སྲིད་གཞུང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྲིད་གཞུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྤྱི་ཚོགས། )

སྲིད་གཞུང་།
སྲིད་གཞུང་ནི་རྒྱལ་ཁབ་སྤྱི་བའི་སྲིད་འཛིན་གྱི་དབང་ཆའི་མཚོན་རྟགས་དང་། ཐེག་པའི་གཞི་དང་དངོས་ཡོད་བྱ་སྤྱོད་ཀྱི་གཞི་ཞིག་ཡིན། སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་བཀའ་རྒྱ་དང་སྲིད་འཛིན་ཇུས་ཐག སྲིད་འཛིན་གྱི་སྒྲིག་ཁྲིམས། སྲིད་འཛིན་ཁྲིམས་འཛིན། སྲིད་འཛིན་གྱི་ཁྲུན་ཐག་གཅོད་པ། སྲིད་འཛིན་ཆད་གཅོད་དང་སྲིད་འཛིན་ལྟ་ཞིབ་སོགས་ནི་ངེས་པར་དུ་རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཀྱི་རྩ་དོན་དང་མཐུན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
政府
ཕྱི་ཡིག་གི་མིང་།
government
1 ངོ་སྤྲོད།

སྲིད་གཞུང་ནི་རྒྱལ་ཁབ་སྤྱི་བའི་སྲིད་འཛིན་གྱི་དབང་ཆའི་མཚོན་རྟགས་དང་།  ཐེག་པའི་གཞི་དང་དངོས་ཡོད་བྱ་སྤྱོད་ཀྱི་གཞི་ཞིག་ཡིན།  སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་བཀའ་རྒྱ་དང་སྲིད་འཛིན་ཇུས་ཐག  སྲིད་འཛིན་གྱི་སྒྲིག་ཁྲིམས།  སྲིད་འཛིན་ཁྲིམས་འཛིན། སྲིད་འཛིན་གྱི་ཁྲུན་ཐག་གཅོད་པ། སྲིད་འཛིན་ཆད་གཅོད་དང་སྲིད་འཛིན་ལྟ་ཞིབ་སོགས་ནི་ངེས་པར་དུ་རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཀྱི་རྩ་དོན་དང་མཐུན་དགོས།

སྒྲ་ཡངས་འཇུག་གི་སྲིད་གཞུང་ཞེས་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྡེ་ཁག་དང་སྲིད་འཛིན་སྡེ་ཁག  ཁྲིམས་འཛིན་སྡེ་ཁག་སོགས་སྤྱི་བའི་སྡེ་ཁག་གི་ཁྱོན་བསྡོམས་ཡིན་ཞིང་། དེས་སྤྱི་ཚོགས་ཀྱི་སྤྱི་བའི་དབང་ཆ་མཚོན་ཡོད།  སྲིད་གཞུང་ནི་རྒྱལ་ཁབ་དབང་ཆའི་སྡེ་ཁག་གི་ལས་འཛིན་ལས་ཁུངས་ཡིན་ལ། རྒྱལ་ཁབ་སྲིད་དབང་སྡེ་ཁག་ཁྲོད་ཀྱི་སྲིད་འཛིན་སྡེ་ཁག་ཡིན་པ་དང་།  རྒྱལ་ཁབ་གཅིག་གི་སྲིད་དབང་མ་ལག་ཁྲོད་ཁྲིམས་ལ་བརྟེན་ནས་སྲིད་འཛིན་དབང་ཆ་ཡོད་པའི་རྩ་འཛུགས་མ་ལག་ཅིག་ཡིན།

2 ཁྱད་ཆོས།

གཅིག དམིགས་ཡུལ་གྱི་ཐད་ནས་བལྟས་ན། སྲིད་གཞུང་བྱ་སྤྱོད་ནི་སྤྱི་བའི་ཁེ་ཕན་ཞབས་ཞུའི་དམིགས་ཡུལ་དུ་འཛིན་པ་དང་།  གྲལ་རིམ་སྤྱི་ཚོགས་ཁྲོད་དེས་དབང་བསྒྱུར་གྲལ་རིམ་གྱི་ཁེ་ཕན་ཞབས་ཞུའི་དམིགས་ཡུལ་དུ་བཟུང་ཡོད། 

གཉིས།  ཁྱབ་ཁོངས་ཀྱི་ཐད་ནས་བལྟས་ན།   སྲིད་གཞུང་བྱ་སྤྱོད་ནི་གཙོ་བོ་སྤྱི་བའི་ཁྱབ་ཁོངས་སུ་བྱུང་བ་ཡིན། 

གསུམ།  བྱ་སྤྱོད་ཀྱི་ཐད་ནས་བལྟས་ན།  སྲིད་གཞུང་བྱ་སྤྱོད་ནི་བཙན་ཤེད་ཀྱི་བྱེད་ཐབས་རྒྱབ་རྟེན་བྱས་ཏེ་སྤྱི་ཚོགས་རྩ་འཛུགས་སྟེང་གི་དབང་གྲགས་རང་བཞིན་དང་བཙན་ཤུགས་ཀྱི་ཐོག་ཏུ་སྡོད་པ་ཡིན། 

