སྔོན་བཀོད་སྒྲིག་གཅོད་བཀའ་བརྡ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ANSI Cཚད་གཞིསCཡི་ཁུངས་བྱ་རིམ་དུ“སྔོན་བཀོད་སྒྲིག་གཅོད་བཀའ་བརྡ”དུ་མ་བཅུག་ཆོག་པ་ངེས་འཁེལ་བྱས་ཡོད་ཅིང་། དེ་ཡིས་བྱ་རིམ་ཇུས་འགོད་ཀྱི་ཁོར་ཡུག་ལེགས་བཅོས་དང་། བྱ་རིམ་སྒྲིག་པའི་ནུས་ཕྱོད་ཇེ་མཐོར་གཏོང་ཐུབ་པ་ཡིན། སྔོན་བཀོད་སྒྲིག་གཅོད་བཀའ་བརྡ་དེ་དག་ནིANSI Cཡིས་གཅིག་གྱུར་གྱིས་གཏན་འཁེལ་བྱས་པ་ཞིག་ཡིན་མོད། འོན་ཀྱང་དེ་ནིCསྐད་བརྡ་རང་གི་གྲུབ་ཆ་མིན་པས། ཐད་ཀར་སྒྱུར་སྒྲིག་བྱས་མི་ཆོག །བྱ་རིམ་ལ་རྒྱུན་ལྡན་གྱི་སྒྱུར་སྒྲིག་མ་བྱས་གོང་ལ་ཐོག་མར་བྱ་རིམ་ནང་གི་དམིགས་བསལ་ཅན་གྱི་བཀའ་བརྡ་དེ་དག་ལ“སྔོན་བཀོད་སྒྲིག་གཅོད”བྱ་དགོས། སྔོན་བཀོད་སྒྲིག་གཅོད་བཀའ་བརྡར་གཞིར་བཟུང་ནས་བྱ་རིམ་ལ་འོས་མཐུན་གྱི་སྒྲིག་གཅོད་བྱེད་དགོས། སྔོན་བཀོད་སྒྲིག་གཅོད་བྱས་རྗེས་བྱ་རིམ་དུ་སྔོན་བཀོད་སྒྲིག་གཅོད་བཀའ་བརྡ་འདུས་མེད་ཅིང་། མཇུག་མཐར་སྒྱུར་སྒྲིག་བྱ་རིམ་གྱིས་སྔོན་བཀོད་སྒྲིག་གཅོད་བྱས་རྗེས་ཀྱི་ཁུངས་བྱ་རིམ་ལ་རྒྱུན་ལྡན་གྱི་སྒྱུར་སྒྲིག་བྱས་ན། ལག་བསྟར་བྱ་རུང་བའི་དམིགས་འབེན་ཚབ་ཨང་ཐོབ་པའོ།། ད་ལྟ་བེད་སྤྱོད་བྱེད་པའིCསྒྱུར་སྒྲིག་རྒྱུད་ཁོངས་མང་ཆེ་བ་རུ་སྔོན་བཀོད་སྒྲིག་གཅོད་དང་། སྒྱུར་སྒྲིག སྦྲེལ་བའི་ཆ་ཤས་སོགས་ཀྱི་ཁག་འདུས་ཡོད་པས། སྒྱུར་སྒྲིག་བྱེད་དུས་སུ་དེ་མ་ཐག་ཏུ་འགྲུབ་ཐུབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
预处理命令
1 ཆེ་མཐོང་མཚན་ཉིད།

1.ཞུགས་གྲངས་མེད་པའི་ཆེ་མཐོང་མཚན་ཉིད།

གཏན་འཁེལ་གྱི་མཚོན་རྟགས་ཤིག་བཀོལ་ནས་ཡིག་རྟགས་ཕྲེང་བ་གཅིག་མཚོན་པ་དང་། དེ་ཡི་སྤྱིར་བཏང་གི་རྣམ་པ་ནི།

#defineམཚོན་རྟགས།  ཡིག་རྟགས་ཕྲེང་བ།

འདི་ནི་ངོ་སྤྲོད་བྱས་ཟིན་པའི་མཚོན་རྟགས་རྒྱུན་ཚད་ལ་མཚན་ཉིད་འགོད་པའི་དཔེར་བརྗོད་དེ།

#definePI3.1415926

འདིའི་ཕན་ནུས་ནི་མཚོན་རྟགསPIཡིས་ཡིག་རྟགས་ཕྲེང་བ“3.1415926”གི་ཚབ་བྱེད་པ་གཏན་འཁེལ་བྱས་པ་དང་། སྔོན་བཀོད་སྒྲིག་གཅོད་སྒྱུར་སྒྲིག་བྱེད་པའི་སྐབས་སུ་བྱ་རིམ་ནང་གི་བཀའ་དེའི་རྗེས་སུ་བྱུང་བའིPIཡོད་ཚད“3.1415926”གིས་ཚབ་བྱེད་པ་རེད། སྤྱོད་མཁན་གྱིས་ཐབས་འདི་སྤྱད་ནས་མིང་སྟབས་བདེ་ཞིག་གིས་ཡིག་རྟགས་ཕྲེང་བ་རིང་བོ་ཞིག་གི་ཚབ་བྱས་ཆོག་པ་རེད། དེའི་ཕྱིར་མཚོན་རྟགས་དེར“ཆེ་མཐོང་མིང”ཟེར་ཞིང་། སྔོན་བཀོད་སྒྱུར་སྒྲིག་བྱེད་པའི་སྐབས་སུ་ཆེ་མཐོང་མིང་གིས་ཡིག་རྟགས་ཕྲེང་བ་ཚབ་བརྗེ་བྱེད་པའི་གོ་རིམ་ལ“ཆེ་མཐོང་འགྲེམ་པ”ཟེར། #defineནི་ཆེ་མཐོང་མཚན་ཉིད་ཀྱི་བཀའ་བརྡ་ཡིན།

