སྐམ་བཀྲུས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐམ་བཀྲུས་ཁང་།
སྐམ་བཀྲུས་ཁང་ནི་ཆེད་དུ་མི་དམངས་ལ་ལྭ་བ་གཙང་འཁྲུད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཚོང་ལས་ཀྱི་རྣམ་པ་ཞིག་ཡིན་ཞིང་། སྐམ་བཀྲུས་ཞབས་ཞུ་ལས་རིགས་ཀྱིས་རང་ཉིད་ཀྱིས་གསར་སྤེལ་བྱས་པའི་ཐོན་རྫས་མ་ལག་དང་ཞབས་ཞུའི་མ་ལག ལག་རྩལ་མ་ལག ཚོང་རྟགས་མ་ལག་སོགས་ཞབས་ཞུ་རང་བཞིན་གྱི་རྣམ་པའི་སྒོ་ནས་གཙང་མ་ཡིན་པ་དང་ཡང་བསྐྱར་གྱོན་ཆོག་པའི་ལྭ་བ་རུ་འགྱུར་བར་བྱས་ནས་ལྭ་བ་བཀོལ་སྤྱོད་བྱེད་པའི་དུས་ཡུན་ཇེ་རིང་དུ་གཏོང་བ་དང་། གྱོན་ཆས་ཀྱི་མཐོང་སྣང་མཛེས་པོ་ལ་ཁག་ཐེག་བྱ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
干洗店
ཕྱི་ཡིག་གི་མིང་།
Dry cleaners
ཞབས་ཞུ་བྱ་ཡུལ།
མང་ཚོགས།
ཚོང་གཉེར་གྱི་རྣམ་པ།
ཚོང་རྟགས་མནའ་ཞུགས་སམ་ཡང་ན་ཐད་གཉེར།
1 ངོ་སྤྲོད།

སྐམ་བཀྲུས་ཁང་ནི་ཆེད་དུ་མི་དམངས་ལ་ལྭ་བ་གཙང་འཁྲུད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཚོང་ལས་ཀྱི་རྣམ་པ་ཞིག་ཡིན་ཞིང་། སྐམ་བཀྲུས་ཞབས་ཞུ་ལས་རིགས་ཀྱིས་རང་ཉིད་ཀྱིས་གསར་སྤེལ་བྱས་པའི་ཐོན་རྫས་མ་ལག་དང་ཞབས་ཞུའི་མ་ལག  ལག་རྩལ་མ་ལག  ཚོང་རྟགས་མ་ལག་སོགས་ཞབས་ཞུ་རང་བཞིན་གྱི་རྣམ་པའི་སྒོ་ནས་གཙང་མ་ཡིན་པ་དང་ཡང་བསྐྱར་གྱོན་ཆོག་པའི་ལྭ་བ་རུ་འགྱུར་བར་བྱས་ནས་ལྭ་བ་བཀོལ་སྤྱོད་བྱེད་པའི་དུས་ཡུན་ཇེ་རིང་དུ་གཏོང་བ་དང་།   གྱོན་ཆས་ཀྱི་མཐོང་སྣང་མཛེས་པོ་ལ་ཁག་ཐེག་བྱ་བ་ཡིན།

2 ཁྱད་ཆོས།

སྐམ་བཀྲུས་ཁང་ནི་ལས་རིགས་གཞན་པ་དང་བསྡུར་ན་སྒྲིག་ཆས་མ་དངུལ་ངེས་པར་དུ་ཐེངས་གཅིག་ལ་ནང་དུ་འཇོག་དགོས།  ཚོང་འགོ་ཚུགས་པ་ནས་བཟུང་ཤོག་སྒོར་གྱི་ཁེ་སྤོགས་ཡོད་ལ་ལས་རིགས་གཞན་པ་དང་མི་འདྲ་བར་བུ་ལོན་ཆད་པ་དང་ཚོང་ཟོག་དུས་ལས་ཡོལ་བ་སོགས་ཀྱི་གནས་ཚུལ་འབྱུང་མི་སྲིད། འདི་ནི་སྐམ་བཀྲུས་ཁང་གི་ཅུང་མངོན་གསལ་ཡིན་པའི་ཁྱད་ཆོས་ཤིག་ཡིན།  ད་དུང་གཅིག་ཡོད་པ་ནི་ཅུང་མང་བའི་མ་དངུལ་འཁོར་རྒྱུག་མི་དགོས་པ་རེད། 

