རེས་འཁོར་ཚོད་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནད་དོན་མང་པོ་ཞིག་གི་ནང་དུ་རེས་འཁོར་ཚོད་འཛིན་སྤྱོད་དགོས་པ་སྟེ། དཔེར་ན། སློབ་གྲྭའི་སློབ་མ་ཡོངས་ཀྱི་རྒྱུགས་འབྲས་ནང་འཇུག་བྱས་ཏེ། གྲངས་ཀ་དུ་མའི་སྡོམ་དང་རིམ་གཞི་བརྩི་བ་ལྟ་བུ་སོགས་སོ།། ཉེར་སྤྱོད་བྱ་རིམ་མང་ཆེ་བར་རེས་འཁོར་འདུས་ཡོད་པ་ཡིན། རེས་འཁོར་གྲུབ་ཚུལ་ནི་གྲུབ་ཚུལ་ཅན་གྱི་བྱ་རིམ་ཇུས་འགོད་ཀྱི་རྩ་བའི་གྲུབ་ཚུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
循环控制
1 གོ་དོན།

གནད་དོན་མང་པོ་ཞིག་གི་ནང་དུ་རེས་འཁོར་ཚོད་འཛིན་སྤྱོད་དགོས་པ་སྟེ། དཔེར་ན། སློབ་གྲྭའི་སློབ་མ་ཡོངས་ཀྱི་རྒྱུགས་འབྲས་ནང་འཇུག་བྱས་ཏེ། གྲངས་ཀ་དུ་མའི་སྡོམ་དང་རིམ་གཞི་བརྩི་བ་ལྟ་བུ་སོགས་སོ།། ཉེར་སྤྱོད་བྱ་རིམ་མང་ཆེ་བར་རེས་འཁོར་འདུས་ཡོད་པ་ཡིན། རེས་འཁོར་གྲུབ་ཚུལ་ནི་གྲུབ་ཚུལ་ཅན་གྱི་བྱ་རིམ་ཇུས་འགོད་ཀྱི་རྩ་བའི་གྲུབ་ཚུལ་ཞིག་ཡིན། དེ་དང་རིན་ལྡན་གྲུབ་ཚུལ་དང་། འདེམས་གསེས་གྲུབ་ཚུལ་སོགས་ནི་རྙོག་འཛིང་ཆེ་བའི་བྱ་རིམ་རིགས་མང་པོའི་རྩ་བའི་གྲུབ་ཆ་བྱེད་པའོ།། དེའི་ཕྱིར། འདེམས་གསེས་གྲུབ་ཚུལ་དང་རེས་འཁོར་གྲུབ་ཚུལ་གྱི་དོན་སྤྱི་དང་དེའི་བེད་སྤྱོད་བྱང་དུ་ཆུད་རྒྱུ་ནི་བྱ་རིམ་ཇུས་འགོད་ཀྱི་རྩ་བའི་རེ་འདུན་ཡིན།

2 gotoརྗོད་ཚིག་དངgotoརྗོད་ཚིག།

རྗོད་ཚིག་ནི་ཆ་རྐྱེན་མེད་པའི་ཕྱོགས་འགྱུར་རྗོག་ཚིག་སྟེ། དེ་ཡི་སྤྱི་བཏང་གི་རྣམ་པ་ནི།

gotoརྗོད་ཚིག་གི་མཚན་རྟགས།

རྗོད་ཚིག་མཚན་རྟགས་ནི་མཚོན་རྟགས་ཀྱིས་མཚོན་པ་དང་། དེའི་མིང་དང་འགྱུར་ཚད་ཀྱི་མིང་འདོགས་ཚུལ་ནི་གཅིག་མཚུངས་ཡིན་ཏེ། གསལ་བྱེད་དང་། གྲངས་ཀ། ཞབས་ཐིག་བཅས་ཀྱིས་གྲུབ་པ་དང་། དེ་ལས་ཡིག་རྟགས་དང་པོ་ངེས་པར་དུ་གསལ་བྱེད་དམ་ཡང་ན་ཞབས་ཐིག་ཡིན་དགོས། ཧྲིལ་གྲངས་ནི་མཚན་རྟགས་བྱ་མི་རུང་། དཔེར་ན།

goto label 1;ནི་ལུགས་མཐུན་ཡིན།

goto 123;ནི་ལུགས་མཐུན་མིན་པ་ལྟ་བུ།

གྲུབ་ཚུལ་ཅན་གྱི་བྱ་རིམ་ཇུས་འགོད་བྱེད་ཐབས་སུ་རྗོད་ཚིགgotoསྤྱོད་པར་ཚད་བཀག་བྱེད་པ་ཡིན། gotoརྗོད་ཚིག་གང་བྱུང་དུ་བེད་སྤྱོད་བྱས་ན་བྱ་རིམ་གྱི་རྒྱུག་རིམ་ལ་ཆོས་ཉིད་མེད་པ་དང་། ཀློག་རུང་རང་བཞིན་ཡང་ཞན་དུ་འགྲོ་བ་ཡིན་མོད། འོན་ཀྱང་། gotoརྗོད་ཚིག་གཏན་ནས་སྤྱོད་མི་ཆོག་པའི་དོན་ནི་མ་ཡིན་ནོ།།