དཔེར་བརྗོད1.1

#define PI 3.1415926

main ()

{fior 1,s,r,v;

printf(//input radius://);

scanf(//%f//,&r);

1=2.0*pi*;

S=pi*r*r*;

V=3.0/4*pi*r*r*r;

printf(//1=%10.4f/ns=%10.4f/nv%10.4/n//,1,s,v)

}

འཁོར་སྐྱོད་བྱས་པའི་གནས་ཚུལ་གཤམ་ལྟར།

input radius: 4

1=︺︺︺25.1328

S=︺︺︺50.2655

V=︺︺150.7966

གསལ་བཤད།

(1)འགྱུར་ཚད་ཀྱི་མིང་དང་ཁྱད་པར་ཕྱེས་ཆེད། ཆེ་མཐོང་མིང་ནི་སྤྱིར་བཏང་དུ་གསལ་བྱེད་ཆེ་བས་མཚོན་པ་ཡིན།

(2)ཆེ་མཐོང་མིང་གིས་ཡིག་རྟགས་ཕྲེང་བ་གཅིག་ཚབ་བརྗེ་བྱས་ན། བྱ་རིམ་དུ་བསྐྱར་ཟློས་བྱས་ནས་འབྲི་དགོས་པའི་ཡིག་རྟགས་ཕྲེང་བ་ཇེ་ཉུང་དུ་གཏོང་ཐུབ་པ་ཡིན། དཔེར་ན། གལ་ཏེPIཡིས3.1415926གི་ཚབ་བྱེད་པ་ངེས་འཁེལ་མ་བྱས་ན། 3.1415926ནི་བྱ་རིམ་གྱི་གནས་མང་པོའི་ཁྲོད་དུ་མངོན་ངེས་ཡིན། དེ་ལྟར་བྱུང་ཚེ་ཧ་ཅང་སྟབས་བདེ་མིན་པ་མ་ཟད། ནོར་འཁྲུལ་ཡང་འབྱུང་སླ། དེ་བས་ཆེ་མཐོང་མིང་གིས་ཚབ་བྱས་ན། སྟབས་བདེ་ལ་ནོར་འཁྲུལ་ཡང་མི་འབྱུང་བ་ཡིན། རྒྱུ་མཚན་ནི་ཆེ་མཐོང་མིང་ཞིག་ཡིད་ལ་འཛིན་པ་ནི་ངེས་སྲོལ་ཅི་ཡང་མེད་པའི་ཡིག་རྟགས་ཕྲེང་བ་ལྟ་བུ་མ་ཡིན་པར་ཡིད་ལ་འཛིན་བདེ་བ་མ་ཟད། བྱ་རིམ་ཀློག་པའི་སྐབས་སུ་དེ་མུར་དེ་ཉིད་ཀྱི་གོ་དོན་ཡང་རྟོགས་ཐུབ་ལ། འགྱུར་ཚད་གང་རུང་ཞིག་འགྱུར་དགོས་པའི་སྐབས་སུ། བཀའ་བརྡ#defineཁོ་ན་བཅོས་བསྒྱུར་བྱས་པས་ཆོག་གོ། དཔེར་ན། གྲངས་ཚོའི་ཆེ་ཆུང་ལ་མཚན་ཉིད་འགོད་ཚེ།

#define array-size1000

int array[array-size]ལྟར་རོ།

ཐོག་མརarray-sizeཡིས་རྒྱུན་ཚད1000མཚོན་པ་ངེས་འཁེལ་བྱེད་པ་ཡིན་སྟབས། གྲངས་ཚོarrayཡི་ཆེ་ཆུང་ནི1000ཡིན། གལ་ཏེ་གྲངས་ཚོའི་ཆེ་ཆུང་བསྒྱུར་དགོས་ན། #defineབསྒྱུར་ན་ཆོག་པ་སྟེ།

#define array-size500

ཆེ་མཐོང་མཚན་ཉིད་བེད་སྤྱད་ན། བྱ་རིམ་གྱི་ཁྱབ་སྤྱོད་རང་བཞིན་མཐོ་རུ་གཏོང་ཐུབ་པ་ཡིན།

(3)ཆེ་མཐོང་མཚན་ཉིད་ནི་ཆེ་མཐོང་མིང་གིས་ཡིག་རྟགས་ཕྲེང་བའི་ཚབ་བྱེད་པ་དེ་ཡིན་ལ། དེ་ནི་སྟབས་བདེ་ཡི་གོ་བརྗེ་ཙམ་ཡིན་པ་ལས་ཡང་དག་རང་བཞིན་ལ་ཞིབ་བཤེར་བྱེད་པ་མིན། གལ་ཏེ