ཆེད་ལས་རང་བཞིན་གྱི་ལྭ་བ་གཙང་འཁྲུད་བྱེད་པའི་ལག་རྩལ་དང་དབུར་ཏི་རྒྱག་པའི་ལག་རྩལ། སྤུས་ལེགས་ཀྱི་ཞབས་ཞུའི་རྣམ་པ་ཡོད་པས།  འགྲུལ་པ་རྣམས་ཀྱིས་འཛད་སྤྱོད་བྱས་ནའང་ང་ཚོའི་ཆེད་ལས་རང་བཞིན་ཚོར་ཐུབ་པ་ཡིན། 

3 གཉེར་སྐྱོང་གི་ཐབས་ཇུས།

གཅིག  ངེས་པར་དུ་རྐང་འཛིན་བྱེད་མཁན་ཞིག་ཡོད་དགོས།  ཚོང་རའི་འགྲན་རྩོད་ཆེ་བའི་དེང་གི་དུས་འདིར།  སྐམ་བཀྲུས་ཁང་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ངེས་པར་དུ་རྐང་འཛིན་མི་སྣ་ཞིག་ཡོད་དགོས་ཤིང་།  རྐང་འཛིན་མི་སྣ་འདི་ལ་ངེས་པར་དུ་ཚོང་ལས་ཀྱི་ཚོར་སྣང་སྐྱེན་པོ་ཞིག་ཡོད་དགོས།  

གཉིས།  སྐམ་བཀྲུས་ཁང་གི་ཁྱད་ནུས་འདོན་སྤེལ་བྱེད་ཐུབ་དགོས།   ཁྲོམ་རའི་ཁྲོད་སྐམ་བཀྲུས་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཚོང་ཁང་མང་པོ་ཡོད་པས་འགྲན་རྩོད་ཧ་ཅང་ཆེ།  དེ་བས་ཁྱོད་ཀྱི་སྐམ་བཀྲུས་ཁང་གི་གཉེར་སྐྱོང་དང་ཞབས་ཞུ་ལ་གསར་བཟོ་རང་བཞིན་ལྡན་དགོས་པ་དང་།  གཞན་དང་མི་མཐུན་པའི་ཁྱད་ཆོས་ཡོད་དགོས། 

གསུམ།  ཚད་ལྡན་གྱི་ཁེ་སྤོགས་ཁག་ཐེག་བྱེད་དགོས།    སྐམ་བཀྲུས་ཁང་གི་རྒྱུན་ལྡན་གྱི་གཉེར་སྐྱོང་ལ་ཁག་ཐེག་བྱེད་པ་ལས་གཞན་ཚད་ངེས་ཅན་གྱི་ཁེ་སྤོགས་ཀྱང་ཡོད་དགོས།  

བཞི། ཚོང་བྲིན་པའི་དུས་སྐབས་དམ་འཛིན་བྱེད་དགོས།   ཚོང་ཁང་གང་ཞིག་ཡིན་ནའང་།  གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བྲིན་པའི་དུས་སྐབས་དང་རྒྱུག་པོ་མེད་པའི་དུས་གཉིས་ཡོད།  ཚོང་བྲིན་པའི་དུས་སྐབས་དང་རྒྱུག་པོ་མེད་པའི་དུས་སྐབས་ལ་སྐམ་བཀྲུས་ཁང་གི་གཉེར་སྐྱོང་གི་གྲུབ་འབྲས་ལ་བར་ཁྱད་ཆེན་པོ་ཡོད།   དགུན་དུས་ནི་སྐམ་བཀྲུས་ཁང་གི་ཚོང་བྲིན་པའི་དུས་སྐབས་ཡིན་པས་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་དུས་སྐབས་དེ་དམ་འཛིན་བྱེད་དགོས། 

4 སྒྲིག་ཆས་མ་ལག

གཅིག  སྐམ་བཀྲུས་སྒྲིག་ཆས་མ་ལག

གཉིས།  དབུར་ཏི་རྒྱག་པའི་མ་ལག

གསུམ།  དུག་སེལ་མ་ལག

བཞི།  ཐུམ་རྒྱག་མ་ལག་བཅས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།