་བའི་གཞི་རྒྱུ་འཚོལ་བའོ།།

སྟོན་ཁབ་ཀྱི་ཐབས་བེད་སྤྱད་ན་དམིགས་འབེན་བྱ་རིམ་གྱི་རྒྱུ་སྤུས་ཇེ་མཐོ་གཏོང་ཐུབ།

1.གྲངས་ཚོ་ཡི་གཞི་རྒྱུ་སྟོན་པའི་སྟོན་ཁབ།

གྲངས་ཚོ་ཡི་གཞི་རྒྱུ་སྟོན་ཁབ་ཀྱི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་ཐབས་ནི་འགྱུར་ཚད་བསྟན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་ཐབས་དང་གཅིག་མཐུན་ཡིན། དཔེར་ན།

int a[10];/*aནི་ཧྲིལ་ཚུལ་གྱི་གཞི་གྲངས10འདུས་པའི་གྲངས་ཚོ་ཡིན་པ་མཚན་ཉིད་བཀོད་པའོ*/

int*p/*pནི་ཧྲིལ་ཚུལ་གྱི་འགྱུར་ཚད་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ཡིན་པར་མཚན་ཉིད་བཀོད་པའོ*/

མཉམ་འཇོག་དགོས་པ་ནི། གལ་ཏེ་གྲངས་ཚོ་ནིintཚུལ་ཡིན་ན། སྟོན་ཁབ་ཀྱི་འགྱུར་ཚད་ཀྱིས་ཀྱངintཚུལ་སྟོན་དགོས། 

2.སྟོན་ཁབ་བརྒྱུད་ནས་གྲངས་ཚོ་ཡི་གཞི་རྒྱུ་འདྲེན་སྤྱོད་བྱེད་པ།

pནི་སྟོན་ཁབ་ཀྱི་འགྱུར་ཚད་ཡིན་པར་ཆ་བཞག་པར་མ་ཟད། དེར་ཧྲིལ་ཚུལ་གྲངས་ཚོ་ཡི་གཞི་རྒྱུ་ཡི་ཤག་གནས་ཤིག་བྱིན་ཟིན་པར་ཆ་བཞག་ཡོད། དེ་ཡིས་གྲངས་ཚོ་ཡི་གཞི་རྒྱུ་ཞིག་སྟོན་པར་བྱ་དགོས། གལ་ཏེ་གཤམ་གྱི་ཐང་སྟེར་བའི་རྗོད་ཚིག་ཡོད་ན།

*p=1;

དེ་ཡིས1དེpཡིས་མིག་སྔར་བསྟན་པའི་གྲངས་ཚོ་གཞི་རྒྱུ་ལ་བྱིན་པ་མཚོན།

Cསྐད་བརྡས་གཏན་འཁེལ་ལྟར་ན། གལ་ཏེ་སྟོན་ཁབ་ཀྱི་འགྱུར་ཚདpཡིས་གྲངས་ཚོའི་ནང་གི་གཞི་རྒྱུ་ཞིག་བསྟན་ཡོད་ན། p+1གིས་གྲངས་ཚོ་དེའི་ནང་གི་གཞི་རྒྱུ་རྗེས་མ་དེ་སྟོན་པ་ལསpཡི་ཐང་དུ1སྣོན་པ་མ་ཡིན། དཔེར་ན། གྲངས་ཚོ་ཡི་གཞི་རྒྱུ་ནི་དངོས་ཚུལ་ཡིན་ཏེ། གཞི་རྒྱུ་རེ་རེས་ཡིག་ཚིགས4བཟུང་ཡོད་ན། p+1གིསpཡི་ཐང་དུ་ཡིག་ཚིགས4བསྣན་པ་མཚོན་ལ། དེས་གཞི་རྒྱུ་རྗེས་མ་སྟོན་པའོ།། p+1གིས་མཚོན་པའི་ཤག་གནས་ནི་དོན་དངོས་སུp+1&times;dཡིན་ཏེ། dནི་གྲངས་ཚོ་ཡི་གཞི་རྒྱུ་ཞིག་གིས་བཟུང་བའི་ཡིག་ཚིགས་གྲངས་ཡིན། གལ་ཏེpཡི་ཐོག་མའི་ཐང་ནི&a[0]ཡིན་ན།

(1)p+1དངa+1ནིa[i]ཡི་ཤག་གནས་ཡིན། ཡང་གཅིག་བཤད་ན། དེ་དག་གིས་གྲངས་ཚོaཡི་ཨངiཡི་གཞི་རྒྱུ་བསྟན་ཡོད། དཔེ་རིས1-2ལྟར། འདིར་གསལ་བཤད་བྱ་དགོས་པ་ནི། aཡིས་གྲངས་ཚོ་ཡི་ཐོག་མའི་ཤག་གནས་མཚོན་ལ། a+iཡང་ཤག་གནས་ཡིན། དེའི་རྩིས་ཐབས་ནིp+iདང་མཐུན་ཏེ། དེའི་དོན་དངོས་ཀྱི་ཤག་གནས་ནིa+i&times;dཡིན་ཏེ། དཔེར་ན། p+9 དངa+9ཡི་ཐང་ནི&a[9]ཡིན་ལ། དེ་ཡིསa[9]བསྟན་ཡོད་པ་དཔེ་རིས1-2གྱིས་མཚོན།

2.jpg.jpg

དཔེ་རིས1-2

(2)*(p+i)འམ་ཡང་ན*(a+i)ནིp+iའམ་ཡང་ནa+iཡིས་བསྟན་པའི་གྲངས་ཚོ་ཡི་གཞི་རྒྱུ་སྟེ། a[i]ཡིན། དཔེར་ན། *(p+5)འམ་ཡང་ན*(a+5)ནིa[5]ཡིན་ཏེ། *(p+5) *(a+5) a[5]གསུམ་མཚུངས་པ་ཡིན། དོན་དངོས་སུ་སྒྱུར་སྒྲིག་བྱེད་པའི་སྐབས་སུ། གྲངས་ཚོ་ཡི་གཞི་རྒྱུa[i]དེ%(a+i)ལྟར་ཐག་གཅོད་པ་སྟེ། གྲངས་ཚོ་ཡི་ཐོག་མའི་ཤག་གནས་ལྟར་ལྟོས་བཅས་གནས་སྤོ་ཚད་བསྣན་ནས་འཚོལ་བྱའི་གཞི་རྒྱུའི་ཤག་གནས་ཐོབ་པ་དང་། དེ་ནས་སྡེ་ཚན་དེའི་ནང་གི་ནང་དོན་འཚོལ་དགོས། དཔེར་ན། གལ་ཏེ་གྲངས་ཚོaཡི་ཐོག་མའི་ཤག་གནས་ནི1000ཡིན་པ་དང་། གྲངས་ཚོ་ནི་ཧྲིལ་ཚུལ་ཡིན་པའི་དབང་དུ་བཏང་ན། a[3]ཡི་ཤག་གནས་ནི་གཤམ་ལྟར་རྩིས་བརྒྱབ་པ་ཡིན་ཏེ། 100+3&times;4=1012ཡིན་པ་དང་། དེ་ནས་ཤག་གནས་1012ཀྱིས་མཚོན་པའི་ཧྲིལ་ཚུལ་གྱི་སྡེ་ཚན་ནང་དུ་གཞི་རྒྱུའི་ཐང་ལེན་པ་སྟེ། a[3]ཡི་ཐང་ལེན་པ། []ནི་དོན་དངོས་སུ་ཤག་གནས་འགྱུར་བའི་རྩིས་རྒྱག་རྟགས་ཡིན་ཏེ། a[i]དེa+iལྟར་ཤག་གནས་བརྩི་བ་དང་། དེ་ནས་ཤག་གནས་སྡེ་ཚན་དེའི་ནང་གི་ཐང་འཚོལ་བའོ།།