སྤྱིར་བཏང་དུ་སྤྱོད་ཡུལ་གཉིས་ཡོད་དེ།

②  ifརྗོད་ཚིག་དང་མཉམ་དུ་རེས་འཁོར་གྲུབ་ཚུལ་གྲུབ་པ།

②དེ་ནི་རེས་འཁོར་གཟུགས་ཀྱི་ནང་རིམ་ནས་རེས་འཁོར་གཟུགས་ཀྱི་ཕྱི་རིམ་དུ་མཆོང་མོད། འོན་ཀྱང་། cསྐད་བརྡ་རུbreakརྗོད་ཚིག་དངcontinueརྗོད་ཚིག་སྤྱད་ནས་རེས་འཁོར་རིམ་པ་འདི་ལས་མཆོང་བ་དང་རེས་འཁོར་རིམ་པ་འདི་མཇུག་སྒྲིལ་བར་བྱེད་པ་ཡིན། དེ་བསgotoརྗོད་ཚིག་བེད་སྤྱོད་བྱེད་པའི་གོ་སྐབས་ཉུང་དུ་སོང་བ་སྟེ། རིམ་པ་མང་བོའི་རེས་འཁོར་གྱི་ནང་རིམ་རེས་འཁོར་ལས་ཕྱི་མ་རེས་འཁོར་དུ་མཆོང་དགོས་ཚེ་ད་གཟོད gotoརྗོད་ཚིག་སྤྱོད་པ་ཙམ་མོ།། སྤྱོད་ཐབས་འདི་ནི་གྲུབ་ཚུལ་ཅན་གྱི་རྩ་དོན་དང་མི་འཚམ་པའི་ཕྱིར་ན། སྤྱིར་བཏང་དུ་བེད་སྤྱོད་གཏོང་གི་མེད། བྱ་ཐབས་མེད་པའམ་ལས་ཕྱོད་ཆེས་ཆེར་གཏོང་དགོས་པའི་དུས་ན་གཞི་ནས་བེད་སྤྱོད་པ་ཡིན།

དཔེར་བརྗོད1.1 ifརྗོད་ཚིག་དངgotoརྗོད་ཚིག་ཀྱིས་རེས་འཁོར་གྲུབ་པར་བྱས་ཏེ།རྩིས།

གནད་དོན་འདིའི་བརྩི་ཐབས་ཅུང་སྟབས་བདེ་བས་བྱ་རིམ་ཐད་ཀར་བྲིས་ཆོག་པ་སྟེ།

#include<stdio.h>

void main()

{ int i,sum=0;

i=1;

loop: if(i<=100)

{sum=sum+i;

i++;

goto loop;

}

printf("%d\n",sum);

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

5050

འདི་རུ་སྤྱད་པ་ནི“སྐབས་ཚུལ”རེས་འཁོར་གྲུབ་ཚུལ་ཡིན་ཏེ། “i<=100”ཡིན་དུས་གུག་རྟགས་ཆེ་བའི་ནང་གི་རེས་འཁོར་གཟུགས་ལག་བསྟར་བྱེད་པའོ།།

3 Whileརྗོད་ཚིག་སྤྱད་ནས་རེས་འཁོར་མངོན་འགྱུར་བྱེད་པ།

Whileརྗོད་ཚིག་ནི“སྐབས་ཚུལ”རེས་འཁོར་གྲུབ་ཚུལ་མངོན་འགྱུར་བྱེད་པར་སྤྱོད་པ་ཡིན་ལ། དེའི་སྤྱིར་བཏང་གི་རྣམ་པ་གཤམ་གསལ་ལྟར།

while(མཚོན་ཚུལ)རྗོད་ཚིག

གལ་ཏེ་མཚོན་ཚུལ་གྱི་ཐང་གི་ཀླད་ཀོར་མིན་པའི་གྲངས་ཡིན་དུས། whileརྗོད་ཚིག་ནང་གི་ནང་འཛུད་རྗོད་ཚིག་ལག་བསྟར་བྱེད་པ་རེད། རྒྱུག་རིམ་དཔེ་རིས་ནི1-1ལྟར་རོ།། དེའི་ཁྱད་ཆོས་ནི། ཐོག་མར་མཚོན་ཚུལ་ཁ་ཚོན་གཅོད་པ་དང་། དེ་ནས་རྗོད་ཚིག་ལག་བསྟར་བྱེད་པའོ།།

1.jpg.jpg

དཔེ་རིས1-1

2.jpg.jpg

དཔེ་རིས1-2

3.jpg.jpg

དཔེ་རིས1-3

4.jpg.jpg

དཔེ་རིས1-4

5.jpg.jpg

དཔེ་རིས1-5

དཔེར་བརྗོད1.2

སྲོལ་རྒྱུན་གྱི་རྒྱུག་རིམ་དཔེ་རིས་དངn-sགྲུབ་ཚུལ་གྱི་རྒྱུག་རིམ་དཔེ་རིས་སྤྱད་ནས་བརྩི་ཐབས་མཚོན་པ་ནི་དཔེ་རིས1-2(a)དང་དཔེ་རིས1-2(b)ལྟར་རོ།།

རྒྱུག་རིམ་དཔེ་རིས་གཞིར་བཟུང་ནས་བྱ་རིམ་སྒྲིག་པ་གཤམ་ལྟར།

#include<stdio.h>

void main()