#definepi3.14159

གོང་ལྟར་གྲངས་ཀ1དེ་གསལ་བྱེད་ཆུང་བ1ལ་བསྒྱུར་ནས་བྲིས་ན། སྔོན་བཀོད་སྒྲིག་གཅོད་བྱེད་སྐབས་སྔར་བཞིན་ཚབ་འཇུག་བྱེད་པ་ལས་གོ་དོན་ཡང་དག་མིན་ལ་དོ་སྣང་མི་བྱེད། གཞན་ཡང་སྔོན་བཀོད་སྒྱུར་སྒྲིག་བྱེད་པའི་སྐབས་སུ་ད་གཟོད་ནོར་འཁྲུལ་རྙེད་པ་མ་ཟད་བརྡ་ཡང་སྟོན་པའོ།།

(4)ཆེ་མཐོང་མཚན་ཉིད་ནིCརྗོད་ཚིག་མིན་པས། ཐིག་ཕྲེང་གི་མཇུག་ཏུ་འབྱེད་རྟགས་མི་དགོས། གལ་ཏེ་འབྱེད་རྟགས་བཞག་པ་ན་འབྱེད་རྟགས་དང་བཅས་པ་གོ་བརྗེ་བྱེད་དོ།། དཔེར་ན།

#define3.1415926

area=pi*r*r

རྒྱ་བསྐྱེད་རྗེས་རྗོད་ཚིག་འདི་ནིArea=3.1415926;*r*rལྟར་རོ།།

བརྡ་སྤྲོད་ནོར་འཁྲུལ་ཡིན་པ་མངོན་གསལ་རེད།

(5)བཀའ་བརྡ#defineནི་བྱ་རིམ་དུ་རྟེན་འབྱུང་གྲངས་ཀྱི་ཕྱི་རོལ་ན་ཡོད་ཅིང་། ཆེ་མཐོང་མིང་གི་ནུས་ལྡན་ཁྱབ་ཁོངས་ནི་བཀའ་བརྡར་མཚན་ཉིད་བཀོད་པའི་རྗེས་ནས་ཁུངས་ཡིག་ཆ་མཇུག་སྒྲིལ་བའི་བར་དུའོ།། རྒྱུན་དུ་བཀའ་བརྡ#defineདེ་ཡིག་ཆ་མགོ་དང་། རྟེན་འབྱུང་གྲངས་ཀྱི་སྔོན་དུ་འབྲི་དགོས་ལ། དེ་ནི་ཡིག་ཆའི་ཆ་ཤས་ཤིག་བྱེད་པས་ན། ཡིག་ཆ་དེ་ཉིད་ཀྱི་ཁྱབ་ཁོངས་སུ་ནུས་ལྡན་ཡིན་པའོ།།

(6)བཀའ#defineབཀོལ་ནས་ཆེ་མཐོང་མཚན་ཉིད་ཀྱི་ནུས་ཁོངས་མཇུག་སྒྲིལ་པར་བྱས་ཆོག དཔེར་ན།

#define G 9.8              

void main()            ↑

{               Gཡི་ནུས་ལྡན་ཁྱབ་ཁོངས།

:

}                         ---↓----

#undef G

f1()

{

:

}

#undefཡི་བྱེད་ནུས་ནི། Gཡི་ནུས་ལྡན་ཁྱབ་ཁོངས་ནས#undefཡི་ཕྲེང་མཚམས་ནས་མཇུག་སྒྲིལ་པར་བྱེད་པས། རྟེན་འབྱུང་གྲངསf1རུGཡིས9.8ཀྱི་ཚབ་མི་བྱེད་པ་ཡིན། དེ་ལྟར་བདེ་འཁྱུག་ལྡན་པའི་སྒོ་ནས་ཆེ་མཐོང་མཚན་ཉིད་ཀྱི་ནུས་ལྡན་ཁྱབ་ཁོངས་ཚོད་འཛིན་བྱས་ཆོག་པའོ།།

(7) ཆེ་མཐོང་མཚན་ཉིད་འགོད་པའི་སྐབས་སུ། མཚན་ཉིད་བཀོད་ཡོད་པའི་ཆེ་མཐོང་མིང་འདྲེན་སྤྱོད་བྱས་ཆོག་ལ། རིམ་པ་ལྟར་གོ་བརྗེ་ཡང་བྱས་ཆོག

དཔེར་བརྗོད1.2 ཆེ་མཐོང་མཚན་ཉིད་ཁྲོད་དུ་མཚན་ཉིད་བཀོད་ཡོད་པའི་ཆེ་མཐོང་མིང་འདྲེན་སྤྱོད་བྱེད་པ།

#include<stdio.h>

#define R 3.0

#define PI 3.1415926

#define L2*PI*R

#define SPI*R*R

void main()

{

printf("L=%f\nS=%f\n",L,S);

}

འཁོར་སྐྱོད་བྱས་པའི་གནས་ཚུལ་གཤམ་ལྟར།

L=18.849556

S=28.274333

རྒྱ་བསྐྱེད་རྗེསprintfརྟེན་འབྱུང་གྲངས་ནང་གི་ཕྱིར་འདོན་ཚན་པLནི 2*3.1415926*3.0རུ་རྒྱ་བསྐྱེད་པ་དང་། Sནི3.1415926*3.0*3.0རུ་རྒྱ་བསྐྱེད་པ། printfརྟེན་འབྱུང་གྲངས་ཀྱི་འདྲེན་སྤྱོད་རྗོད་ཚིག་ནིprintf(“L=%F\NS=%f\n”, 2*3.1415926*3.0,3.1415926*3.0*3.0);བསྐྱེད་པའོ།།