(3)གྲངས་ཚོ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ལ་ཡང་ཞབས་རྟགས་ཡོད་ཆོག་པ་སྟེ། དཔེར་ན། p[i]དང*(p+i)ཁྱབ་མཉམ་ཡིན།

གོང་དུ་བརྗོད་པ་གཞིར་བཟུང་ནས། གྲངས་ཚོ་ཡི་གཞི་རྒྱུ་ཞིག་འདྲེན་སྤྱོད་བྱེད་པ་ལ། གཤམ་གྱི་ཐབས་བཀོལ་ཆོག་སྟེ།

(1)ཞབས་རྟགས་ཐབས། དཔེར་ན། a[i]ཡི་རྣམ་པ་ལྟ་བུ།

(2)སྟོན་ཁབ་ཀྱི་ཐབས། དཔེར་ན།*(a+i)འམ་ཡང་ན*(p+i)ལྟ་བུ། དེ་ལསaནི་གྲངས་ཚོ་ཡི་མིང་ཡིན་པ་དང་། pནི་གྲངས་ཚོ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ཡིན་ཞིང་། དེའི་ཐོག་མའི་ཐངp=aཡིན།

དཔེར་བརྗོད1.4 གྲངས་ཚོ་ནང་གི་གཞི་རྒྱུ་ཡོད་ཚད་ཕྱིར་འདོན་དགོས།

གྲངས་ཚོaཞིག་ཡོད་པ་དང་། ཧྲིལ་ཚུལ་ཡིན་ལ་གཞི་རྒྱུ10ཡོད་པར་ཆ་བཞག་ན། གཞི་རྒྱུ་སོ་སོའི་ཐང་ཕྱིར་འདོན་པ་ལ་ཐབས་གསུམ་ཡོད་དེ།

(1)ཞབས་རྟགས་ཐབས།

#include<stdio.h>

void main()

{int a[10];

int i;

for(i=0;i<10;i++)

scanf("%d",&a[i]);

printf("\n");

for(i=0;i<10;i++)

printf("%d",a[i])

printf("\n");

}

(2)གྲངས་སྐོར་གྱི་མིང་བརྒྱུད་ནས་གྲངས་ཚོ་གཞི་རྒྱུའི་ཤག་གནས་རྩིས་ཏེ། གཞི་རྒྱུའི་ཐང་འཚོལ་བ་ལ།

#include<stdio.h>

void main()

{int a[10];

int i;

for(i=0;i<10;i++)

scanf("%d",&a[i]);

printf("\n");

for(i=0;i<10;i++)

printf("%d",*(a+i));

printf("\n");

}

(3)སྟོན་ཁབ་ཀྱི་འགྱུར་ཚད་བཀོལ་ནས་གྲངས་ཚོ་ཡི་གཞི་རྒྱུ་སྟོན་པ་ལ།

#include<stdio.h>

void main()

{int a[10];

int *p,i;

for(i=0;i<10;i++)

scanf("%d",&a[i]);

printf("\n");

for(p=a;p<(a+10);p++)

printf("%d",*p);

printf("\n");

}

གོང་གི་བྱ་རིམ་གསུམ་པོ་འཁོར་སྐྱོད་བྱེད་པའི་གནས་ཚུལ་གཤམ་ལྟར།

1 2 3 4 5 6 7 8 9 0↙

1 2 3 4 5 6 7 8 9 0

3.རྩ་མང་གྲངས་ཚོ་སྟོན་པའི་སྟོན་ཁབ་དང་སྟོན་ཁབ་ཀྱི་འགྱུར་ཚད།

སྟོན་ཁབ་ཀྱི་འགྱུར་ཚད་ཀྱིས་རྩ་གཅིག་གྲངས་ཚོ་སྟོན་རུང་ལ། རྩ་མང་གྲངས་ཚོ་ཡང་སྟོན་རུང་། འོན་ཀྱང་དོན་སྤྱི་དང་བེད་སྤྱོད་ཀྱི་ཆ་ནས་རྩ་མང་གྲངས་ཚོ་ཡི་སྟོན་ཁབ་ནི་རྩ་གཅིག་གྲངས་ཚོ་ཡི་སྟོན་ཁབ་ལས་རྙོག་འཛིང་ཆེ་བ་ཡིན།

(1)རྩ་མང་གྲངས་ཚོ་ཡི་ཤག་གནས།

རྩ་མང་གྲངས་ཚོ་ཡི་གཞི་རྒྱུའི་སྟོན་ཁབ་གསལ་བོར་ཤེས་པའི་ཆེད་དུ། ཐོག་མར་རྩ་མང་གྲངས་ཚོ་ཡི་རང་བཞིན་ཕྱིར་དྲན་བྱེད་པར་བྱ། རྩ་གཉིས་གྲངས་ཚོ་དཔེ་བྱས་ན། རྩ་གཉིས་གྲངས་ཚོaཞིག་ཡོད་པ་དང་། དེར་འཕྲེད3དང་གཞུང4ཡོད་པའི་དབང་དུ་བཏང་། དེའི་མཚན་ཉིད་ནི།

int a[3][4]={1,3,5,7,},{9,11,13,15},{17,19,21,23}};

aནི་གྲངས་ཚོ་ཞིག་གི་མིང་ཡིན། གྲངས་ཚོaརུ་ཐིག་ཕྲེང3འདུས་ཏེ། གཞི་རྒྱུ a[0],a[1],a[2]ཡིན། གཞི་རྒྱུ་རེ་རེ་ནི་རྩ་གཅིག་གྲངས་ཚོ་ཞིག་ཡིན་ལ། དེ་རུ་གཞི་རྒྱུ4འདུས་སྟེ། དཔེར་ན། a[0]ཡིས་མཚོན་པའི་རྩ་གཅིག་གྲངས་ཚོ་རུ་ཡང་གཞི་རྒྱུ4འདུས་པ་སྟེ། a[0][0]、a[0][1] 、a[0][2] 、a[0][3]དཔེ་རིས1-3ལ་གཟིགས། རྩ་གཉིས་གྲངས་ཚོ་ནི“གྲངས་ཚོ་ཡི་གྲངས་ཚོ”ཞིག་ཡིན་པར་ངེས་འཛིན་བྱས་ཆོག་སྟེ། རྩ་གཉིས་གྲངས་ཚོaནི་རྩ་གཅིག་གྲངས་ཚོ3ལས་གྲུབ་པའོ།།