{ int i,sum=0;

i=1;

while(i<=100)

{sum=sum+i;

i++;

}

printf("%d\n",sum);

}

མཉམ་འཇོག་དགོས་པ་ནི།

(1)གལ་ཏེ་རེས་འཁོར་གཟུགས་སུ་རྗོད་ཚིག་གཅིག་ཡན་འདུས་ན། གུག་རྟགས་ཆེ་བའི་ནང་བསྐང་སྟེ། སྣ་འདུས་རྗོད་ཚིག་ཀྱི་རྣམ་པར་གཏོང་དགོས། གལ་ཏེ་གུག་རྟགས་ཆེ་བ་མ་བཞག་ན། whileརྗོད་ཚིག་ཀྱི་ཁྱབ་ཁོངས་ནིwhileརྗེས་ཀྱི་འབྱེད་རྟགས་དང་པོའི་མཚམས་དེ་ཡིན། དཔེར་ན། གོང་གི་དཔེར་བརྗོད་ནངwhileརྗོད་ཚིག་ཏུ་གུག་རྟགས་ཆེ་བ་མེད་ཚེ། whileརྗོད་ཚིག་ཀྱི་ཁྱབ་ཁོངས་ནི“sum=sum+i;”ཡིན།

(2)རེས་འཁོར་གཟུགས་སུ་རེས་འཁོར་མཇུག་སྒྲིལ་བར་བྱེད་པའི་རྗོད་ཚིག་ཡོད་དགོས། དཔེར་ན། གོང་གི་དཔེར་བརྗོད་ལས་རེས་འཁོར་མཇུག་སྒྲིལ་བའི་ཆ་རྐྱེན་ནི “i>100”ཡིན། དེའི་ཕྱིར། རེས་འཁོར་གཟུགསiཡི་ཐང་འཕར་ཏེi>100ཡིན་དུ་འཇུག་པའི་རྗོད་ཚིག་ཅིག་ཡོད་དགོས། དེ་ནི་རྗོད་ཚིག་“i++;”སྤྱད་ནས་མངོན་འགྱུར་བྱ་དགོས། གལ་ཏེ་རྗོད་ཚིག་འདི་མེད་ན། iཡི་ཐང་ནང་ཡང་མི་འགྱུར་བར་རེས་འཁོར་མཇུག་སྒྲིལ་མི་སྲིད་དོ།།

4 do…whileརྗོད་ཚིག་སྤྱད་ནས་རེས་འཁོར་མངོན་འགྱུར་བྱེད་པ།

do…whileརྗོད་ཚིག་གི་ཁྱད་ཆོས་ནི་སྔོན་ལ་རེས་འཁོར་གཟུགས་ལག་བསྟར་བྱེད་པ་དང་ཕྱིས་ནས་ཆ་རྐྱེན་ཚུགས་ཐུབ་མིན་ཁ་ཚོན་གཅོད་པ་ཡིན། དེའི་སྤྱིར་བཏང་གི་རྣམ་པ་གཤམ་གསལ་ལྟར།

do

རེས་འཁོར་གཟུགས་ཀྱི་རྗོད་ཚིག

while(མཚོན་ཚུལ) ;

འདི་ནི་གཤམ་གསལ་ལྟར་ལག་བསྟར་བྱེད་པ་སྟེ། ཐོག་མར་གཏན་འཁེལ་བྱས་པའི་རེས་འཁོར་གཟུགས་ཀྱི་རྗོད་ཚིག་ཐེངས་གཅིག་ལ་ལག་བསྟར་བྱེད་པ་དང་། དེ་ནས་མཚོན་ཚུལ་དབྱེ་གཅོད་བྱས་ཏེ། མཚོན་ཚུལ་གྱི་ཐང་ཀླད་ཀོར་མི(“དངོས་མ”)པའི་དུས་སུ། ཕྱིར་ལོག་སྟེ་རེས་འཁོར་གཟུགས་ཀྱི་རྗོད་ཚིག་ཡང་བསྐྱར་ལག་བསྟར་བྱེད་པའོ།། དེ་ལྟར་ཡང་དང་བསྐྱར་དུ་ལག་བསྟར་བྱས་རྗེས་མཚོན་ཚུལ་གྱི་ཐང0ཡིན་ཚེ། རེས་འཁོར་མཇུག་སྒྲིལ་པར་བྱེད་དོ།། དཔེ་རིས1-3སྤྱད་ནས་དེ་ཡི་རྒྱུག་རིམ་མཚོན་ཆོག་པ་སྟེ།do…whileཡི་རེས་འཁོར་དེ n-sརྒྱུག་རིམ་དཔེ་རིས་མཚོན་པར་བྱས་ན་དཔེ་རིས1-3(b)ལྟར་རོ།།

དཔེར་བརྗོད1.3 do…whileརྗོད་ཚིག་སྤྱད་ནསརྩིས།

ཐོག་མར་རྒྱུག་རིམ་དཔེ་རིས་བྲིས་པ1.4ལྟར་རོ།།

བྱ་རིམ་གཤམ་གསལ་ལྟར།

#include<stdio.h>

void main()

{ int i,sum=0;

i=1;

do

{sum=sum+i;

i++;