(8)བྱ་རིམ་གྱི་འདྲེན་རྟགས་ཟུང་དུ་ཡོད་པའི་ཡིག་རྟགས་དེ་ཆེ་མཐོང་མིང་དང་གཅིག་མཐུན་ཡིན་ཡང་ཕན་ཚུན་གོ་བརྗེ་བྱེད་པ་མིན། དཔེར་ན། དཔེར་བརྗོད1.2ནང་གིprintf རྟེན་འབྱུང་གྲངས་སུ་ཡིག་རྟགསLགཉིས་པ་ལས། གཅིག་ནི་འདྲེན་རྟགས་ཟུང་གི་ནང་དུ་ཡོད་ཅིང་ཆེ་མཐོང་གོ་བརྗེ་མི་བྱེད་དོ།། ཅིག་ཤོས་ནི་འདྲེན་རྟགས་ཟུང་གི་ཕྱི་རོལ་དུ་ཡོད་པས་ཆེ་མཐོང་གོ་བརྗེ་བྱེད་པ་རེད།

(9)ཆེ་མཐོང་མཚན་ཉིད་ནི་སྔོན་བཀོད་སྒྲིག་གཅོད་བཀའ་བརྡར་ཆེད་དུ་སྤྱོད་པ་ཞིག་སྟེ། དེ་ནི་འགྱུར་ཚད་ལ་མཚན་ཉིད་འགོད་པའི་དོན་དང་གཅིག་མཚུངས་མིན་པས། ཡིག་རྟགས་ཚབ་བརྗེ་བྱེད་པ་མ་གཏོགས་ནང་གསོག་བར་སྟོང་བགོ་བཤའ་མི་བྱེད་དོ།།

2.ཞུགས་གྲངས་ལྡན་པའི་ཆེ་མཐོང་མཚན་ཉིད།

ཞུགས་གྲངས་ལྡན་པའི་ཆེ་མཐོང་མཚན་ཉིད་ཀྱིས་སྟབས་བདེ་བའི་ཡིག་རྟགས་ཕྲེང་བ་ཚབ་བརྗེ་བྱེད་པ་ཁོ་ན་མ་ཡིན་པར། ཞུགས་གྲངས་ཀྱང་ཚབ་བརྗེ་བྱེད་ཀྱི་ཡོད། དེར་མཚན་ཉིད་འགོད་པའི་སྤྱིར་བཏང་གི་རྣམ་པ་ནི།

#defineཆེ་མཐོང་མིང(ཞུགས་གྲངས་སྟར་ཕྲེང) ཡིག་རྟགས་ཕྲེང་བ།

ཡིག་རྟགས་ཕྲེང་བ་རུ་གུག་རྟགས་ནང་དུ་གཏན་འཁེལ་བྱས་པའི་ཞུགས་གྲངས་དག་འདུས་ཡོད། དཔེར་ན།

#define S(a,b)a*b

:

area=S(3,2);

གྲུ་བཞི་དབྱིབས་ཀྱི་རྒྱ་ཁྱོནSལ་མཚན་ཉིད་བཀོད་ན། aདངbནི་དེ་ཡི་མཐའི་རིང་ཚད་ཡིན། བྱ་རིམ་ནང་དུS(3,2)སྤྱད་དེ། 3དང2སོ་སོས་ཆེ་མཐོང་མཚན་ཉིད་ནང་གི་རྣམ་པའི་ཞུགས་གྲངསaདངbཡི་ཚབ་བྱས་པ་སྟེ། 3*2ཀྱིསS(3,2)ཡི་ཚབ་བྱས་པས། ཐང་སྟེར་བའི་རྗོད་ཚིག་གཤམ་ལྟར་རྒྱ་བསྐྱེད་པའོ།།

area=3*2

ཞུགས་གྲངས་འདུས་པའི་ཆེ་མཐོང་མཚན་ཉིད་ནི་གཤམ་ལྟར་རྒྱ་བསྐྱེད་དེ་གོ་བརྗེ་བྱ་བ་ལ། བྱ་རིམ་ནང་དུ་དངོས་ཡོད་ཞུགས་གྲངས་འདུས་པའི་ཆེ་མཐོང་ཡོད་ན། བཀའ#defineཡི་ཐིག་ཕྲེང་ནང་གི་གཏན་འཁེལ་ཡིག་རྟགས་ཕྲེང་བ་དེ་གཡས་ནས་གཡོན་ལྟར་གོ་བརྗེ་བྱེད་པ་རེད། གལ་ཏེ་ཡིག་རྟགས་ཕྲེང་བ་རུ་ཆེ་མཐོང་ནང་གི་རྣམ་པའི་ཞུགས་གྲངས་ཚུད་ཡོད་ཚེ། བྱ་རིམ་གྱི་རྗོད་ཚིག་ནང་གི་འོས་འབབ་ཀྱི་དངོས་ཡོད་ཞུགས་གྲངས་ཀྱིས་རྣམ་པའི་ཞུགས་གྲངས་ཀྱི་ཚབ་བྱེད་པ་རེད། གལ་ཏེ་ཆེ་མཐོང་མཚན་ཉིད་ནང་གི་ཡིག་རྟགས་ཕྲེང་བའི་ཡིག་རྟགས་ནི་ཞུགས་གྲངས་ཡིག་རྟགས་མིན་ཚེ་ཉར་ཚགས་བྱེད་པ་རེད། དེ་ལྟར་གོ་བརྗེ་བའི་ཡིག་རྟགས་ཕྲེང་བ་གྲུབ་པའོ།། དཔེ་རིས1-1ལྟར།

