སྡེབ་བསྐྱལ་ལྟེ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡེབ་བསྐྱལ་ལྟེ་གནས།
སྡེབ་བསྐྱལ་ལྟེ་གནས་ནི་མཇུག་སྣེའི་སྤྱོད་མཁན་གྱི་དངོས་ཟོག་སྔོན་མངག་ཆ་འཕྲིན་དང་ལེན་དང་ཐག་གཅོད་བྱེད་པ། ཆུ་བོའི་སྟོད་རྒྱུད་ནས་སྐྱེལ་འདྲེན་བྱས་ནས་ཡོང་བའི་ཚོང་ཟོག་སྣ་མང་ལ་དབྱེ་བ་འབྱེད་པ་དང་། སྤྱོད་མཁན་གྱིས་དངོས་ཟོག་སྔོན་མངག་བྱས་པའི་རེ་བ་དང་བསྟུན་ནས་འདེམས་སྒྲུག་དང་ལས་སྣོན་སོགས་བྱས་ཏེ་སྐྱེལ་འདྲེན་བྱེད་པའི་སྒྲིག་བཀོད་དང་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
配送中心
ཕྱི་ཡིག་གི་མིང་།
distribution center
ནང་དོན།
ལས་སྣོན་བྱེད་པ་དང་དོ་དམ། དབྱེ་བ་འབྱེད་པ་སོགས།
བྱེད་ནུས།
གཞི་ཁྱོན་ཆེ་བའི་ཕན་འབྲས་འབྱུང་བ།
1 ངོ་སྤྲོད།

སྡེབ་བསྐྱལ་ལྟེ་གནས་ནི་མཇུག་སྣེའི་སྤྱོད་མཁན་གྱི་དངོས་ཟོག་སྔོན་མངག་ཆ་འཕྲིན་དང་ལེན་དང་ཐག་གཅོད་བྱེད་པ། ཆུ་བོའི་སྟོད་རྒྱུད་ནས་སྐྱེལ་འདྲེན་བྱས་ནས་ཡོང་བའི་ཚོང་ཟོག་སྣ་མང་ལ་དབྱེ་བ་འབྱེད་པ་དང་།  སྤྱོད་མཁན་གྱིས་དངོས་ཟོག་སྔོན་མངག་བྱས་པའི་རེ་བ་དང་བསྟུན་ནས་འདེམས་སྒྲུག་དང་ལས་སྣོན་སོགས་བྱས་ཏེ་སྐྱེལ་འདྲེན་བྱེད་པའི་སྒྲིག་བཀོད་དང་སྡེ་ཁག་ཅིག་ཡིན།

2 ནུས་པ།

གཅིག  ཉོ་ཚོང་གི་ཐེངས་གྲངས་དང་རྒྱུན་འཁོར་ལྷུ་ཚིགས་ཇེ་ཉུང་དུ་གཏོང་བ། 

གཉིས།  གཞི་ཁྱོན་ཆེ་བའི་ཕན་འབྲས་ཐོན་པ། 

གསུམ།  ཚོང་འགྲུལ་པའི་མཛོད་ཉར་ཉུང་དུ་གཏོང་བ་དང་མཛོད་ཉར་འགན་ལེན་ཚད་མཐོར་འདེགས་སུ་གཏོང་བ།

བཞི། བཟོ་གྲྭ་མང་པོ་ཞིག་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཚོང་ཟོག་གི་སྤུས་ཀ་ཚོད་འཛིན་བྱེད་པ།

ལྔ། སྡེབ་བསྐྱལ་ལྟེ་གནས་ནི་དེང་རབས་གློག་རྡུལ་ཚོང་དོན་བྱེད་སྒོའི་ཁྲོད་སྡེབ་བསྐྱལ་བྱེད་སྒོ་སྤེལ་བའི་དངོས་པོའི་ལག་རྩལ་རྨང་གཞི་ཡིན།

3 ཉོ་སྒྲུབ།

སྡེབ་བསྐྱལ་ལྟེ་གནས་ཀྱིས་ངེས་པར་དུ་ཐོག་མར་མཁོ་བའི་སྡེབ་བསྐྱལ་མཁོ་འདོན་གྱི་ཚོང་རྫས་ཉོ་སྒྲུབ་བྱ་དགོས་ཤིང་།   དེ་ལྟར་བྱས་ན་ད་གཟོད་དུས་ཐོག་ནོར་བ་མེད་པར་བེད་སྤྱོད་བྱེད་མཁན་དང་ཐོན་སྐྱེད་ཁེ་ལས་སམ་ཡང་ན་ཚོང་ལས་ཁེ་ལས་ལ་དངོས་ཟོག་མཁོ་འདོན་བྱ་ཐུབ་པ་ཡིན།   སྡེབ་བསྐྱལ་ལྟེ་གནས་ཀྱིས་ཚོང་རའི་འདོན་སྤྲོད་དང་དགོས་མཁོ་ཡི་གནས་ཚུལ་འགྱུར་ལྡོག་གཞིར་བཟུང་ནས།   གཅིག་གྱུར་དང་ཆ་ཚང་བའི་ཉོ་སྒྲུབ་འཆར་གཞི་སྒྲིག་བཟོ་བྱ་བ་མ་ཟད་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ།   ཆེད་ལས་ཀྱི་མི་སྣ་དང་སྡེ་ཁག་གིས་རྩ་འཛུགས་ལག་བསྟར་བྱ་བ་ཡིན།

4 ཞབས་ཞུ།

ཚོང་འགྲུལ་པའི་དགོས་མཁོ་ལྟར་སྡེབ་བསྐྱལ་ཞབས་ཞུ་སྤེལ་བ་དང་།  དེ་ལས་གཞན་སྡེབ་བསྐྱལ་ལྟེ་གནས་ལ་ད་དུང་ལས་སྣོན་བྱེད་ནུས་དང་སྐྱེལ་འདྲེན་བྱེད་ནུས། ཆ་འཕྲིན་བྱེད་ནུས།  དོ་དམ་བྱེད་ནུས་སོགས་ཀྱི་ནུས་པ་ལྡན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།