}

while(i<100);

printf("%d\n",sum);

}

གནད་དོན་གང་ཞིགwhileརྗོད་ཚིག་སྤྱད་ནས་ཐག་བཅད་ཆོག་ལ། do…whileརྗོད་ཚིག་སྤྱད་ནས་ཐག་བཅད་ཀྱང་ཆོག whileརྗོད་ཚིག་གི་གྲུབ་ཚུལ་ནིdo…whileགྲུབ་ཚུལ་ལ་བསྒྱུར་ཆོག དེ་གཉིས་ཡོངས་སུ་ཁྱབ་མཉམ་ཡིན།

སྤྱིར་བཏང་དུ། རྗོད་ཚིག་གཅིག་སྤྱད་ནས་གནད་དོན་ཞིག་ཐག་གཅོད་དུས། གལ་ཏེ་དེ་གཉིས་ཀྱི་རེས་འཁོར་གཟུགས་ཀྱི་ཁག་འདྲ་བ་ཡིན་ཚེ། མཇུག་འབྲས་ཀྱང་འདྲ་མཚུངས་ཡིན། ཡིན་ན་ཡང་རྗེས་ཀྱི་མཚོན་ཚུལ་གྱི་ཐང་གདོད་ནས་རྫུན་མ(0)ཡིན་དུས། རེས་འཁོར་དེ་གཉིས་ཀྱི་མཇུག་འབྲས་ཀྱང་གཅིག་འདྲ་མིན།

དཔེར་བརྗོད1.4 whileརེས་འཁོར་དངdo…whileརེས་འཁོར་ཕན་ཚུན་བསྡུར་ན་གཤམ་ལྟར་ཏེ།

(1)#include<stdio.h>

void main()

{ int sum=0,i;

scanf("%d",&i);

while(i<=10)

{sum=sum+i;

i++;

}

printf("sum=%d\n",sum);

}

འཁོར་སྐྱོད་བྱས་པའི་གནས་ཚུལ་གཤམ་ལྟར།

1↙

sum=55

ཡང་བསྐྱར་འཁོར་སྐྱོད་བྱས་ན།

11↙

sum=0

(2) #include<stdio.h>

void main()

{

int sum=0,i;

scanf("%d",&i);

do

{sum=sum+i;

i++;

}

while(i<=10);

printf("sum=%d\n",sum);

}

འཁོར་སྐྱོད་བྱས་པའི་གནས་ཚུལ་གཤམ་ལྟར།

1↙

sum=55

ཡང་བསྐྱར་འཁོར་སྐྱོད་བྱས་ན།

11↙

sum=11

iཡི་ཐང10ལས་ཆུང་བའམ་མཚུངས་པ་ནང་འཇུག་བྱས་ན། དེ་གཉིས་ཀྱི་མཇུག་འབྲས་འདྲ་མཚུངས་ཡིན། i>10དུས། དེ་གཉིས་ཀྱི་མཇུག་འབྲས་འདྲ་མཚུངས་མིན། རྒྱུ་མཚན་ནི་སྐབས་འདིརwhileརེས་འཁོར་ལ་མཚོན་ན། རེས་འཁོར་གཟུགས་ཐེངས་གཅིག་ལ་ཡང་ལག་བསྟར་མི་བྱེད་པས་སོ།། (མཚོན་ཚུལ“i<10”རྫུན་མ་ཡིན)do…whileརེས་འཁོར་ལ་མཚོན་ན། རེས་འཁོར་གཟུགས་ཐེངས་གཅིག་ལ་ལག་བསྟར་བྱེད་པ་རེད། འདི་ལས་ཐོབ་པའི་སྡོམ་ཚིག་གཤམ་ལྟར། whileརྗེས་ཀྱི་མཚོན་ཚུལ་གྱི་ཐེངས་དང་པོའི་ཐང་ནི “དངོས་མ”ཡིན་སྐབས། རེས་འཁོར་རིགས་དེ་གཉིས་ཀྱི་མཇུག་འབྲས་གཅིག་མཚུངས་ཡིན། དེ་ལས་ལྡོག་ཚེ། མཇུག་འབྲས་གཅིག་མཚུངས་མིན།

do…whileརེས་འཁོར་ནི་ཐོག་མར་རེས་འཁོར་གཟུགས་ལག་བསྟར་བྱེད་པ་དང་། དེ་ནས་མཚོན་ཚུལ་གྱི“སྐབས་ཚུལ”རེས་འཁོར་དབྱེ་གཅོད་བྱེད་པ་ཡིན།།