1.jpg.jpg

དཔེ་རིས1.1

དཔེར་བརྗོད1.3 ཞུགས་གྲངས་ལྡན་པའི་ཆེ་མཐོང་མཚན་ཉིད་བེད་སྤྱོད་པ།

#include<stdio.h>

#define PI 3.1415926

defile S(r)PI*r*r

void main()

{float a,area;

a=3.6;

area=S(a);  printf("r=%f\narea=%f\n",a,area)

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

r=3.600000

area=40.715038

ཐང་སྟེར་བའི་རྗོད་ཚིགarea=S(a);རྒྱ་བསྐྱེད་ན་གཤམ་ལྟར་རོ།།

area=3.1415926*a*a

ཡིག་ཆ་ཚུད་པའི་སྒྲིག་གཅོད།

“ཡིག་ཆ་ཚུད་པའི”སྒྲིག་གཅོད་ཅེས་པ་ནི་ཁུངས་ཡིག་ཆ་ཞིག་ཏུ་ཁུངས་ཡིག་ཆ་གཞན་ཞིག་གི་ནང་དོན་ཡོད་ཚད་ཚུད་པར་བྱེད་པ་སྟེ། ཡིག་ཆ་གཞན་ཞིག་ཡིག་ཆ་འདིར་ཚུད་པར་བྱེད་པ་དེ་ལ་ཟེར། Cསྐད་བརྡས་བཀའ་བརྡ#includeམཁོ་སྤྲོད་བྱས་ནས“ཡིག་ཆ་ཚུད་པའི”བཀོལ་སྤྱོད་མངོན་འགྱུར་བྱེད་པའོ།། དེའི་སྤྱིར་བཏང་གི་རྣམ་པ་གཤམ་གསལ་ལྟར།

#include “ཡིག་ཆའི་མིང”

ཡང་ན།

#include<ཡིག་ཆའི་མིང>

“ཡིག་ཆ་ཚུད་པའི”བཀའ་བརྡ་ནི་སྤྱོད་རྒྱ་ཧ་ཅང་ཆེ་བའི་བཀའ་བརྡ་ཞིག་སྟེ། དེ་ཡིས་བྱ་རིམ་འཆར་འགོད་བྱེད་མཁན་གྱིས་བསྐྱར་ཟློས་ཀྱི་ལས་ཀ་མང་པོ་བྱེད་དགོས་པ་གྲོན་ཆུང་དུ་བྱས་ཡོད། དཔེར་ན། ལས་ཁུངས་ཀྱི་མི་སྣ་དག་གིས་གཏན་འཁེལ་གྱི་མཚོན་རྟགས་རྒྱུན་ཚད་ཕྲེང་ཁག་ཅིག(g=9.81,pi=3.1415926,e=2.718,c=….) རྒྱུན་པར་བེད་སྤྱོད་གཏོང་དགོས་ཀྱི་ཡོད། ཁོ་ཚོས་ཆེ་མཐོང་མཚན་ཉིད་ཀྱི་བཀའ་བརྡ་འདི་དག་གིས་མགོའི་ཡིག་ཆ་ཞིག་གྲུབ་པར་བྱས་ཆོག་ལ། དེ་ནས་མི་སོ་སོས་བཀའ་བརྡ#includeསྤྱད་ནས་མཚོན་རྟགས་རྒྱུན་ཚད་རྣམས་རང་གིས་བྲིས་པའི་ཁུངས་ཡིག་ཆ་རུ་ཚུད་པར་བྱས་ཀྱང་ཆོག་པ་ཡིན། དེ་ལྟར་བྱས་ན་མི་སོ་སོས་མཚོན་རྟགས་རྒྱུན་ཚད་དེ་དག་བསྐྱར་ཟློས་བྱས་ནས་མཚན་ཉིད་འགོད་མི་དགོས་སོ།། དེ་ནི་བཟོ་ལས་སྟེང་གི་ཚད་ལྡན་ལྷུ་ཆས་ཤིག་དང་འདྲ་སྟེ། དགོས་མཁོ་དང་བསྟུན་ནས་བེད་སྤྱོད་བཏང་བས་ཆོག་གོ།

2 ཆ་རྐྱེན་སྒྱུར་སྒྲིག

སྤྱིར་བཏང་གི་གནས་ཚུལ་འོག་ཏུ། ཁུངས་བྱ་རིམ་ཁྲོད་ཀྱི་ཐིག་ཕྲེང་ཡོད་ཚད་སྒྱུར་སྒྲིག་ཏུ་ཞུགས་དགོས་ཀྱི་ཡོད། འོན་ཀྱང་། སྐབས་ལ་ལར་ནང་དོན་ཁ་ཤས་ལ་ཆ་རྐྱེན་ངེས་ཅན་འཛོམས་ཚེ་ད་གཟོད་སྒྱུར་སྒྲིག་བྱ་དགོས་པའི་རེ་བ་ཡོད་པ་ཡིན། ཡང་གཅིག་བཤད་ན་ནང་དོན་དེ་དག་ལ་སྒྱུར་སྒྲིག་གི་ཆ་རྐྱེན་གཏན་འཁེལ་བྱེད་དགོས་ཀྱི་ཡོད། དེ་ནི“ཆ་རྐྱེན་སྒྱུར་སྒྲིག”ཡིན། སྐབས་འགར་ཆ་རྐྱེན་གང་རུང་ཞིག་ལྡན་པའི་སྐབས་སུ་རྗོད་ཚིག་ཁག་ཅིག་སྒྱུར་སྒྲིག་བྱེད་ཅིང་། དེ་དག་ལ་ཆ་རྐྱེན་མི་འཛོམ་པའི་སྐབས་སུ་རྗོད་ཚིག་གཞན་ཞིག་སྒྱུར་སྒྲིག་བྱ་དགོས་ཀྱི་ཡོད།