3.jpg.jpg

དཔེ་རིས1-3

རྩ་གཉིས་གྲངས་ཚོ་ཡི་ཆ་ནས་བལྟས་ན། aཡིས་རྩ་གཉིས་གྲངས་ཚོ་ཧྲིལ་བོའི་ཐོག་མའི་ཤག་གནས་མཚོན་ཏེ། ད་ལྟའི་ཐོག་མའི་གཞི་རྒྱུ་ནི་སྟབས་བདེའི་ཧྲིལ་ཚུལ་གཞི་རྒྱུ་ཞིག་མ་ཡིན་པར་ཧྲིལ་ཚུལ་གཞི་རྒྱུ4ལས་གྲུབ་པའི་རྩ་གཅིག་གྲངས་ཚོ་ཞིག་གོ། དེ་བསaཡིས་མཚོན་པ་ནི་ཐིག་ཕྲེང་ཐོག་མའི་ཤག་གནས་ཐོག་མ་ཡིན། a+1གིས་ཐིག་ཕྲེང་དང་པོའི་ཐོག་མའི་ཤག་གནས་མཚོན་པ་ཡིན། གལ་ཏེ་རྩ་གཉིས་གྲངས་ཚོ་ཐོག་མའི་ཤག་གནས2000ཡིན་ན། Turbo Cརུa+1ནི2008ཡིན། རྒྱུ་མཚན་ནི་ཐིག་ཕྲེང0ལ་ཧྲིལ་ཚུལ་གྱི་གཞི་གྲངས4ཡོད་པས། a+1གི་གོ་དོན་ནིa[1]ཡི་ཤག་གནས་སྟེ། a+4&times;2=2008ཡིན། a+2ཀྱིསa[2]མཚོན་ལ། དེའི་ཐང་ནི2016ཡིན། དཔེ་རིས1-4ལ་གཟིགས།

4.jpg.jpg

དཔེ་རིས1-4

a[0] 、a[1] 、a[2]བཅས་ནི་རྩ་གཅིག་གྲངས་ཚོ་ཡི་མིང་ཡིན་ན། Cསྐད་བརྡ་རུ་གྲངས་ཚོ་ཡི་མིང་གིས་གྲངས་ཚོ་ཐོག་མའི་ཤག་གནས་མཚོན་པ་གཏན་འཁེལ་བྱས་ཡོད་པས། a[0]ཡིས་རྩ་གཅིག་གྲངས་ཚོa[0]ནང་གི་གཞུང0ཡི་གཞི་རྒྱུའི་ཤག་གནས་ཏེ། &a[0][0]མཚོན། a[1]ཡི་ཐང་ནི&a[1][0]ཡིན་པ་དང་། a[2]ཡི་ཐང་ནི&a[2][0]ཡིན།

ཐིག་ཕྲེང0ཡི་གཞུང1གི་གཞི་རྒྱུའི་ཤག་གནས་ནི་ཇི་ལྟར་མཚོན་དགོས་སམ་ཞེ་ན། a[0]+1གི་མཚོན་ཆོག་སྟེ། དཔེ་རིས1-5ལྟར། སྐབས་འདིར“a[0]+1”ནང་གི1གིས་གཞུང་གཅིག་གི་གཞི་རྒྱུའི་ཡིག་ཚིགས་གྲངས་མཚོན་ཏེ། ཡིག་ཚིག2ཡིན། ད་ནིa[0]ཡི་ཐང་ནི2000ཡིན་པ་དང་། a[0]+1གི་ཐང་ནི་2002ཡིན། འདིའི་རྒྱུ་མཚན་ནི་ད་ལྟ་རྩ་གཅིག་གྲངས་ཚོ་ཡི་ཁྱབ་ཁོངས་སུ་གནད་དོན་ལ་དཔྱད་པ་གཏོང་བ་དང་། རྩ་གཅིག་གྲངས་ཚོxཞིག་ཡོད་པའི་དབང་དུ་བཏང་ན། x+1ནི་དེའི་གཞུང་དང་པོའི་གཞི་རྒྱུའིx[1]ཡི་ཤག་གནས་ཡིན་པ་དང་འདྲའོ།། a[0]+0 、a[0]+1 、a[0]+2 、a[0]+3བཅས་སོ་སོ་ནི་གཞི་རྒྱུa[0][0]、a[0][1] 、a[0][2] 、a[0][3]བཅས་ཀྱི་ཤག་གནས་ཡིན་སྟེ། ( &a[0][0]、&a[0][1] 、&a[0][2] 、&a[0][3])གོང་དུ་བརྗོད་ཟིནཔ་་ལྟར། a[0]དང*(a+0)ཁྱབ་མཉམ་ཡིན་པ་དང་། a[1]དང་ཁྱབ་མཉམ་ཡིན་ལ། a[i]དང *(a+i)ཁྱབ་མཉམ་ཡིན། དེའི་ཕྱིརa[0]+1དང%(a+0)+1གི་ཐང་ནི&a[0][1]ཡིན། a[1]+2དང*(a+1)+2ཀྱི་ཐང་ནི&a[1][2]ཡིན། མཉམ་འཇོག་དགོས་པ་ནི།

*(a+1)+2དེ*(a+1+2)ལྟར་འབྲི་མི་རུང་། ཕྱི་མ*(a+3)རུ་འགྱུར་བས། a[3]དང་མཚུངས་སོ།།

གོམ་གང་མདུན་སྤོས་ཀྱིས་དབྱེ་ཞིབ་བྱས་ནསa[0][1]ཡི་ཐང་ཐོབ་འདོད་ན། ཤག་གནས་ཐབས་བཀོལ་ནས་ཇི་ལྟར་མཚོན་དགོས་ཞེ་ན། a[0]+1དང*(a+0)+1ནིa[0][1]ཡི་ཤག་གནས་ཡིན་པས། *(a[0]+1)ནིa[0][1]ཡི་ཐང་ཡིན། དེ་དང་མཐུན་པར*(*a(a+0)+)འམ་ཡང་ན། a*(*a+1)ཡང་ནa[0][1]ཡི་ཐང་ཡིན། *(a[i]+j)འམ་ཡང་ན*(*a+i)+jནིa[i][j]ཡི་ཐང་ཡིན། *(a+i)དངa[i]ནི་ཁྱབ་མཉམ་ཡིན་པ་གསལ་བོར་ཤེས་དགོས།

5.jpg.jpg

དཔེ་རིས1-5

a[i]ཡི་རང་བཞིན་ལ་མུ་མཐུད་ནས་གསལ་བཤད་བྱ་དགོས་དོན་ཡོད་དེ། a[i]ཡི་རྣམ་པའི་སྟེང་ནས་བལྟས་ན་གྲངས་ཚོaཡི་ཨངiཡི་གཞི་རྒྱུ་ཡིན། གལ་ཏེaནི་རྩ་གཅིག་གྲངས་ཚོ་ཡི་མིང་ཡིན་ན། a[i]ཡིས་གྲངས་ཚོaཡི་ཨངiཡི་གཞི་རྒྱུས་བཟུང་བའི་ནང་གསོག་སྡེ་ཚན་མཚོན་ལ། a[i]ལ་དངོས་ལུགས་ཀྱི་ཤག་གནས་ཡོད་པ་དང་། ནང་གསོག་སྡེ་ཚན་བཟུང་ཡོད་མོད། འོན་ཀྱངaནི་རྩ་གཉིས་གྲངས་ཚོ་ཡིན་ན། a[i]ཡིས་རྩ་གཅིག་གྲངས་ཚོ་ཡི་མིང་མཚོན་པ་དང་། a[i]རང་ཉིད་ནི་ཤག་གནས་ཙམ་ལས་གཞི་རྒྱུ་གང་ཡང་རུང་བ་ཞིག་གི་ཐང་མཚོན་ནོ།། a、a+i、a[i] 、*(a+(i+j、a[i]+j))བཅས་ཚང་མ་ཤག་གནས་ཡིན།  *(a[i]+j)དང*(*(a+1)+j)ནི་རྩ་གཉིས་གྲངས་ཚོ་ཡི་གཞི་རྒྱུa[i][j]ཡི་ཐང་ཡིན།