5 forརྗོད་ཚིག་གིས་རེས་འཁོར་མངོན་འགྱུར་བྱེད་པ།

cསྐད་བརྡའི་ནང་དུforརྗོད་ཚིག་གི་བེད་སྤྱོད་ནི་བདེ་འཁྱུག་དང་ལྡན་པ་ཞིག་སྟེ། རེས་འཁོར་ཐེངས་གྲངས་གཏན་འཁེལ་བྱས་པ་དང་རེས་འཁོར་མཇུག་སྒྲིལ་པའི་ཆ་རྐྱེན་ཁོ་ན་བྱིན་པ་གནས་ཚུལ་གང་ཡིན་ཡང་སྤྱོད་ཆོག་གོ།

forརྗོད་ཚིག་གི་སྤྱིར་བཏང་གི་རྣམ་པ་ནི།

(མཚོན་ཚུལ1;མཚོན་ཚུལ2;མཚོན་ཚུལ3)རྗོད་ཚིག

འདི་ཉིད་ལག་བསྟར་བྱེད་པའི་གོ་རིམ་ནི་གཤམ་གསལ་ལྟར།

(1)ཐོག་མར་མཚོན་ཚུལ1འགྲོལ་བ།

(2)མཚོན་ཚུལ2འགྲོལ་དུས། གལ་ཏེ་དེ་ཡི་ཐང་ནི་དངོས་མ(ཐོག་ལེ་མིན་པ)ཡིན་ཚེ། རྗོད་ཚིག་ནང་དུ་གཏན་འཁེལ་གྱི་ནང་འཛུད་རྗོད་ཚིག་ལག་བསྟར་བྱེད་པ་ཡིན། དེ་ནས་གཤམ་གྱི་གོ་རིམ3ལག་བསྟར་བྱེད་པ་རེད། གལ་ཏེ་དེ་ཡི་ཐང་ནི་རྫུན་མ(0)ཡིན་ཚེ། རེས་འཁོར་མཇུག་སྒྲིལ་ཞིང་གོ་རིམ(5)ལ་སྐྱོད་པའོ།།

(3)མཚོན་ཚུལ་གསུམ་པ་འགྲོལ་བ།

(4)གོང་གི་གོ་རིམ(2)པར་སྐྱོད་དེ་མུ་མཐུད་དུ་ལག་བསྟར་བྱེད་པ།

(5)རེས་འཁོར་མཇུག་སྒྲིལ་བ་དང་། forརྗོད་ཚིག་གཤམ་གྱི་རྗོད་ཚིག་ཅིག་ལག་བསྟར་བྱེད་པ། དཔེ་རིས1-6སྤྱད་ནསforརྗོད་ཚིག་ལག་བསྟར་བྱེད་པའི་གོ་རིམ་མཚོན་ཆོག

6.jpg.jpg

དཔེ་རིས1-6

རྗོད་ཚིག་གི་སྟབས་ཆེས་བདེ་བའི་ཉེར་སྤྱོད་ཀྱི་རྣམ་པ་ནི་གཤམ་གྱི་གོ་སླ་བའི་རྣམ་པ་ལྟར་ཏེ། for(རེས་འཁོར་འགྱུར་ཚད་ལ་ཐོག་མའི་ཐང་སྟེར་བ;རེས་འཁོར་ཆ་རྐྱེན;རེས་འཁོར་འགྱུར་འཕར་བ)རྗོད་ཚིག

དཔེར་ན།

for(i=1;i<=100;i++)sum=sum+1;

འདི་ཉིད་ལག་བསྟར་བྱེད་པའི་གོ་རིམ་ནི་དཔེ་རིས1-2དང་ཡོངས་སུ་མཐུན། འདི་ནི་གཤམ་གྱི་རྗོད་ཚིག་དང་མཚུངས་པ་སྟེ།

i=1;

while(i<=100)

{

sum=sum+i;

i++;

}

forརྗོད་ཚིག་ནི་སླ་ཞིང་སྤྱོད་བདེ་བ་ཡིན། གོང་གིforརྗོད་ཚིག་གི་སྤྱིར་བཏང་གི་རྣམ་པ་ནིwhileགྱི་རྣམ་པ་ལྟར་བྲིས་ཆོག་སྟེ།

མཚོན་ཚུལ1;

whileམཚོན་ཚུལ2

{

རྗོད་ཚིག

མཚོན་ཚུལ3

}

གསལ་བཤད།

(1)forརྗོད་ཚིག་གི་སྤྱིར་བཏང་གི་རྣམ་པའི“མཚོན་ཚུལ1”ནི་བསྡུས་ཆོག་ལ། སྐབས་དེརforརྗོད་ཚིག་གི་སྔོན་དུ་རེས་འཁོར་འགྱུར་ཚད་ལ་ཐོག་མའི་ཐང་སྟེར་དགོས། མཉམ་འཇོག་དགོས་པ་ནི། མཚོན་ཚུལ1བསྡུ་དུས། དེ་ཡི་རྗེས་ཀྱི་འབྱེད་རྟགས་བསྡུ་མི་ཆོག

(2)གལ་ཏེ་མཚོན་ཚུལ2བསྡུས་ཏེ། རེས་འཁོར་གྱི་ཆ་རྐྱེན་ཁ་ཚོན་མི་གཅོད་པའི་སྐབས་སུ། རེས་འཁོར་མཇུག་མི་སྒྲིལ་བར་ལག་བསྟར་བྱེད་པ་སྟེ། མཚོན་ཚུལ2ནི་ནམ་ཡང་དངོས་མ་ཡིན་པར་འདོད་པ་རེད།

(3)མཚོན་ཚུལ3ནི་བསྡུས་ཆོག་མོད།འོན་ཀྱང་བྱ་རིམ་སྒྲིག་མཁན་གྱིས་བྱ་རིམ་རྒྱུན་ལྡན་ངང་མཇུག་སྒྲིལ་བར་ཁག་ཐེག་བྱ་དགོས།