ཆ་རྐྱེན་སྒྱུར་སྒྲིག་བཀའ་བརྡ་ལ་གཤམ་གསལ་གྱི་རྣམ་པ་འགའ་ཡོད་དེ།

(1)#ifdefམཚོན་རྟགས།

བྱ་རིམ་ཚན་པ1

#else

བྱ་རིམ་ཚན་པ2

#endif

དེའི་ཕན་ནུས་ནི་གཏན་འཁེལ་བྱས་པའི་མཚོན་རྟགས་དེར་བཀའ་བརྡ#defineཡིས་མཚན་ཉིད་བཀོད་ཡོད་ཚེ། བྱ་རིམ་སྒྱུར་སྒྲིག་བྱེད་པའི་སྐབས་སུ་བྱ་རིམ་ཚན་པ1ཁོ་ན་སྒྱུར་སྒྲིག་བྱེད་ཅིང་། དེ་ལྟར་མིན་ཚེ་བྱ་རིམ་ཚན་པ2སྒྱུར་སྒྲིག་བྱེད་པའོ།། #elseཡི་ཁག་ནི་མེད་ཀྱང་ཆོག་གོ།

(2)#ifdefམཚོན་རྟགས

བྱ་རིམ་ཚན་པ1


#endif

འདིར“བྱ་རིམ་ཚན་པ”ནི་རྗོད་ཚིག་ཚོ་ཞིག་ཡིན་ཆོག་ལ། བཀའ་བརྡའི་ཕྲེང་ཞིག་ཡིན་ཡང་ཆོག ཆ་རྐྱེན་སྒྱུར་སྒྲིག་གི་རིགས་འདི་ནིCཡི་ཁུངས་བྱ་རིམ་གྱི་ཁྱབ་སྤྱོད་རང་བཞིན་ཇེ་མཐོར་གཏོང་བ་ལ་ཕན་ནུས་ཆེན་པོ་ལྡན་འདུག གལ་ཏེCཡི་ཁུངས་བྱ་རིམ་ཞིག་རྩིས་འཁོར་མི་འདྲ་བ་རུ་འཁོར་སྐྱོད་བྱེད་པ་དང་། རྩིས་འཁོར་དེ་དག་ལ་ཡང་ཁྱད་པར་ངེས་ཅན་ཞིག་ཡོད་ན། དཔེར་ན། རྩིས་འཁོར་ཁ་ཤས་ཀྱིས་གནས16(ཡིག་ཚིགས2)གིས་ཧྲིལ་གྲངས་གཅིག་གསོག་འཇོག་བྱེད་པ་དང་། ཁ་ཤས་ཀྱིས་གནས32ཀྱིས་ཧྲིལ་གྲངས་གཅིག་གསོག་འཇོག་བྱེད་པ། རྒྱུན་དུ་ཁུངས་བྱ་རིམ་ལ་དགོས་ངེས་ཀྱི་དག་བཅོས་བྱ་དགོས་ཀྱི་ཡོད། དེ་ལྟར་བྱས་ཚེ་བྱ་རིམ་གྱི་ཁྱབ་སྤྱོད་རང་བཞིན་ཇེ་དམར་འགྲོ་བ་ཡིན། དེ་ནི་གཤམ་གྱི་ཆ་རྐྱེན་སྒྱུར་སྒྲིག་བཀོལ་ནས་ཐག་གཅོད་བྱས་ཆོག་པ་སྟེ།

#ifdef COMPUTER A

#define INTEGER SIZE 16

#else

#define INTEGER SIZE32

#endif

གལ་ཏེCOMPUTER-Aལ་སྔོན་དུ་མཚན་ཉིད་བཀོད་ཟིན་པ་ན། གཤམ་གྱི་བཀའ་བརྡའི་ཐིག་ཕྲེང་སྒྱུར་སྒྲིག་བྱེད་པ་སྟེ།

#ifdef COMPUTER A0

ཡང་ནCOMPUTER Aཡིག་རྟགས་ཕྲེང་གང་རུང་མཚན་ཉིད་བཀོད་པའམ། #ifdef COMPUTER Aལྟ་བུ་ཡིན་ཚེ། COMPUTER Aལ་སྔར་ནས་མཚན་ཉིད་བཀོད་ཟིན་པས་གཤམ་གྱི་ཕྲེང་སྒྱུར་སྒྲིག་བྱེད་པ་སྟེ།

#define INTEGER SIZE16

དེ་མིན་ཚེ། གཤམ་གྱི་བཀའ་བརྡའི་ཕྲེང་སྒྱུར་སྒྲིག་བྱེད་པ་སྟེ།

#define INTEGER SIZE32

སྔོན་བཀོད་སྒྱུར་སྒྲིག་བྱས་རྗེས་བྱ་རིམ་ནང་གིINTEGER SIZEཚང་མ16གིས་ཚབ་བརྗེ་བྱེད་པ་རེད། དེ་མིན་ན་ཚང་མ32ཀྱིས་ཚབ་བརྗེ་བྱེད་པ་རེད།