(2)རྩ་མང་གྲངས་ཚོ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད།

སྟོན་ཁབ་ཀྱི་འགྱུར་ཚད་བཀོལ་ནས་རྩ་མང་གྲངས་ཚོ་དང་དེའི་གཞི་རྒྱུ་བསྟན་ཆོག

(1)གྲངས་ཚོ་ཡི་གཞི་རྒྱུ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད།

དཔེར་བརྗོད1.5 སྟོན་ཁབ་ཀྱི་འགྱུར་ཚད་བཀོལ་ནས་གྲངས་ཚོ་ཡི་གཞི་རྒྱུའི་ཐང་ཕྱིར་འདོན་པ།

#include<stdio.h>

void main()

{int a[3][4]={1,3,5,7,9,11,13,15,15,17,19,21,23};

int *p;

for(p=a[0];p<a[0]+12;p++)

{if((p-a[0])%4==0)printf("\n");

printf("%4d",*p);

}

printf("\n");

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

1   3   5   7

9  11  13  15

17  19  21  23

Pནི་ཧྲིལ་ཚུལ་གྱི་འགྱུར་ཚད་བསྟན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ཅིག་ཡིན་ཞིང་། དེ་ཡིས་སྤྱིར་བཏང་གི་ཧྲིལ་ཚུལ་གྱི་འགྱུར་ཚད་སྟོན་རུང་ལ། ཧྲིལ་ཚུལ་གྱི་གྲངས་ཚོའི་གཞི་རྒྱུ་ཡང་སྟོན་རུང་། ཐེངསPཡི་ཐང་དུ1བསྣན་ནསpལ་གཞི་རྒྱུ་རྗེས་མ་སྟོན་དུ་བཅུག་ཡོད། རྗོད་ཚིགifཡི་ཕན་ནུས་ནི་གཞི་གྲངས4ཕྱིར་འདོན་བྱེད་དུ་བཅུག་རྗེས་ཐིག་ཕྲེང་བརྗེ་བའོ།། གལ་ཏེ་ཀློག་པ་པོསPཡི་ཐང་གི་བྱེ་བྲག་གི་དོན་སྤྱི་མ་ཤེས་ན། Pཡི་ཐང་ཕྱིར་བཏོན་ཆོག་སྟེ། བྱ་རིམ་གྱི་མཐའ་མཇུག་གི་རྗོད་ཚིག་གཉིས་གཤམ་ལྟར་བྲིས་ཆོག  

printf("addr=%o,value=%2d\n",p,*p);

Turbo C++ཡི་ཁོར་ཡུག་ཏུ་འཁོར་སྐྱོད་ཐེངས་ཤིག་ཏུ་ཕྱིར་བཏོན་པར་གཤམ་ལྟར།

addr=236       value=1

addr=240       value=3

addr=242       value=5

addr=244       value=7

addr=246       value=9

addr=250       value=11

addr=252       value=13

addr=254       value=15

addr=256       value=17

addr=260       value=19

addr= 262      value=21

addr= 264      value=23

མཉམ་འཇོག་དགོས་པ་ནི། ཤག་གནས་ནི་བརྒྱད་གོང་འགྲིལ་ལུགས་ཀྱིས་མཚོན་པ་ཡིན།

(2)གཞི་རྒྱུmཡིས་གྲུབ་པའི་རྩ་གཉིས་གྲངས་ཚོ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད།

གོང་གི་དཔེར་བརྗོད་ནང་གིPནི“int*p;”ཡིས་གཏན་འབེབས་བྱས་ཤིང་། དེས་ཧྲིལ་ཚུལ་གྱི་འགྱུར་ཚད་སྟོན་པ་དང་། P+1གིས་བསྟན་པའི་གཞི་རྒྱུ་ནིpཡིས་བསྟན་པའི་གཞི་རྒྱུ་ཡི་རྗེས་ཀྱི་གཞི་རྒྱུ་ཡིན།

ཐབས་གཞན་ཞིག་བཀོལ་ཀྱང་ཆོག་སྟེ། Pལ་ཧྲིལ་ཚུལ་གྱི་འགྱུར་ཚད་སྟོན་དུ་མི་འཇུག་པར། གཞི་རྒྱུmའདུས་པའི་རྩ་གཉིས་གྲངས་ཚོ་ཞིག་སྟོན་པར་བྱས་ན། སྐབས་དེརPཡིས་ཐོག་མརa[0](p=&a[0])སྟོན། P+1གིསa[0][1]མི་སྟོན་པར། a[1]སྟོན་པ་རེད། Pཡི་འཕེལ་ཐང་ནི་རྩ་གཅིག་གྲངས་ཚོ་ཡི་རིང་ཚད་འཇལ་བྱེད་བྱེད་པའོ།། དཔེ་རིས1-6ལ་གཟིགས།

6.jpg.jpg

དཔེ་རིས1-6

དཔེར་བརྗོད1.6 རྩ་གཉིས་གྲངས་་ཚོ་ཡི་ཐིག་ཕྲེང་གང་རུང་གི་གཞུང་གང་རུང་གི་གཞི་རྒྱུའི་ཐང་ཕྱིར་འདོན་པ།

#include<stdio.h>

void main)()

{int a[3][4]={1,3,5,7,9,11,13,1,5,17,19,21,23};

int(*p)[4],i,j;

p=a;

scanf("i=%d,j=%d",&i,&j);

printf(a[%d,%d]=%d\n,i,j,*(*(p+i)+j));

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

i=1,j=2↙

a[1,2]=13

མཉམ་འཇོག་དགོས་པ་ནི། ནང་འཇུག་བྱས་པའི“i=1,j=2”དང་རྟེན་འབྱུང་གྲངས scanfརུ་གཏན་འཁེལ་བྱས་པའི་ཡིག་རྟགས་ཕྲེང་བ་ལྟོས་ཟླ་ཡིན་དགོས།

(3)རྩ་མང་གྲངས་ཚོ་ཡི་སྟོན་ཁབ་ནི་རྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱེད་པ།

རྩ་གཅིག་གྲངས་ཚོ་ཡི་ཤག་གནས་ནི་རྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱས་ཏེ་བརྒྱུད་སྤྲོད་བྱས་ཆོག་ལ། རྩ་མང་གྲངས་ཚོ་ཡི་ཤག་གནས་ཀྱང་རྟེན་འབྱུང་གྲངས་བྱས་ཏེ་བརྒྱུད་སྤྲོད་བྱས་ཀྱང་ཆོག སྟོན་ཁབ་ཀྱི་འགྱུར་ཚད་ནི་རྣམ་པའི་ཞུགས་གྲངས་བྱས་ནས་དངོས་ཡོད་ཞུགས་གྲངས་གྲངས་ཚོ་ཡི་མིང་གིས་བརྒྱུད་སྤྲོད་བྱས་པའི་ཤག་གནས་བསྡུ་ལེན་བྱེད་པའི་སྐབས་སུ། ཐབས་གཉིས་ཡོད་དེ། ①འགྱུར་ཚད་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད་བཀོལ་བ། ②རྩ་གཅིག་གྲངས་ཚོ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད་བཀོལ་བ།