བཞི།  རྩ་འཛུགས་ཀྱི་མ་ལག་ཐད་ནས་བལྟས་ན།  སྲིད་གཞུང་སྡེ་ཁག་ལ་སྤྱི་ཡོངས་རང་བཞིན་ལྡན་པ་ཡིན། 

3 དགོངས་དོན།

ཀྲུང་གོ་སྲིད་གཞུང་གི་དགོངས་དོན་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་ཡིན།

4 རྩ་དོན།

སྲིད་གཞུང་གིས་མི་དམངས་ལ་འགན་ཁུར་བ་གཞི་རྩའི་རྩ་དོན་དུ་འཛིན་པ་ཡིན་ལ། རྒྱུ་མཚན་ནི་ཀྲུང་གོ་ནི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་།  ངོ་བོ་ནི་མི་དམངས་ལ་རང་ཁྱིམ་རང་བདག་གི་དབང་ཆ་ཡོད་པ་དང་།  སྲིད་གཞུང་གི་དབང་ཆ་ནི་མི་དམངས་ཀྱིས་གནང་བ་ཡིན།  དེ་བས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་རྩ་དོན་གཞིར་བཟུང་བ་དང་།  མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་སྤྱོད་པ་རྒྱུན་འཁྱོངས་བྱེད་པ། དྲང་བདེན་སྐྱོང་བའི་བྱ་བའི་སྤྱོད་ཚུལ་སྐྲུན་པ།  མང་ཚོགས་ཁྲོད་དུ་ཕེབས་ནས་མང་ཚོགས་ཁྲོད་དུ་བསྐྱོད་པའི་བྱ་བའི་བྱེད་སྟངས་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན། 

5 འགན་ནུས།
5_1 ཆབ་སྲིད།

ཆབ་སྲིད་ཀྱི་འགན་ནུས་ནི་མི་དམངས་དམངས་གཙོ་ལ་འགན་སྲུང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ནུས་ལ་སྲུང་སྐྱོང་བྱེད་པ་དེ་ཡིན། 

5_2 དཔལ་འབྱོར།

དཔལ་འབྱོར་འགན་ནུས་ནི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་སྤྱི་ཚོགས་དཔལ་འབྱོར་འཚོ་བར་དོ་དམ་བྱེད་པའི་འགན་ནུས་ལ་ཟེར། རང་རྒྱལ་གྱི་སྲིད་གཞུང་གི་དཔལ་འབྱོར་འགན་ནུས་བཞི་ནི་དཔལ་འབྱོར་སྙོམ་སྒྲིག་གི་འགན་ནུས་དང་སྤྱི་བའི་ཞབས་ཞུ།  ཁྲོམ་རའི་ལྟ་སྐུལ། སྤྱི་ཚོགས་དོ་དམ་བཅས་བཞི་ཡིན།

5_3 རིག་གནས།

རིག་གནས་འགན་ནུས་ལ་ཕྱོགས་གཉིས་ཡོད་དེ།  གཅིག  སྲིད་གཞུང་གིས་མར་ཁེ་སི་རིང་ལུགས་ཚན་རིག་གཞུང་ལུགས་དྲིལ་བསྒྲགས་བྱེད་པ།  གཉིས།  སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་སློབ་གསོ་དང་ཚན་རྩལ།  རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་བྱེད་སྒོ་སྤེལ་བ། 

5_4 ཞབས་ཞུ།

སྤྱི་ཚོགས་སྤྱི་བའི་ཞབས་ཞུ་འགན་ནུས་ནི་རྒྱལ་ཁབ་ཀྱིས་སྤྱི་བའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་སྤྱི་ཚོགས་དོ་དམ་གྱི་འགན་ནུས་ལེགས་བཅོས་སུ་གཏོང་བ་ཡིན།  སྲིད་གཞུང་གི་སྤྱི་ཚོགས་འགན་ནུས་གཙོ་བོ་ལ།  གཅིག  སྤྱི་ཚོགས་ཀྱི་བགོ་བཤའ་སྙོམ་སྒྲིག་དང་སྤྱི་ཚོགས་འགན་སྲུང་རྩ་འཛུགས་བྱེད་པའི་འགན་ནུས། གཉིས། སྐྱེས་ཁམས་ཁོར་ཡུག་དང་རང་བྱུང་ནུས་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འགན་ནུས།  གསུམ།  སྤྱི་ཚོགས་རང་བཞིན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི་འགན་ནུས། བཞི།  མི་འབོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་འཆར་ལྡན་བུ་སྐྱེས་ལག་བསྟར་བྱེད་པའི་འགན་ནུས།  ལྔ།  ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད།   གསར་གཏོད་སྣེ་ཁྲིད་བཅས་ཡིན།

6 རིགས་དབྱེ།
6_1 ཀྲུང་དབྱང་སྲིད་གཞུང་།
6_2 ས་གནས་སྲིད་གཞུང་།

1.རྫོང་རིམ་པའི་ཡན་ཆད།

2.གྲོང་རྡལ་རིམ་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།