འདི་ལྟར་བྱས་ན་ཁུངས་བྱ་རིམ་ལ་དག་བཅོས་ཅི་ཡང་མ་བྱས་ཀྱང་རྩིས་འཁོར་རྒྱུད་ཁོངས་མི་མཐུན་པ་རུ་བཀོལ་ཆོག་པ་ཡིན། གོང་དུ་ངོ་སྤྲོད་བྱས་པ་ནི་གནས་ཚུལ་སྟབས་བདེའི་རིགས་ཤིག་སྟེ། ཀློག་པ་པོ་རྣམས་ཀྱིས་རིགས་ལམ་འདི་ལ་བརྟེན་ནས་ཆ་རྐྱེན་སྒྱུར་སྒྲིག་གཞན་དག་ཇུས་འགོད་བྱས་ཆོག་པའོ།།

དཔེར་ན། བྱ་རིམ་ལེགས་སྒྲིག་བྱེད་པའི་སྐབས་སུ། དགོས་ངེས་ཀྱི་བརྡ་འཕྲིན་ཁ་ཤས་ཕྱིར་འདོན་པ་དང་། ལེགས་སྒྲིག་བྱས་ཚར་རྗེས་བརྡ་འཕྲིན་དེ་དག་ཕྱིར་མི་འདོན་པའི་རེ་བ་ཡོད་ཚེ། ཁུངས་བྱ་རིམ་དུ་གཤམ་གྱི་ཆ་རྐྱེན་སྒྱུར་སྒྲིག་ཚན་པ་བར་འཇུག་བྱས་ནས་ལེགས་འགྲུབ་བྱ་ཆོག་པ་སྟེ།

#ifdef DEBUG

printf(“x=%d,y=%d,z=%d\n”,x,y,z);

#endif

གལ་ཏེ་དེ་ཡི་སྔོན་དུ་གཤམ་གྱི་བཀའ་བརྡའི་ཕྲེང་ཡོད་ཚེ།

#ifdef DEBUG

བྱ་རིམ་འཁོར་སྐྱོད་བྱེད་པའི་སྐབས་སུx、y、zཡི་ཐང་ཕྱིར་འདོན་བྱས་ཏེ། ལེགས་སྒྲིག་བྱེད་སྐབས་སུ་དབྱེ་ཞིབ་བྱ་བ་ལ་སྟབས་བདེ་བཟོས་ཡོད། ལེགས་སྒྲིག་བྱས་ཚར་རྗེས་བཀའ་བརྡའི་ཕྲེང#defineབསུབ་ན་ཆོག་པའོ།། ཡང་མི་ལ་ལས་ཆ་རྐྱེན་སྒྱུར་སྒྲིག་མ་བཀོལ་ཡང་རང་གི་དམིགས་ཡུལ་འགྲུབ་པའི་ཆེད་དུ། ལེགས་སྒྲིག་བྱེད་སྐབསprintfཡི་རྗོད་ཚིག་ཚོ་ཞིག་སྣོན་པ་དང་། ལེགས་སྒྲིག་བྱས་ཚར་བ་ནprintfཡི་རྗོད་ཚིག་རེ་རེ་བཞིན་བསུབ་པ་ཡིན། དེ་ལྟར་བྱས་ན་ཡང་དམིགས་ཡུལ་ལེགས་འགྲུབ་བྱུང་མོད། འོན་ཀྱང་ལེགས་སྒྲིག་བྱེད་པའི་སྐབས་སུ་བསྣན་པའིprintfཡི་རྗོད་ཚིག་ཅུང་མང་བའི་སྐབས་སུ། དག་བཅོས་བྱེད་པར་དཀའ་ཁག་ཧ་ཅང་ཆེ་བ་ཡིན། ཆ་རྐྱེན་སྒྱུར་སྒྲིག་བཀོལ་ནprintfཡི་རྗོད་ཚིག་རེ་རེ་བཞིན་བསུབ་མི་དགོས་པར། སྔོན་གྱི་བཀའ“ifdef DEBUG”གཅིག་པུ་བསུབ་པས་ཆོག་གོ། སྐབས་དེརDEBUGམཚོན་རྟགས་བྱས་པའི་ཆ་རྐྱེན་སྒྱུར་སྒྲིག་ཚན་པ་ཚང་མསprintfརྗོད་ཚིག་ལ་ནུས་པ་མེད་པར་བྱས་ཏེ་གཅིག་གྱུར་གྱིས་ནུས་པར་ཚོད་བཟུང་བགྱིས་ཡོད། དེ་ནི་བསད་སྦར་ཞིག་དང་ཀུན་ནས་མཚུངས་པའོ།།

(3)#ifdefམཚོན་རྟགས

བྱ་རིམ་ཚན་པ1

#else

བྱ་རིམ་ཚན་པ2

#endif

ཐིག་ཕྲེང་དང་པོ་ནི་རིགས་དང་པོའི་རྣམ་པ་དང་མི་མཐུན་ཏེ། “ifdef”དེ“ifdef”རུ་བསྒྱུར་བའོ།། དེ་ཡི་ཕན་ནུས་ནི་མཚོན་རྟགས་ལ་མཚན་ཉིད་བཀོད་མེད་ན། བྱ་རིམ་ཚན་པ1སྒྱུར་སྒྲིག་བྱེད་པ་དང་། དེ་མིན་ན་བྱ་རིམ་ཚན་པ2སྒྱུར་སྒྲིག་བྱེད་པ་རེད། རྣམ་པ་འདི་དང་རིགས་དང་པོའི་རྣམ་པའི་བྱེད་ནུས་ལྡོག་པ་ཡིན།