4 ཡིག་རྟགས་ཕྲེང་བ་དང་སྟོན་ཁབ།

1.ཡིག་རྟགས་ཕྲེང་བའི་མཚོན་ཚུལ།

Cབྱ་རིམ་དུ་ཐབས་གཉིས་བཀོལ་ནས་ཡིག་རྟགས་ཕྲེང་བ་ཞིག་ལ་བཅར་འདྲ་བྱས་ཆོག

(1)ཡིག་རྟགས་གྲངས་ཚོ་བཀོལ་ནས་ཡིག་རྟགས་ཕྲེང་བ་ཞིག་གསོག་འཇོག་བྱེད་པ་དང་། དེ་ནས་ཡིག་རྟགས་ཕྲེང་བ་དེ་ཕྱིར་འདོན་པ།

དཔེར་བརྗོད1.7 ཡིག་རྟགས་གྲངས་ཚོ་ཞིག་ངེས་གཏན་བྱས་ནས་དེ་ཐོག་མའི་རྣམ་པར་བསྒྱུར་རྗེས་ཡིག་རྟགས་ཕྲེང་དེ་ཕྱིར་འདོན་གྱིས།

#include<stdio.h>

void main()

{char string[]="I love China! ";

printf("%s\n",string);

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་ནི།

I love China!

གོང་དུ་ངོ་སྤྲོད་བྱས་པའི་གྲངས་ཚོ་ཡི་གཏོགས་གཤིས་དང་མཚུངས་ཏེ། stringནི་གྲངས་ཚོ་ཡི་མིང་ཡིན་ལ། དེ་ཡིས་ཡིག་རྟགས་གྲངས་ཚོ་ཡི་ཐོག་མའི་ཤག་གནས་མཚོན། string[4]ཡིས་གྲངས་ཚོའི་ནང་གི་རིམ་གྲངས4ཡིན་པའི་གཞི་རྒྱུ(v)མཚོན། དོན་དངོས་སུstring+4ནི*(string[4])ཡིན་ཏེ། string+4ནི་ཤག་གནས་ཤིག་ཡིན་ཞིང་། དེ་ཡིས་ཡིག་རྟགས“v”ཡིན་ནོ།།

(2)ཡིག་རྟགས་སྟོན་ཁབ་བཀོལ་ནས་ཡིག་རྟགས་ཕྲེང་བ་གཅིག་སྟོན་པ།

ཡིག་རྟགས་གྲངས་ཚོ་ལ་མཚན་ཉིད་མི་འགོད་པར་ཡིག་རྟགས་སྟོན་ཁབ་ཞིག་ལ་མཚན་ཉིད་བཀོད་དེ། ཡིག་རྟགས་སྟོན་ཁབ་བཀོལ་ནས་ཡིག་རྟགས་ཕྲེང་བའི་ཡིག་རྟགས་བསྟན་ཆོག

དཔེར་བརྗོད1.8 ཡིག་རྟགས་སྟོན་ཁབ་ལ་མཚན་ཉིད་འགོད་པ།

#include<stdio.h>

void main()

{char *string[]="I love China! ";

printf("%s\n",string);

འདིར་ཡིག་རྟགས་གྲངས་ཚོར་མཚན་ཉིད་མ་བཀོད་ལ། བྱ་རིམ་དུ་ཡིག་རྟགས་སྟོན་ཁབ་ཀྱི་འགྱུར་ཚདstringཞིག་མཚན་ཉིད་བཀོད་དེ་ཡིག་རྟགས་ཕྲེང་བའི་རྒྱུན་ཚད“I love China!”བྱིན་པ་ན། Cསྐད་བརྡས་ཡིག་རྟགས་ཕྲེང་བའི་རྒྱུན་ཚད་ནི་ཡིག་རྟགས་གྲངས་ཚོ་ལྟར་ཐག་གཅོད་པ་དང་། ནང་གསོག་ཏུ་ཡིག་རྟགས་གྲངས་ཚོ་ཞིག་གསར་གཏོད་བྱས་ཏེ་ཡིག་རྟགས་ཕྲེང་བའི་རྒྱུན་ཚད་གསོག་འཇོག་བྱེད་པ་རེད། བྱ་རིམ་གྱིས་ཡིག་རྟགས་སྟོན་ཁབ་ཀྱི་འགྱུར་ཚདstringལ་མཚན་ཉིད་འགོད་སྐབས་ཡིག་རྟགས་ཕྲེང་བའི་ཐོག་མའི་ཤག་གནས་ནིstringལ་སྟེར་བ་རེད། མི་ལ་ལསstringནི་ཡིག་རྟགས་ཕྲེང་བའི་འགྱུར་ཚད་ཡིན་པར་སྙམ་སྟེ། མཚན་ཉིད་འགོད་པའི་སྐབས་སུ“I love China!”དེ་ཡིག་རྟགས་ཕྲེང་བའི་འགྱུར་ཚད་འདིར་སྟེར་བ་དེ་མི་འགྲིག་གོ stringལ་མཚན་ཉིད་འགོད་པའི་ཁག

char*string=“I love China!”;དང་གཤམ་གྱི་ཐིག་ཕྲེང་གཉིས་པོ་ཁྱབ་མཉམ་ཡིན།

char*string;

string=“I love China!”;

stringནི་སྟོན་ཁབ་ཀྱི་འགྱུར་ཚད་ཅིག་ཏུ་མཚན་ཉིད་བཀོད་པ་དང་། ཡིག་རྟགས་ཚུལ་གྱི་གཞི་གྲངས་སྟོན་པ་མཐོང་ཐུབ། མཉམ་འཇོག་དགོས་པ་ནི། དེ་ཡིས་ཡིག་རྟགས་འགྱུར་ཚད་དམ་ཡང་ན་ཡིག་རྟགས་ཚུལ་གྱི་གཞི་གྲངས་མ་གཏོགས་སྟོན་མི་ཐུབ་ལ། དུས་གཅིག་ཏུ་ཡིག་རྟགས་ཚུལ་གྱི་གཞི་གྲངས་མང་བོ་ཞིག་སྟོན་མི་ཐུབ། “I love China!”ཞེས་པའི་ཡིག་རྟགས་འདི་དགstringརུ་བཞག་པ་དེ་བས་མ་ཡིན་ལ། ཡིག་རྟགས་ཕྲེང་བ་དེ*string ལ་བྱིན་པ་ཡང་མིན་ཏེ། “I love China!”ཡི་ཐོག་མའི་ཤག་གནས་དེ་སྟོན་ཁབ་ཀྱི་འགྱུར་ཚདstringལ་བྱིན་པ་ཙམ་མོ།། གོང་གི་མཚན་ཉིད་ཐིག་ཕྲེང་དེ་གཤམ་གསལ་དང་ཁྱབ་མཉམ་ཡིན་པར་འདོད་མི་རུང་།

char*string;

*string=“I love China!”;