(4)མཚོན་ཚུལ2ཁོ་ན་ལས། མཚོན་ཚུལ1དང་མཚོན་ཚུལ3བསྡུས་ཆོག་ཏེ་རེས་འཁོར་གྱི་ཆ་རྐྱེན་ཁོ་ན་བྱིན་ཡང་ཆོག

(5)མཚོན་ཚུལ་གསུམ་པོ་བསྡུས་ཆོག དཔེར་ན།

for(;;)རྗོད་ཚིག་ནི་གཤམ་གྱིwhile(1)རྗོད་ཚིག་དང་མཚུངས།

ཐོག་མའི་ཐང་སྒྲིག་འགོད་མི་བྱེད་པ་དང་ཆ་རྐྱེན་ལ་ཁ་ཚོན་མི་གཅོད་པ་དང་། རེས་འཁོར་འགྱུར་ཚད་ཀྱི་ཐང་ཡང་མི་འཕར་བས། རེས་འཁོར་གཟུགས་རྒྱུན་ཆད་མེད་པར་ལག་བསྟར་བྱེད་པ་རེད།

(6)མཚོན་ཚུལ1ནི་རེས་འཁོར་འགྱུར་ཚད་ལ་ཐོག་མའི་ཐང་སྟེར་བའི་མཚོན་ཚུལ་ཡིན་ཆོག་ལ། རེས་འཁོར་འགྱུར་ཚད་དང་འབྲེལ་བ་མེད་པའི་མཚོན་ཚུལ་གཞན་ཡིན་ཡང་ཆོག

(7)མཚོན་ཚུལ་ནི་སྤྱིར་བཏང་དུ་འབྲེལ་བའི་མཚོན་ཚུལ(དཔེར་ན། i<=100)ལམ་ཡང་ན་གཏན་ཚིགས་མཚོན་ཚུལ(དཔེར་ན། a<b&&x<y)ཡིན་མོད། གྲངས་ཐང་མཚོན་ཚུལ་ལམ་ཡིག་རྟགས་མཚོན་ཚུལ་ཡིན་ཡང་ཆོག གལ་ཏེ་དེ་ཡི་ཐང་ཐིག་ལེ་མིན་ཚེ། རེས་འཁོར་གཟུགས་ལག་བསྟར་བྱེད་པ་རེད།

6 breakརྗོད་ཚིག་དངcontinueརྗོད་ཚིག

1.breakརྗོག་ཚིག

breakརྗོད་ཚིག་ནི་རེས་འཁོར་གཟུགས་ལས་ཕྱིར་མཆོང་སྟེ། རེས་འཁོར་སྔོན་ལ་མཇུག་སྒྲིལ་བར་བྱས་ཏེ། མུ་མཐུད་ནས་རེས་འཁོར་འོག་གི་རྗོད་ཚིག་ལག་བསྟར་བྱེད་པའོ།། དཔེར་ན།

float pi=3.14159;

for(r=1;r<=10;r++)

{area=pi*r*r;

if(area>100)break;

printf(“r=%f,area=%f\n”,r,area);

}

བྱ་རིམ་འདིའི་བྱེད་ནུས་ནིr=1དངr=10ཡིན་པའི་སྐབས་ཀྱི་སྒོར་དབྱིབས་ཀྱི་རྒྱ་ཁྱོན་བརྩིས་ཏེ། areaནི100ལས་ཆེ་བའི་བར་དུ་སླེབས་དགོས། གོང་གིforརེས་འཁོར་ལས་མཐོང་ཐུབ་པ་ནི། area>100ཡིན་པའི་སྐབས་སུ། རྗོད་ཚིག་ལག་བསྟར་བྱས་ནས་རེས་འཁོར་མཇུག་སྒྲིལ་བར་བྱེད་པ་ལས། མུ་མཐུད་ནས་ལྷག་མའི་རེས་འཁོར་ལག་བསྟར་མི་བྱའོ།།

རྗོད་ཚིག་ཀྱི་སྤྱིར་བཏང་གི་རྣམ་པ་གཤམ་ལྟར།

break

breakརྗོད་ཚིག་ནི་རེས་འཁོར་རྗོད་ཚིག་དངswitchརྗོད་ཚིག་ལས་གཞན་གྱི་རྗོད་ཚིག་གང་རུང་དུ་སྤྱོད་མི་ཆོག

2.continueརྗོད་ཚིག

སྤྱིར་བཏང་གི་རྣམ་པ་གཤམ་ལྟར།

continue

དེའི་ཕན་ནུས་ནི་ཐེངས་འདིའི་རེས་འཁོར་མཇུག་སྒྲིལ་པར་བྱས་ཏེ། རེས་འཁོར་གཟུགས་ནང་ལག་བསྟར་མ་བྱས་པའི་རྗོད་ཚིག་ལས་མཆོངས་ནས་ཐེངས་རྗེས་མར་མུ་མཐུད་དུ་རེས་འཁོར་ལག་བསྟར་བྱ་མིན་ཁ་ཚོན་གཅོད་པ་རེད།

continueརྗོད་ཚིག་དངbreakརྗོད་ཚིག་གི་ཁྱད་པར་ནི། continueརྗོད་ཚིག་གིས་ཐེངས་འདིའི་རེས་འཁོར་མཇུག་སྒྲིལ་བར་བྱེད་མ་གཏོགས།རེས་འཁོར་ཡོངས་ཀྱི་ལག་བསྟར་མཇུག་སྒྲིལ་བ་མིན། breakརྗོད་ཚིག་གིས་རེས་འཁོར་གྱི་གོ་རིམ་ཡོངས་མཇུག་སྒྲིལ་བར་བྱས་ཏེ། རེས་འཁོར་གྱི་ཆ་རྐྱེན་ཚུགས་ཐུབ་མིན་ཁ་ཚོན་མི་གཅོད་པའོ།།