གོང་གི་རྣམ་པ་གཉིས་ཀྱི་བཀོལ་ཐབས་ཧ་ལམ་འདྲ་སྟེ། དགོས་མཁོ་ལྟར་རྣམ་པ་གང་རུང་ཞིག་གདམ་དགོས། དཔེར་ན། གོང་གི་ལེགས་སྒྲིག་བྱེད་པའི་སྐབས་སུ་ཕྱིར་བཏོན་པའི་བརྡ་འཕྲིན་གྱི་ཆ་རྐྱེན་སྒྱུར་སྒྲིག་ཚན་པ་དེ་གཤམ་ལྟར་བྲིས་ཀྱང་ཆོག་སྟེ།

#ifdef RUN

Printf(“x=%d,y=%d,z=%d\n”,x,y,z);

#endif

གལ་ཏེ་འདིའི་སྔོན་ལRUNལ་མཚན་ཉིད་བཀོད་མེད་ན། x y zབཅས་ཀྱི་ཐང་ཕྱིར་འདོན་པ་དང་། ལེགས་སྒྲིག་བྱས་ཚར་རྗེས་འཁོར་སྐྱོད་མ་བྱས་སྔོན་ལ་གཤམ་གྱི་བཀའ་བརྡའི་ཕྲེང་བསྣན་པ་ན།

#define RUN

x y zཡི་ཐང་ཕྱིར་འདོན་པའོ།།

(4)#ifམཚོན་ཚུལ།

བྱ་རིམ་ཚན་པ1

else

བྱ་རིམ་ཚན་པ2

#endif

འདིའི་ཕན་ནུས་ནི་གཏན་འཁེལ་བྱས་པའི་མཚོན་ཚུལ་གྱི་ཐང་ནི་དངོས་མ་ཡིན་པའི་སྐབས་སུ་བྱ་རིམ་ཚན་པ1སྒྱུར་སྒྲིག་བྱེད་པ་དང་། དེ་མིན་བྱ་རིམ་ཚན་པ2སྒྱུར་སྒྲིག་བྱེད་པའོ།། སྔོན་ལ་ཆ་རྐྱེན་ངེས་ཅན་ཞིག་བྱིན་ཏེ། བྱ་རིམ་གྱིས་ཆ་རྐྱེན་མི་འདྲ་བའི་འོག་ཏུ་བྱེད་ནུས་མི་འདྲ་བ་ལག་བསྟར་བྱས་ཆོག

དཔེར་བརྗོད1.4 གསལ་བྱེད་ཡིག་རྟགས་ཕྲེང་གཅིག་ནང་འཇུག་བྱས་ཏེ། དགོས་མཁོ་ལྟར་ཆ་རྐྱེན་སྒྱུར་སྒྲིག་བྱས་ནས། གསལ་བྱེད་ཡོད་ཚད་གསལ་བྱེད་ཆེ་བར་བསྒྱུར་ཏེ་ཕྱིར་འདོན་པའམ་ཡང་ན། ཡོད་ཚད་གསལ་བྱེད་ཆུང་བར་བསྒྱུར་ཏེ་ཕྱིར་འདོན་པར་བྱོས།

#include<stdio.h>

#define LETTER 1

void main()

{char str[20]="C Language",c;

int i;

i=0;

while(c=str[i]!='\0')

{i++;

#if LETTER

if(c>='a'&&c<='z')

c=c-32;

#endif

printf("%c",c);

}

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་གསལ་ལྟར།

.C LANGUAGE

ཐོག་མརLETTERནི1ཡིན་པར་མཚན་ཉིད་འགོད་པ་དང་། དེ་ལྟར་བྱས་ན་ཆ་རྐྱེན་སྒྱུར་སྒྲིག་བཀའ་བརྡ་ལ་སྔོན་བཀོད་སྒྲིག་གཅོད་བྱེད་དུས།LETTERནི་དངོས་མ་ཡིན་པས། ifརྗོད་ཚིག་དང་པོ་སྒྱུར་སྒྲིག་བྱས་ཏེ། འཁོར་སྐྱོད་བྱེད་པའི་སྐབས་སུ་གསལ་བྱེད་ཆུང་བ་རྣམས་གསལ་བྱེད་ཆེ་བར་བསྒྱུར་བ་རེད། གལ་ཏེ་བྱ་རིམ་གྱི་ཕྲེང་དང་པོ#define LETTER 0ལྟར་བྲིས་ན། སྔོན་བཀོད་སྒྲིག་གཅོད་བྱེད་པའི་སྐབས་སུ། ifརྗོད་ཚིག་གཉིས་པ་སྒྱུར་སྒྲིག་བྱས་ཏེ། གསལ་བྱེད་ཆེ་བ་རྣམས་གསལ་བྱེད་ཆུང་བར་བསྒྱུར་བ་རེད། སྐབས་དེར་འཁོར་སྐྱོད་བྱས་པའི་གནས་ཚུལ་གཤམ་ལྟར།

.c language

འདིར་ངོ་སྤྲོད་བྱས་པའི་སྔོན་བཀོད་སྒྱུར་སྒྲིག་གི་བྱེད་ནུས་ནིCསྐད་བརྡར་ཆེད་དུ་ཡོད་པ་ཞིག་ཡིན་པས། དེ་ཡིས་བྱ་རིམ་གྱི་གནས་སྤོ་རང་བཞིན་དང་བདེ་འཁྱུག་རང་བཞིན་ལ་ཕན་ཆེན་པོ་ཐོགས་ཡོད་དོ།།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-14

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།