ཕྱིར་མངོན་པའི་སྐབས་སུ།

printf("%s\n",string);བཀོལ་དགོས།

དེ་ལས%sཡིས་ཡིག་རྟགས་ཕྲེང་བ་ཞིག་ཕྱིར་འདོན་པ་མཚོན་ལ། ཡིག་རྟགས་སྟོན་ཁབ་ཀྱི་འགྱུར་ཚད་ཀྱི་མིངstringབྱིན་པ་ན། རྒྱུད་ཁོངས་ཀྱིས་ཐོག་མར་དེས་བསྟན་པའི་ཡིག་རྟགས་གི་གྲངས་ཤིག་ཕྱིར་འདོན་པ་དང་། དེ་ནས་རང་འགུལ་གྱིསstringརུ1བསྣན་ནས། དེ་ཡིས་ཡིག་རྟགས་རྗེས་མ་སྟོན་པར་བྱེད་པ་དང་། དེ་ནས་ཡང་བསྐྱར་ཡིག་རྟགས་གཅིག་ཕྱིར་འདོན་པ་རེད། དེ་ལྟར་བྱས་ནས་ཡིག་རྟགས་ཕྲེང་བ་མཇུག་སྒྲིལ་བའི་རྟགས'\0'ལ་སླེབས་དགོས། མཉམ་འཇོག་བྱ་དགོས་པ་ནི། ནང་གསོག་ཏུ་ཡིག་རྟགས་ཕྲེང་བའི་མཇུག་ཏུ་རང་འགུལ་གྱིས'\0'སྣོན་པ་རེད། དེ་བས་ཕྱིར་འདོན་པའི་སྐབས་སུ་ཡིག་རྟགས་ཕྲེང་བ་མཇུག་སྒྲིལ་བའི་གནས་གཏན་འཁེལ་བྱེད་ཐུབ།

གསལ་བཤད། ཡིག་རྟགས་གྲངས་ཚོ་ཡི་མིང་ངམ་ཡང་ན་ཡིག་རྟགས་སྟོན་ཁབ་ཀྱི་འགྱུར་ཚད་བརྒྱུད་ནས་ཡིག་རྟགས་ཕྲེང་བ་ཞིག་ཕྱིར་འདོན་ཐུབ། གྲངས་ཐང་ཚུལ་གྱི་གྲངས་ཚོ་ཞིག་ལ་མཚོན་ན། གྲངས་ཚོ་ཡི་མིང་བཀོལ་ནས་དེའི་གཞི་རྒྱུ་ཚང་མ་ཕྱིར་འདོན་མི་ཐུབ།

དཔེར་ན།

int i[10];

:

printf("%d\n", i);

ལྟར་བྲིས་ན་མི་ཆོག་སྟེ། གཞི་རྒྱུ་རེ་རེ་བཞིན་ཕྱིར་འདོན་དགོས།

མངོན་གསལ་དུ། %sབཀོལ་ནས་ཡིག་རྟགས་ཕྲེང་བ་ཞིག་ཧྲིལ་བོར་ནང་འདྲེན་ཕྱིར་འདོན་བྱས་ཆོག ཡིག་རྟགས་ཕྲེང་བ་ནང་གི་ཡིག་རྟགས་གསོག་ལེན་བྱེད་པ་ལ་ཞབས་རྟགས་ཐབས་བཀོལ་ཆོག་ལ། སྟོན་ཁབ་ཀྱི་ཐབས་བཀོལ་ཡང་ཆོག

2.ཡིག་རྟགས་ཕྲེང་བའི་སྟོན་ཁབ་ནི་རྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱེད་པ།

ཡིག་རྟགས་ཕྲེང་བ་ཞིག་རྟེན་འབྱུང་གྲངས་ཤིག་ནས་རྟེན་འབྱུང་གྲངས་གཞན་ཞིག་ལ་བརྒྱུད་སྤྲོད་བྱེད་པར། ཤག་གནས་བརྒྱུད་སྤྲོད་བྱེད་པའི་ཐབས་བཀོལ་ཆོག་སྟེ། ཡིག་རྟགས་གྲངས་ཚོ་ཡི་མིང་ཞུགས་གྲངས་བྱེད་པའམ་ཡང་ན་ཡིག་རྟགས་ཕྲེང་བ་སྟོན་པའི་སྟོན་ཁབ་ཀྱི་འགྱུར་ཚད་ཞུགས་གྲངས་བྱེད་པའོ།། འདྲེན་བྱའི་རྟེན་འབྱུང་གྲངས་སུ་ཡིག་རྟགས་ཕྲེང་བའི་ནང་དོན་བསྒྱུར་བཅོས་བྱས་ཆོག་ལ། འདྲེན་བྱེད་རྟེན་འབྱུང་གྲངས་གཙོ་བོ་རུ་འགྱུར་ལྡོག་བྱུང་བའི་ཡིག་རྟགས་ཕྲེང་བ་དེ་ཐོབ་ཐུབ་བོ།།

5 རྟེན་འབྱུང་གྲངས་སྟོན་པའི་སྟོན་ཁབ།

1. རྟེན་འབྱུང་གྲངས་ཀྱི་སྟོན་ཁབ་ཀྱི་འགྱུར་ཚད་ཀྱིས་རྟེན་འབྱུང་གྲངས་འདྲེན་སྤྱོད་བྱེད་པ།

སྟོན་ཁབ་ཀྱི་འགྱུར་ཚད་བཀོལ་ནས་ཧྲིལ་ཚུལ་གྱི་འགྱུར་ཚད་དང་། ཡིག་རྟགས་ཕྲེང་བ། གྲངས་ཚོ་བཅས་སྟོན་རུང་ལ། རྟེན་འབྱུང་གྲངས་ཀྱང་སྟོན་རུང་། རྟེན་འབྱུང་གྲངས་ཤིག་ལ་སྒྱུར་སྒྲིག་བྱེད་པའི་སྐབས་སུ་འཇུག་སྒོའི་ཤག་གནས་ཤིག་བགོ་བཤའ་བྱེད་པ་རེད། འཇུག་སྒོའི་ཤག་གནས་དེ་ལ་རྟེན་འབྱུང་གྲངས་ཀྱི་སྟོན་ཁབ་ཟེར། སྟོན་ཁབ་ཀྱི་འགྱུར་ཚད་ཅིག་གིས་རྟེན་འབྱུང་གྲངས་སྟོན་པ་དང་། དེ་ནས་སྟོན་ཁབ་ཀྱི་འགྱུར་ཚད་དེ་བརྒྱུད་ནས་རྟེན་འབྱུང་གྲངས་འདྲེན་སྤྱོད་བྱས་ཆོག ཐོག་མར་སྟབས་བདེའི་དཔེར་བརྗོད་ཅིག་བཀོལ་ནས་རྟེན་འབྱུང་གྲངས་འདྲེན་སྤྱོད་བྱེད་པའི་གནས་ཚུལ་ལ་གཟིགས་པར་བྱ།

དཔེར་བརྗོད1.9 aདངbལས་ཆེ་བ་རྩིས། ཐོག་མར་སྤྱིར་བཏང་གི་ཐབས་བཀོལ་བའི་བྱ་རིམ་འབྲི་བ་ལ།

#include<stdio.h>

void main()

{int max(int,int);

int a,b,c;

scanf("%d,%d",&a,&b);

c=max(a,b);

printf("a=%d,b=%d,max=%d",a,b,c);

}

int max(int x,int y)