གལ་ཏེ་གཤམ་གྱི་རེས་འཁོར་ཆགས་ཚུལ་གཉིས་ཡོད་ན།

(1)while(མཚོན་ཚུལ1)       (2)while(མཚོན་ཚུལ1)

{           =                       {        ;

if(མཚོན་ཚུལ2)break         if(མཚོན་ཚུལ2)continue;

བྱ་རིམ(1)ཡི་རྒྱུག་རིམ་རི་མོ་ནི1-10ལྟར་དང་། བྱ་རིམ(2)ཡི་རྒྱུག་རིམ་རི་མོ་ནི1-11ལྟར་རོ།། རི་མོ1-7དང1-8ཁྲོད་དུ“མཚོན་ཚུལ2”ཀྱི་ཐང་དངོས་མ་ཡིན་པའི་སྐབས་ཀྱི་རྒྱུག་རིམ་གྱི་འཁོར་ཕྱོགས་ལ་མཉམ་འཇོག་དགོས།

7.jpg.jpg                    8.jpg.jpg

དཔེ་རིས1-7                                                                   དཔེ་རིས1-8

དཔེར་བརྗོད1.5 100-200བར་གྱི3ཧྲིལ་བགོ་བྱེད་མི་ཐུབ་པའི་གྲངས་ཀ་ཕྱིར་འདོན་དགོས།

#include<stdio.h>

void main()

{ int n;

for(n=100;n<=200;n++)

{if(n%3==0)

continue;

printf("%d",n);

}}

nལ3གྱིས་ཧྲིལ་བགོ་བྱེད་ཐུབ་པའི་སྐབས་སུ།continueརྗོད་ཚིག་ལག་བསྟར་བྱས་ཏེ་ཐེངས་འདིའི་རེས་འཁོར་མཇུག་སྒྲིལ་བ་དང་། nལ3གྱིས་ཧྲིལ་བགོ་བྱེད་མི་ཐུབ་པའི་སྐབས་སུ་ད་གཟོད་རྟེན་འབྱུང་གྲངསprintfལག་བསྟར་བྱེད་པའོ།།

7 བྱ་རིམ་གྱི་དཔེར་བརྗོད།

དཔེར་བརྗོད1.6 སྤྱི་འགྲོས╥/4≈1-1/3+1/5-1/7…སྤྱད་ནས╥ཡི་ཉེ་མཚུངས་ཐང་བརྩིས་ཏེ། མཐའ་མཇུག་གི་ཚན་པའི་ལྟོས་མེད་ཐང་ནི10-6ལས་ཆུང་བའི་བར་དུ་སླེབས་དགོས།

N-Sགྲུབ་ཚུལ་ཅན་གྱི་རྒྱུག་རིམ་རི་མོས་བརྩི་ཐབས་མཚོན་པ།(དཔེ་རིས1-9ལྟར།)

9.jpg.jpg

དཔེ་རིས1-9

བྱ་རིམ་གཤམ་ལྟར།

#include<stio.h>

#include<math.h>

void main()

{

int s;

float n,t,pi;

t=1;pi=0;n=1.0;s=1;

while(fabs(t)>le-6)

{pi=pi+t;

n=n+2;

s=-s;

t=s/n;

}

pi=pi*4;

printf("pi=%10.6f\n",pi);

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

pi=3.141594

དཔེར་བརྗོད1.7 གྲངས་ཕྲེངFibonacciཡི་གྲངས་ཀ་བཞི་བཅུ་རྩིས། གྲངས་ཕྲེང་འདིར་གཤམ་གྱི་ཁྱད་ཆོས་ཡོད་དེ། གྲངས་ཀ་དང་པོ་དང་གཉིས་པ་ནི1,1ཡིན་པ་དང་། གྲངས་ཀ་གསུམ་པ་ནས་བཟུང་བའི་གྲངས་ཀ་ནི་གྲངས་ཀ་དེའི་སྔོན་གྱི་གྲངས་ཀ་གཉིས་ཀྱི་བསྡོམས་ཡིན་ཏེ།


འདི་ནི་ངོ་མཚར་ཅན་གྱི་གནའ་གཞུང་གྲངས་རིག་གི་གནད་དོན་ཞིག་ཡིན་ཏེ། རི་བོང་གཉིས་ཡོད་ལ། དེ་གཉིས་སྐྱེས་ནས་ཟླ་གསུམ་བཟུང་ཟླ་རེ་རེར་རི་བོང་གཉིས་རེ་སྐྱེས་པ་རེད། རི་བོང་ཆུང་བ་དེ་གཉིས་ཟླ་གསུམ་འགོར་རྗེས་ཟླ་རེར་ཡང་རི་བོང་གཉིས་སྐྱེས་པ་རེད། རི་བོང་ཡོད་ཚད་མི་འཆི་བར་ཆ་འཇོག་བྱས་ན། ཟླ་རེའི་རི་བོང་གི་ཁ་གྲངས་ག་ཚོད་རེད།