{int z;

if(x>y)z=x;

else   z=y;

return(z);}

རྟེན་འབྱུང་གྲངསmainནང་གི“c=max(a,b); ”རུ་རྟེན་འབྱུང་གྲངས་ཐེངས་གཅིག་ལ་འདྲེན་སྤྱོད་བྱེད་པ་འདུས་ཡོད། རྟེན་འབྱུང་གྲངས་སོ་སོས་ནང་གསོག་སྡེ་ཚན་ཞིག་བཅད་བཟུང་བྱས་ཡོད་ཅིང་། དེ་དག་ལ་ཐོག་མའི་ཤག་གནས་གཅིག་ཡོད། དེ་བས། སྟོན་ཁབ་ཀྱི་འགྱུར་ཚད་ཅིག་བཀོལ་ནས་རྟེན་འབྱུང་གྲངས་ཤིག་སྟོན་རུང་ལ། སྟོན་ཁབ་ཀྱི་འགྱུར་ཚད་བརྒྱུད་ནས་དེས་བསྟན་པའི་རྟེན་འབྱུང་གྲངས་ལ་བཅར་འདྲི་བྱས་ཆོག་གོ།

6 སྟོན་ཁབ་ཀྱི་ཐང་ཕྱིར་སྤྲོད་པའི་རྟེན་འབྱུང་གྲངས།

རྟེན་འབྱུང་གྲངས་ཤིག་གིས་ཧྲིལ་ཚུལ་གྱི་ཐང་དང་། ཡིག་རྟགས་ཐང་། དངོས་ཚུལ་གྱི་ཐང་བཅས་སྟོན་ཁབ་ཚུལ་གྱི་གཞི་གྲངས་ཕྱིར་ལྡོག་ཆོག་སྟེ། དེའི་དོན་སྤྱི་ནི་སྔོན་དུ་བརྗོད་པ་དང་རིགས་འདྲ་སྟེ། ཕྱིར་ལྡོག་པའི་ཐང་གི་རིགས་གྲས་ནི་སྟོན་ཁབ་ཀྱི་རིགས་གྲས་ཡིན་པ་ཙམ་མོ།། སྟོན་ཁབ་ཀྱི་ཐང་ཕྱིར་ལྡོག་པའི་རྟེན་འབྱུང་གྲངས་དེ་རིགས་ལ་མཚན་ཉིད་འགོད་པའི་སྤྱིར་བཏང་གི་རྣམ་པ་ནི།

རིགས་གྲས་ཀྱི་མིང་།*རྟེན་འབྱུང་གྲངས་ཀྱི་མིང་།(ཞུགས་གྲངས་ཀྱི་རེའུ་མིག)

དཔེར་ན། int*(int x,int y);

aནི་རྟེན་འབྱུང་གྲངས་ཀྱི་མིང་ཡིན་ཏེ། དེ་འདྲེན་སྤྱོད་བྱས་རྗེས་ཧྲིལ་ཚུལ་གྱི་གཞི་གྲངས་སྟོན་པའི་སྟོན་ཁབ་ཞིག་ཐོབ་ཐུབ། xདངyནི་རྟེན་འབྱུང་གྲངསaཡི་རྣམ་པའི་ཞུགས་གྲངས་ཡིན་ལ། ཧྲིལ་ཚུལ་ཡང་ཡིན། མཉམ་འཇོག་དགོས་པ་ནི། *aཡི་ལོགས་གཉིས་སུ་གུག་རྟགས་མེད་ལ། དེའི་ལོགས་གཉིས་སུ་རྩིས་རྒྱག*དང()ཡོད། ()ཡི་སྔོན་ཐོབ་རིམ་ནི*ལས་མཐོ་བས། aཐོག་མར()དང་ཟུང་འབྲེལ་བྱེད་པ་རེད། འདི་ནི་རྟེན་འབྱུང་གྲངས་ཀྱི་རྣམ་པ་ཡིན། རྟེན་འབྱུང་གྲངས་འདིའི་སྔོན་དུ*ཞིག་ཡོད་པ་དེ་ཡིས་རྟེན་འབྱུང་གྲངས་འདི་ནི་སྟོན་ཁབ་ཚུལ་གྱི་རྟེན་འབྱུང་གྲངས(རྟེན་འབྱུང་གྲངས་ཀྱི་ཐང་སྟོན་ཁབ་ཡིན)ཡིན་པ་མཚོན། ཆེས་སྔོན་གྱིintཡིས་ཕྱིར་ལྡོག་པའི་སྟོན་ཁབ་ཀྱིས་ཧྲིལ་ཚུལ་གྱི་འགྱུར་ཚད་སྟོན་པ་མཚོན། Cསྐད་བརྡར་ཐོག་མར་འཇུག་མཁན་རྣམས་ལ་མཚོན་ན། མཚན་ཉིད་འགོད་སྟངས་འདིར་དེ་འདྲ་མི་གོམས་ལ། ནོར་འཁྲུལ་ཡང་འབྱུང་སླ་བས། བཀོལ་སྤྱོད་བྱེད་དུས་ཡིད་གཟབ་བྱ་དགོས་སོ།།

དཔེར་བརྗོད1.10 སློབ་མ་གང་རུང་ཞིག་གི་རྒྱུགས་འབྲས་ཡོད་པ་སྟེ(སློབ་མ་རེར་བསླབ་བྱ4ཡོད)རེ་བ་ནི་སྤྱོད་མཁན་གྱིས་སློབ་མའི་ཨང་རྟགས་ནང་འཇུག་བྱས་རྗེས་སློབ་མ་དེའི་རྒྱུགས་འབྲས་ཕྱིར་འདོན་ཐུབ་དགོས། སྟོན་ཁབ་ཀྱི་རྟེན་འབྱུང་གྲངས་བཀོལ་ནས་མངོན་འགྱུར་བྱ་དགོས། བྱ་རིམ་གཤམ་ལྟར།

#include<stdio.h>

void main()

{ float score[][4]={{60,70,80,90},{56,89,67,88},{34,78,90,66}};

float *search(float(*pointer)[4],int n);

float *p;

int i,m;

printf("enter the number of student:");

scanf("%d",&m);

printf("The scores of No.%d are:\n",m);

p=search(score,m);

for(i=0;i<4;i++)

printf("%5.2f\t",*(p+i));

}

float *search(float(*pointer)[4],int n)

{float *pt;

pt=*(pointer+n);

return(pt);

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

enter the number of student:1↙

The scores of No.1are:

56.00  89.00  67.00  88.00

7 སྟོན་ཁབ་ཀྱི་གྲངས་ཚོ་དང་སྟོན་ཁབ་སྟོན་པའི་སྟོན་ཁབ།

1.སྟོན་ཁབ་ཀྱི་གྲངས་ཚོ་ཡི་དོན་སྤྱི།

གྲངས་ཚོ་ཞིག་གི་གཞི་རྒྱུ་ཡོད་ཚད་ནི་སྟོན་ཁབ་ཚུལ་གྱི་གཞི་གྲངས་ཡིན་ན།གྲངས་ཚོ་དེར་སྟོན་ཁབ་ཀྱི་གྲངས་ཚོ་ཟེར།སྟོན་ཁབ་ཀྱི་གྲངས་ཚོའི་ནང་གི་གཞི་རྒྱུ་སོ་སོ་ནི་སྟོན་ཁབ་ཀྱི་འགྱུར་ཚད་ཅིག་དང་མཚུངས་ཞེས་བཤད་ཆོག རྩ་གཅིག་སྟོན་ཁབ་ཀྱི་གྲངས་ཚོ་ཡི་མཚན་ཉིད་ཀྱི་རྣམ་པ་ནི།