རེའུ་མིག1.1 ལས་རི་བོང་གི་སྡོམ་གྲངས་ཀྱི་ཆོས་ཉིད་ཤེས་ཐུབ་སྟེ། རེའུ་མིག1.1རི་བོང་གི་སྐྱེ་རྒྱུད་འཕེལ་བའི་ཆོས་ཉིད།

01.jpg.jpg


ཟླ་གཅིག་ལོན་མེད་པའི་རི་བོང་ནི་རི་བོང་ཆུང་བ་ཡིན་ལ། ཟླ་གཅིག་ལས་བརྒལ་བ་དང་ཟླ་གཉིས་ལོན་མེད་པའི་རི་བོང་ནི་རི་བོང་འབྲིང་བ་ཡིན་པ་དང་། ཟླ་གསུམ་ཡན་གྱི་རི་བོང་ནི་རི་བོང་རྒན་པ་ཡིན། ཟླ་རེ་རེའི་རི་བོང་གི་སྡོམ་གྲངས་ནི་རིམ་བཞིན1,1,2,3,5,8,13,…. ཡིན། འདི་ནིFib3nacciགྲངས་ཕྲེང་ངོ་།།

རྩིས་གཞི་འདི་འགྲེལ་བའི་བརྩི་ཐབས་ནི་དཔེ་རིས1-10ལྟར།

10.jpg.jpg 


དཔེ་རིས1-10

བྱ་རིམ་གཤམ་ལྟར།

#include<stdio.h>

void main()

{

long int f1,f2;

int i;

f1=1;f2=1;

for(i=1;i<=20;i++)

{printf("%121d%121d",f1,f2);

if(i%2==0)printf("\n");

f1=f1+f2;

f2=f2+f1;

}

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

02.jpg.jpg


བྱ་རིམ་ནང་དུ་འགྱུར་ཚད f1དངf2ནི་ཧྲིལ་ཚུལ་རིང་གྲས་སྤྱད་ཡོད། རྟེན་འབྱུང་གྲངས“%121d”སྤྱོད་ཡོད་པས། %121dསྤྱད་མེད། རྒྱུ་མཚན་ནི23པའི་རྗེས་ཀྱི་ཧྲིལ་གྲངས་ནི་ཧྲིལ་གྲངས་ཆེས་ཆེ་བའི་ཐང32767ལས་བརྒལ་ཡོད་པས། ངེས་པར་དུ་རྣམ་པ%1dསྤྱད་ནས་ཕྱིར་འདོན་དགོས།

ifརྗོད་ཚིག་གི་ཕན་ནུས་ནི་གྲངས་ཀ་བཞི་ཕྱིར་བཏོན་རྗེས་ཐིག་ཕྲེང་བརྗེ་བ། iནི་རེས་འཁོར་འགྱུར་ཚད་ཡིན་ཏེ། iཆ་གྲངས་ཡིན་པའི་སྐབས་སུ་ཐིག་ཕྲེང་བརྗེ་བ་དང་། iཐེངས་རེར་ཐང1འཕར་ཞིང་། གྲངས་ཀ(f1,f2)གཉིས་རྩིས་རྒྱག་པ་དང་ཕྱིར་འདོན་དགོས་པས། iདེ2བར་ནས་ཐིག་ཕྲེང་གཅིག་བརྗེ་བ་ནི་གྲངས་ཀ་བཞི་ཕྱིར་བཏོན་རྗེས་ཐིག་ཕྲེང་བརྗེ་ནས་ཕྱིར་འདོན་པ་དང་མཚུངས་སོ།།

དཔེར་བརྗོད1.8 100-200བར་གྱི་ཚུགས་ཐུབ་གྲངས་ཡོད་ཚད་རྩིས།

རྩིས་གཞི་འདི་ནང་འཛུད་ཀྱིforརེས་འཁོར་ཞིག་སྤྱད་ན་ཐག་གཅོད་ཐུབ་སྟེ། བྱ་རིམ་གཤམ་ལྟར།

#include<stdio.h>

#include<math.h>

void main()

{int m,k,i,n=0;

for(m=101;m<=200;m=m+2)

{k=sqrt(m);

for(i=2;i<=k;i++)

if(m%i==0)break;

if(i>=k+1){printf("%d",m)n=n+1;}

if(n%10==0)printf("\n");

}

printf("\n");

}

འཁོར་སྐྱོད་བྱས་པའི་མཇུག་འབྲས་གཤམ་ལྟར།

101 103 107 109 113 127 131 137 139 149

151 157 163 167 173 179 181 191 193 197 199

nཡི་ཕན་ནུས་ནི་ཚུགས་ཐུབ་གྲངས་ཀྱི་ཁ་གྲངས་རིམ་སྣོན་བྱས་ནས་ཕྱིར་འདོན་པ་དང་། ཐིག་ཕྲེང་རེ་རེར་གཞི་གྲངས10ཕྱིར་འདོན་པར་འཛིན་པའོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-14

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།