རིགས་གྲས་ཀྱི་མིང་།*གྲངས་ཚོ་ཡི་མིང་།[གྲངས་ཚོ་ཡི་རིང་ཚད]

དཔེར་ན།

ent*p[4];

pཐོག་མར[4]དང་ཟུང་འབྲེལ་བྱས་ཏེ། p[4]གྲུབ་པ་དང་། འདི་མངོན་གསལ་དུ་གྲངས་ཚོ་ཡི་རྣམ་པ་ཡིན་ཞིང་། དེར་གཞི་རྒྱུ4ཡོད། དེ་ནསpསྔོན་གྱི“*”དང་ཟུང་འབྲེལ་བྱེད། “*”ཡིས་གྲངས་ཚོ་འདི་ནི་སྟོན་ཁབ་ཀྱི་ཚུལ་ཡིན་པ་མཚོན་ལ། གྲངས་ཚོ་ཡི་གཞི་རྒྱུ་སོ་སོས་ཧྲིལ་ཚུལ་གྱི་འགྱུར་ཚད་ཅིག་བསྟན་ཆོག

2. སྟོན་ཁབ་ཀྱི་གྲངས་ཚོ་ནིmainརྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱེད་པ།

སྟོན་ཁབ་ཀྱི་གྲངས་ཚོmainརྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱེད་པ་ནི་དེའི་བེད་སྤྱོད་གལ་ཆེན་ཞིག་ཡིན། སྔོན་ཆད་ཀྱི་བྱ་རིམ་དུ། mainརྟེན་འབྱུང་གྲངས་ཀྱི་ཐིག་ཕྲེང་དང་པོ་གཤམ་ལྟར་བྲིས་ཡོད་དེ།

void main()

གུག་རྟགས་ནང་དུ་ཅི་ཡང་མེད་ལ། དོན་དངོས་སུ། mainརྟེན་འབྱུང་གྲངས་ལ་ཞུགས་གྲངས་ཡོད་ཆོག་པ་དཔེར་ན།

void main(int argc,char*argv[])

argcདངargvནིmainརྟེན་འབྱུང་གྲངས་ཀྱི་རྣམ་པའི་ཞུགས་གྲངས་ཡིན། mainརྟེན་འབྱུང་གྲངས་ནི་རྒྱུད་ཁོངས་ཀྱིས་འདྲེན་སྤྱོད་བྱེད་པ་རེད། བཀའ་བརྡ་བཀོལ་སྤྱོད་བྱེད་པའི་རྣམ་པའི་འོག་ཏུ། mainགནས་པའི་ཡིག་ཆའི་མིང་ནང་འཇུག་བྱས་པ་ན། རྒྱུད་ཁོངསmainརྟེན་འབྱུང་གྲངས་འདྲེན་སྤྱོད་བྱེད་པ་རེད། དེས་ནmainརྟེན་འབྱུང་གྲངས་ཀྱི་རྣམ་པའི་ཞུགས་གྲངས་ཀྱི་ཐང་ནི་གང་ནས་ཐོབ་པ་ཡིན་ཞེ་ན། བྱ་རིམ་ལས་ཐོབ་མི་ཐུབ་པ་མངོན་གསལ་ཡིན། དོན་དངོས་སུ་དངོས་ཡོད་ཞུགས་གྲངས་ནི་བཀའ་བརྡ་དང་མཉམ་དུ་བྱིན་ཡོད། ཡང་གཅིག་བཤད་ན། བཀའ་བརྡའི་ཐིག་ཕྲེང་ཞིག་ཏུ་བཀའ་ཡི་མིང་དངmainརྟེན་འབྱུང་གྲངས་ལ་སྟེར་དགོས་པའི་ཞུགས་གྲངས་འདུས། བཀའ་བརྡའི་ཐིག་ཕྲེང་གི་རྣམ་པ་ནི།

བཀའ་བརྡའི་མིང་། ཞུགས་གྲངས1 ཞུགས་གྲངས2….ཞུགས་གྲངསn

བཀའ་བརྡ་ཡི་མིང་དང་ཞུགས་གྲངས་སོ་སོའི་བར་ལ་ཚེག་སྟོང་གིས་དགར་དགོས། དཔེར་ན། གལ་ཏེ་དམིགས་འབེན་ཡིག་ཆ་ཞིག་གི་མིང་ནིfilelཡིན་ན། ད་ནི་ཡིག་རྟགས་ཕྲེང་བ“China”, “Beijing”ནིmainརྟེན་འབྱུང་གྲངས་ཀྱི་ཞུགས་གྲངས་བྱེད་འདོད་པ་ལ། གཤམ་གྱི་རྣམ་པ་ལྟར་བྲིས་ཆོག་སྟེ།

fild China Beijing

གོང་གི་ཞུགས་གྲངས་དང་རྟེན་འབྱུང་གྲངསmainནང་གི་རྣམ་པའི་ཞུགས་གྲངས་བར་གྱི་འབྲེལ་བ་ལ་མཉམ་འཇོག་བྱ་དགོས། mainརྟེན་འབྱུང་གྲངས་ནང་གི་རྣམ་པའི་ཞུགས་གྲངསargcནི་བཀའ་བརྡའི་ཐིག་ཕྲེང་ནང་གི་ཞུགས་གྲངས་ཀྱི་ཁ་གྲངས་ཡིན། ད་ལྟargcཡི་ཐང་ནི3ཡིན། mainརྟེན་འབྱུང་གྲངས་ཀྱི་རྣམ་པའི་ཞུགས་གྲངས་གཉིས་པargvནི་ཡིག་རྟགས་ཕྲེང་བ་སྟོན་པའི་སྟོན་ཁབ་ཀྱི་གྲངས་ཚོ་ཡིན། ཡང་གཅིག་བཤད་ན། ཞུགས་གྲངས་ཡོད་པའིmainརྟེན་འབྱུང་གྲངས་ཀྱི་རྣམ་པ་ནི།

void main(ing argc,char*argv[]);

བཀའ་བརྡའི་ཐིག་ཕྲེང་གི་ཞུགས་གྲངས་ཚང་མ་ཡིག་རྟགས་ཕྲེང་བ་ཡིན་དགོས། ཡིག་རྟགས་ཕྲེང་བ་དེ་དག་གི་ཐོག་མའི་ཤག་གནས་ཀྱིས་སྟོན་ཁབ་ཀྱི་གྲངས་ཚོ་ཞིག་གྲུབ། དཔེ་རིས1-7ལྟར།

7.jpg.jpg

དཔེ་རིས1-7

སྟོན་ཁབ་ཀྱི་གྲངས་ཚོargvནང་གི་གཞི་རྒྱུargv[0]ཡིས་ཡིག་རྟགས་ཕྲེང་བ “filei”བསྟན་པ་དང་། argv[1]ཡིས་ཡིག་རྟགས་ཕྲེང་བ“China”བསྟན་ཞིང་། argv[2]ཡིས་ཡིག་རྟགས་ཕྲེང་བ“Beijing”བསྟན་ཡོད།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-14

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།